18 Mar 2016
2 min 5 sec
- ཕྱུག་པོའི་ཕ་མ་ཤེར་ཁང་ནང་ནས་གཟིམས།
- མེད་པོའི་ཕ་མ་གྱང་ཆག་རྩ་ནས་གཉིད།
- བྱམས་ལྡན་ཕ་མའི་བརྩེ་བ་འདྲ་འདྲ་རེད།
- རྒྱུ་དང་འབྱོར་བ་མེད་ན་དཀའ་མོ་རེད།
- དཀའ་མོ་རེད།
- ཕྱུག་པོའི་བུ་མོའི་ལུས་ལ་གསེར་དངུལ་བཏགས།
- མེད་པོའི་བུ་མོའི་ལུས་ལ་ར་རྩག་དྲུད།
- ལག་དང་ལས་དཀའ་ཡོད་ལུགས་འདྲ་འདྲ་རེད།
- རྒྱུ་དང་འབྱོར་བ་མེད་ན་དཀའ་མོ་རེད།
- དཀའ་མོ་རེད།
- ཕྱུག་པོའི་བུ་ཕྲུག་གྲོང་ཁྱེར་སློབ་གྲྭ་འགྲིམས།
- མེད་པོའི་བུ་ཕྲུག་ནོར་ལུག་རྗེས་ན་འདུར།
- བློ་དང་རིག་པ་ཡོད་ལུགས་འདྲ་འདྲ་རེད།
- རྒྱུ་དང་འབྱོར་བ་མེད་ན་དུ་དཀའ་མོ་རེད།
- དཀའ་མོ་རེད།
- བློ་དང་རིག་པ་ཡོད་ལུགས་འདྲ་འདྲ་རེད།
- རྒྱུ་དང་འབྱོར་བ་མེད་ན་དུ་དཀའ་མོ་རེད།
- དཀའ་མོ་རེད།