Video Overview
༉ གླུ་གཞས་ ཨོ་མོ་ཨོ་མོ་མ་ཎི་པདྨེ་ཧཱུཾ་ཟེར་ བཀྲ་ཤིས་སྒང་དགའ་གླིང་ལས་ ཆོས་སྐྱིད་དང་ཆོས་སྒྲོན་གཉིས་ཀྱིས་འཐེན་ཏེ་འདུག ཨོ་མོ་ཨོ་མོ་མ་ཎི་པདྨེ་ཧཱུཾ་ཟེར་བའི་གླུ་གཞས་འདི་ གདངས་དབྱངས་ཀྱི་གཞི་གཅིག་ལུ་ ཚིག་མ་འདྲཝ་ལེ་ཤ་འཐེན་ནི་ཡོདཔ་ཨིན། ཁོང་གཉིས་ཀྱིས་འཐེན་མི་འདི་བཟུམ་ཅིག་འབད་བ་ཅིན་ བཀྲ་ཤིས་སྒོ་མང་འདྲ་བའི་ཁང་ཁྱིམ་དང་ ཡབ་ཡུམ་གསེར་གྱི་མཆོད་རྟེན་དང་གཡུ་ཡི་མཎྜལ་ སྲས་སྲསམོ་ཉིམ་དང་ཟླ་བ་བཟུམ་ཡོད་རུང་ མཐའ་མཇུག་ལུ་སྙིང་པོ་ག་ནི་ཡང་མེདཔ་ལས་ དེ་ཚུ་ག་ར་བཀོ་བཞག་སྟེ་ དམ་པའི་ཆོས་ལུ་འགྱོ་ནི་ཨིན་པའི་སྐོར་ལས་འཐོན་ནི་འདུག།
Choki and Choden from Galing in Trashigang District sing the song “Omo Omo Mani Padmed Hum.” Among the different versions of lyrics to this song, the one sung in this video addresses the impermanence of life. For the sake of practicing the Dharma the character in the song leaves behind Tashi Gomang Stupa like he would leave behind his own house, gold like his own father, turquoise like his own mother, the sun like his own son, and the moon like his own daughter.
- Shongphu