Skip to main content Skip to search
03 Feb 2016
13 min 56 sec
Video Overview
Creators: 
Dawa Tshering, Thinley Dorji

Naku narrates a story about Genyen (Thimphu valley local deity) mask dance performed during the Thimphu Dromchoe or Drupchoe festival. The dance of the three different masks showcase Genyen Yab-Yum dances dedicated to father Genyen, Mother Genyen and Genyen himself. The Genyen Yab-Yum mask dances is believed to be introduced by Thimphu Dzongpon (District lord) Kuenzang Thinley to protect the people from misfortune and did not have any more sons with local women. Because Ap Genyen (local deity) takes local women, where illegitimate child was born from him.

 

གནག་ཀུ་གིས་ འབྲུག་རྒྱལ་ཁབ་ཀྱི་ བཀའ་སྲུང་ཆེན་མོ་ དགེ་བསྙེན་ཇག་པ་མེ་ལེན་གྱི་ ལོ་རྒྱུས་སླབ་ཨིནམ་ད་ ཐིམ་ཕུག་སྒྲོམ་མཆོད་ཀྱི་སྐབས་སུ་ཡང་ དགེ་བསྙེན་ཡབ་ཡུམ་གྱི་ སྐུ་འཆམ་ཟེར་ཕུལ་ནི་ཡོད། དགེ་བསྙེན་ཡབ་ཡུམ་གྱི་སྐུ་འཆམ་འདི་ མི་ཚུ་ལུ་བྱ་སྟབས་མ་བདེཝ་བཀག་ནི་དང་ ཨམ་སྲུ་ཚུ་ལས ་དགེ་བསྙེན་གྱི་འབྲང་མི་སྐྱེ་ནིའི་ཐབས་ལུ་ ཐིམ་ཕུག་རྫོང་དཔོན་ ཀུན་བཟང་འཕྲིན་ལས་ཀྱིས་ གཞི་བཙུགས་མཛད་གནང་གནངམ་མས། 

 

Transcript search
No results found for this search
0 of 0
  • སྣ་ཀོ། Nako
    ཧེ་མ་ལས་ རྣ་རྒྱུན་གོ་གོཝ་མས་ རྣ་རྒྱུན་གོཝ་ཟེར་ མ་པ་ཁོ་གི་ཁྱིམ་འདི་ མར་ཛི་རོ་ལམ་ཁ་འབྱེལཨིན་མས་པ་ཏེ་ མར་འགྱམ་རྡོ་འོགམ་དང་ས་ཚུ་གི་བར་ནང་ གངམ་མིན་འདུག་སྤ། ཏེ་ཁོ་རིག་པ་ ངོ་རིས་ལས་བཅད་རུང་ ངོ་རིས་ ཁོ་ཨམ་སྲུ་གིས་ དགོནམ་ཚེ་རིང་བུ་བཟུམ་སྦེ་ ཨམ་སྲུ་བཟོ་བ་ཅིན་ ཨམ་སྲུ་བས་ཡང་ ཁོ་བྱ་རིཝ་སྦེ་ཡོད་དོ་མས་ཏེ། རོགས་ བྱིན་གྱིས་བརླབས་ཏེ་གིས་མི།
    ()
  • སྣ་ཀོ། Nako
    གནམ་མེད་ས་མེད་ས་རིསམོ་སྦེ་ ཨམ་སྲུ་དང་ཕོ་རྒས་མ་ཤེསཔ་སྦེ་ རོགས་ཨམ་སྲུ་མ་འདྲ་བཞིན་ར་འགྱོ་དོཝ་མས། ཏེ་དེ་ལས་ཏེ་ ཁོ་གིས་ ཁོ་ནཱ་ལས་མར་ ཨམ་སི་སི་ཕྱུག་མའི་གནའམ་འབད་ནི་སྦེ་ཏེ་ ཁོ་གིས་ གནས་སྐབས་བཏོན་ཏེ་ མོ་རྒྱུ་ཕྱེད་ཀྲམ་ལས་བཅད་རུང། རྟ་ནོར་སེམས་ཅན་ལས་བཅད་རུང་། གཞི་གནས་ཁང་གསུམ་ལས་བཅད་རུང་། སི་སི་ཕྱུགམ་ཟེར་ཚད་ཏེ་ ད་ལྟོ་བར་ཡང་ མིང་ཅན་སྦེ་ཡོད་སྨོ་ཤིག།
