18 Mar 2016
1 min 57 sec
- སོ། རྨ་བྱ་ཁྱོད་ནི་ཡོང་ཡོང་།
- ས་ཕྱོགས་གང་ནས་ཕེབས་ཡོང་།
- ཡ་ལ་ས་ཕྱོགས་གང་ནས་ཡོང་བ།
- སོ། རྨ་བྱ་ང་ནི་ཡོང་བ།
- རྒྱ་ཀར་ཤར་ནས་ཡོང་བ།
- ཡ་ལ་ནས། རྒྱ་ཀར་ཤར་ནས་ཡོང་བ།
- སོ། ཁུ་བྱུག་ཁྱོད་ནི་ཡོང་ཡོང་།
- ས་ཕྱོགས་གང་ནས་ཡོང་བ།
- ཡ་ལ་ས་ཕྱོགས་གང་ནས་ཡོང་བ།
- སོ། ཁུ་བྱུག་ང་ནི་ཡོང་བ།
- མོན་ཡུལ་ཕྱོགས་ནས་ཡོང་བ།
- ཡ་ལ་ནས་མོན་ཡུལ་ཕྱོགས་ནས་ཡོང་བ།
- སོ། གླུ་བ་ཁྱོད་ནི་ཡོང་ཡོང་།
- ས་ཕྱོགས་གང་ནས་ཡོང་བ།
- ཡ་ལ་ས་ཕྱོགས་གང་ནས་ཡོང་བ།
- སོ། གླུ་བ་ང་ནི་ཡོང་ཡོང་།
- གླིང་དཀར་སྟོད་ནས་ཡོང་བ།
- ཡ་ལ་ནས་གླིང་དཀར་སྟོད་ནས་ཡོང་བ།