17 Mar 2016
59 sec
- སྟོད་ནི་ཡོས་ནས་བྱ་བརྒྱ་འཕུར་ཐ།
- དེའི་ནི་གྲབས་ན་རྨ་བྱ་མེད་གི
- བྱ་ནི་རྨ་བྱ་ཡོད་ན་ནོར་ཡ་མེད།
- སྒྲོ་ནི་ཐིག་ལེ་འབབ་སྟངས་ཁ་ཁ་རེད།
- ཐད་ནི་ཀན་གི་རྟ་བརྒྱ་ཤར་ཐ།
- དེའི་ནི་ནང་ན་གྱི་ལང་མེད་གི
- རྟ་ནི་གྱི་ལིང་ཡོད་ན་ནོར་ཡ་མེད།
- རྐང་ནི་རྨུག་བཞིའི་སྐོར་སྟངས་ཁ་ཁ་རེད།
- སྨད་ནི་མོས་ནས་རོགས་བརྒྱ་བུད་ཐ།
- དེའི་ནི་གྲབས་ན་ཆུང་འདྲེས་མེད་གི
- རོགས་ནི་ཆུང་འདྲིས་ཡོད་ན་ནོར་ཡ་མེད།
- ཁྲ་ནི་གོ་རེ་ལྟ་སྟངས་ཁ་ཁ་རེད།
- ཁྲ་ནི་གོ་རེ་ལྟ་སྟངས་ཁ་ཁ་རེད།