  • སྣ་ཀོ། Nako
    དང་ཕུགས་དེ་འདི་ཏེ་ ལོ་རྒྱུས་སླབ་ས་མིན་ནུག། གནམ་མེད་ས་མེད་ཕྱུགཔ་མས་ཏེ་རོགས། ཏེ་ཡར་ མོ་གི་རྒྱུ་ཕྱེད་ཀྲམ་འདི་ ང་གིས་དབང་གེ་མནོ། ང་དགོ་པས་མནོ། ཁོ་གིས་ གནས་སྐབས་འགྱིར་ ཏེ་ཁོ་གིས་ ཕར་ཤར་ལུ་ཡང་ ཁོ་གི་ལྟ་ལྟོ་ཚང་། རྣཝ་དག་ཏོག་ཏོག། སླབ་ཤེས་ཉན་ཤེས། མི་ངར་ཡེང་ཡེ་ཡོདཔ་མས་ ཕར་ཤར་ལུ་ཡང། ཏེ་ཁོ་གིས་ འ་ནཱི་དང་ཡང་ མདུད་ཕུད་བཏབ་ མདུད་ཕུད་བཏབ་བཞག་འབད་སྦེ་ ང་མར་སི་སི་ཕྱུགམ་དང་ བློ་འ་ནཱེ་སྦེ་སླབ་ མོ་འ་ནཱེ་སྦེ་འབད་ནི་ཨིན། ཁྱོད་ལུ་ཡང་ ང་གིས་ མ་ཕམ་སྦེ་བྱིན་འོང་ཟེར།
  • སྣ་ཀོ། Nako
    ཁྱེད་ངེ་གི་ཆ་རོགས་འབད་དགོ་སྨ་རེ་ཟེར་ ཤར་ལུ་ ཕོ་རྒས་ཅིག་དང་ ཁོ་ བློ་སླབ་བཞག་འབད་སྦེ་ ཏེ་ཁོ་གིས་ཕར་ དཀྱི་ར་དཀྱིས་ རས་ཅུ་མཐའ་མར་བུད་དཀྲ་ འ་ནཱེམ་སྐྱོར་འབད་སྦེ་ ཉིམ་གཟར་གང་ ལ་དང་སྦྲགས་ཁམ་གཅིག་ཁར་ཏེ་ ཁོ་གིས་ མར་ཨམ་སི་སི་ཕྱུག་མའི་ སྒོ་ཁར་སོང་སོངམ་མས། ཨ་མ་ ཨམ་སི་སི་ཕྱུག་མ་ ཨམ་སི་སི་ཕྱུག་མ་ཟེར་བའི་ལོ། ཏེ་ཡར་ལས་མར་ ཨ་ནཱེ་སྦེ་ བལྟཝ་མས་ཟེར་བའི་ལོ། དབའེ་ བུ་མོ་ག་ཅི་སྨོ་ ག་ཅི་སླབ་ནི་ཡོདཔ་ཟེར་ སླབ་སླབ་མས།
  • སྣ་ཀོ། Nako
    ཏེ་ ང་ད་འགྱོ་བ་ རང་ཨམ་སྲུ་བུ་ཚ་སྦེ་ འགྱོ་བ་ཐག་རིང་ས་ ང་གིས་ ག་ཏེ་ཡང་མི་ལྷོད་པས། ད་ཉིམ་འདི་ ལ་དང་སྦྲགས་ཆེ་ཡི། ཨ་མ་ ཏེ་ང་ད་རེས་ གནསཔོ་ཅིག་ ནཱ་གཉའ་སྡོད་དགོ་པས། ཏེ་ ནངས་པར་དྲོ་པ་འགྱོ་དགོ་པས། ད་ད་རེས་ གནསཔོ་ནཱ་ཨ་མ་གིས་ བཞག་བཏུབ་པ་ཅིན་ ནཱ་སྡོད་དགོ་པས་ཟེར་བའི་ལོ།
  • སྣ་ཀོ། Nako
    ཁྱོད་ཆ་རོགས་མེད་ག ཁྱོད་ར་གཅིག་ར་ཨིན་ན་ཟེར་བའི་ལོ། ཨིན་ཨིན་ཨ་མ་ ང་ར་གཅིག་རང་ཨིན། ཆ་རོགས་ཡང་མེད། ཆ་རོགས་ར་ཡོདན་འདི་ ཏེ་ང་ག་མནོ་སར་ ད་ལྟོ་རང་ཡར་འགྱོ་བ་ཟེར་བའི་ལོ། འེང་་་ཏེ་ཨམ་སྲུ་བུ་ཚུ་ཨིན་མས། ད་འདྲོག་ཡང་འདྲོག་ རང་ལོ་རོགས་ལོ་མེད། ཏེ་ཨམ་སྲུ་བུ་ཚུ་འདི་ཏེ་ ནམ་ལྟོ་ནུབ་མོ་འགྱོ་བ་ཅིན་ཏེ་ ད་ལེགས་ཤོམ་མེན་ སྡོད་ནི་ར་མམ་ ཡ་ཡ་ཟེར།
    ?
