17 Mar 2016
1 min 17 sec
- ཕ་རིའི་སྤང་གི་སྟེང་ན།
- མེ་ཏོག་དཀར་སེར་དམར་ལྗང་།
- རང་སེམས་དགའ་བའི་མེ་ཏོག
- མཛུབ་གུ་བཙུགས་ནས་བཞག་ཡོད།
- ཆུང་འདྲིས་ཁྱེད་ལ་ཅི་དགོས།
- འདི་དགོས་ང་ལ་ཤོད་དང་།
- ནམ་མཁའི་སྐར་མ་དགོས་རུང་།
- སྤྲིན་འཇའ་བཙུགས་ནས་བླངས་ཡོང་།
- ཁྱེད་ནི་ཆུ་བོའི་ཕ་རོལ།
- ང་ནི་ཆུ་བོའི་ཚུལ་རོལ:
- སྒང་གསུམ་དར་ཟམ་ཆགས་དུས།
- འཕྲད་པའི་གོ་སྐབས་ལོས་ཡོད།
- ང་ནི་ཁྱེད་ལ་དགའ་དགའ།
- ཁྱོད་ནི་ང་ལ་དགའ་དགའ།
- ངེད་གཉིས་ཕར་དགའ་ཚུར་དགའ།
- འཛམ་གླིང་གཡས་སྐོར་རྒྱགས་འགྲོ།
- ངེད་གཉིས་ཕར་དགའ་ཚུར་དགའ།
- འཛམ་གླིང་གཡས་སྐོར་རྒྱགས་འགྲོ