  • སྣ་ཀོ། Nako
    ཏེ་ཡར་ཁྱིམ་ནང་བསྐྱལ་ དེ་ལས་ཏེ་ ཇ་བྱིན་དེམ་འབད་སྦེ་ ཏེ་དེ་ལས་ ཕྱི་རུ་ཨམ་སི་སི་ཕྱུགམ་དང་ མོ་བློ་སླབ་ དེ་ལས་ཏེ་ ཨམ་སི་སི་ཕྱུངམ་གྱིས་ སླབ་སླབ་མས། ཏེ་ཁྱོད་ ནཱ་ལས་ཚུ་ ནཱེ་སྦེ་ བཤལ་འོང་དགོ་པའི་ཁུངས་ཅིག་འོང་། ཏེ་ཁུངས་མེད་པ་ཏེ་ ཁྱོད་ནཱེ་སྦེ་མི་འོང་ ཏེ་འ་ནཱི་ཁུངས་ཅིག་ དོན་དག་ཅིག་ ད་ང་གིས་ཡང་ ཁྱོད་གནསཔོ་གཉའ་བྱིན་ཡི། ཁྱོད་ཀྱིས་ཡང་ འ་ནཱི་ ཧིང་སངས་ས་སྦེ་ ང་འ་ནཱེ་སྦེ་ འོང་དགོ་པའི་ཁུངས་འདི་ ཨ་ནཱེ་སྦེ་ཨིན་ཟེར་ ཁྱོད་ཀྱིས་ ང་ལུ་སླབ་ ཧིང་སངས་ས་་སྦེ་ སླབ་གནང་སྨ་རེ་ ཨ་ལོ་ཟེར་ སླབ་སླབ་མས།
  • སྣ་ཀོ། Nako
    འ་་་ཏེ་ སླབ་ནི་འདི་ སླབ་ནི་ར་མམ་ཨ་མ། ཏེ་ངེ་གི་ སྐྱིད་སྡུག་བཤད་ས་ཡང་ ནཱ་ཨ་མའི་གདོང་ཁར་རང་ཨིན། ཏེ་ཕར་ ཨའི། ཨ་པ། སྤུན་སྤུན་ཆ་ཚུ་གིས་ རྨགཔ་ཁལ་གཅིག་རང་བཀལ་རུང་ ངེའི་སེམས་དང་ལྡན་མའི་ བློ་ཁ་བབས་པའི་མི་ཅིག་ རྩ་ལས་གཉེན་མི་སྦྲགས་པས་ཟེར་ བཀལ་ཚེ་གཅིགཔ་ར་ ང་གི་མི་གཞི་མེདཔ་ བཀལ་ཚེ་གཅིགཔ་ར་ ང་ལུ་ཟན་ཟེ་ར་འདྲཝ་ བཀལ་ཚེ་གཅིགཔ་ར་ཁོགཔ་སྲ་ཀྲག་ རྩུབ་དྲགས་ འ་ནཱེམ་འབད་འབད་ར་འདྲ་བའི་མི་ཙང་ཙ་ ཏེ་ང་ཐག་བཅད་དེ་ ང་ད་བྱོག་སྟེ་ ཆོས་འབད་བར་འགྱོ་ནི་སྦེ་ཐོན་འོང་ཡི་ཟེརཝ་མས་ལོ།
  • སྣ་ཀོ། Nako
    འེང་་་འ་ཏེ་ ཁྱོད་ཡང་ ཨམ་སྲུ་ཐབས་མིན་འདུག་ ཏེ་ཁྱོད་ལུ་ཡང་ཁག་མིན་འདུག། ད་ ང་གིས་ཏེ་ ཤེས་རང་མ་ཤེས་ཏེ་ དེ་སྦེ་འབདན་ དེ་སྦེ་འབད་བ་ཅིན་འདི་ ཏེ་ང་ནཱ་སི་སི་ཕྱུགམོ་ ཁྱོད་ར་གིས་ཡང་ གོ་ཡང་གོ་གོཝ་འོང་། ང་ཝང་སི་སི་ཕྱུགམོ་ཟེར་ ཝང་རྡོ་སྦོམ་ཨིན་ཟེར། ཏེ་རྒྱུ་ཕྱེད་ཀྲམ་ལས་བཅད་རུང་། བཀབ་བགོ་ལ་ལས་བཅད་རུང་། རྟ་ནོར་སེམས་ཅན་ལས་འབད་རུང་། ས་གཞི་ས་རྟེན་ལས་བཅད་རུང་། ནཱ་སྡོད་སུ་ཁྱིམ་ལས་བཅད་རུང་། མི་གཞན་ང་དང་འཁྲིལན་མ་ཤེས་ ང་གཞན་དང་ག་ཡང་འཁྲིལ་དགོཔ་མེད། ངེ་གི་བུ་གཅིག་ཡོད་ཟེར་ འ་ནཱི་དང་ ཁྱོད་གཉན་རྐྱབ་སྦེ་ སྡོད་ནི་མས་མེན་ན་ཟེར།
  • སྣ་ཀོ། Nako
    འདི་འབདཝ་ད་ ཨ་མའི་བུ་འདི་གི་ ང་ལུ་དགའ་འོང་ག་ མི་དགའ་ག་མ་ཤེས་ལགས་ཟེར་ མ་ཤེས་ཟེར་བའི་ལོ། འ་་་ཁྱོད་ཀྱིས་ར་ སེམས་ཁར་མནོ་མཆི་བ་ཅིན་ ངེའི་བུ་འདི་གིས་ཏེ ཕ་མ་གིས་སླབ་ བུ་ཚུ་གིས་ མ་ཉེནམ་ག་ཏེ་འོངམ། ཁོ་ ང་གིས་ སླབ་པ་ཅིན་ ག་སླབ་ས་ཨིན། ཁོ་གིས་ ཉན་འོང་ཟེར་བའི་ལོ། ཏེ་བུ་འདི་ཡུདཔ་ཅིག་ འཕྲང་ཏང་ཏ་ ལྐུགས་པ་འཚམས་ཅིག་ཨིན་དོ་ཡོདཔ་མས་པ། ཡུདཔ་ཅིག་ ཤར་ཕྱོགས་པ་གིས་འབད་བ་ཅིན་ཡོངས་བ།
  • སྣ་ཀོ། Nako
    ཁྱེད་སྔ་ལོང་གི་འབད་བ་ཅིན་ ལྐུགས་པ་འཚམས་ཅིག་ ཏེ་འ་ནཱི་ཨིན་དོ་ཡོདཔ་མས། ཏེ་ང་ར་གིས་ སླབ་པ་ཅིན་ ཁོ་གིས་ ཉན་ར་ཉན་འོང་ཟེར་བའི་ལོ། འེང་་་ཏེ་ དེ་འབདན་ཏེ བལྟ་གེ་ཨ་མ་ ཏེ་ང་ཡང་ ཏེ་འཇིག་རྟེན་ཅིན་ ཕར་གཡུས་ཁར་ཡང་ ད་མ་འགྲིགས་པར་ ནཱ་ཐོན་འོང་ཡི། ཏེ་ནཱ་ ཨ་མའི་ནང་འབདན་ཏེ་ ནཱ་བཟའ་ས་ སྡོད་ས་ཡང་བཏུབ་པས་ ཟེར་བའི་ལོ། ཏེ་དེ་ལས་ཏེ་ དེ་ལས་ གནའམ་འབད་ནི་སྦེ་ཁ་བཟེད་ ཁོ་གིས་ཡང་ ཨཔ་ཝང་འབྲུག་རྒྱལ་གྱིས་ཡང་ཁ་བཟེད་ ཨམ་འདི་གིས་ཡང་བཏུབ་སྦེ།
  • སྣ་ཀོ། Nako
    ཨམ་དེ་གིས་ བུ་དེ་ལུ་ སླབ་སླབ་མས། ཨ་ནཱི་ བུམོ་འདི་རོགས་ བློ་སླབ་ཐངས་འབད་རུང་། བཟོ་བལྟ་བཟོ་ངེས་འབད་རུང་། བྱེད་ངོ་རིས་འབད་རུང་། ག་ཅི་ལས་རང་འབད་རུང་ ལམ་འགྱོ་ཐངས་སྡོད་ཐངས་ལས་རང་འབད་རུང་། ངེ་གི་མི་ཁར་འདི་ གནམ་མེད་ས་མེད་ཚུད་སོང་ཡི། ཁྱོད་དང་གཉེན་རྐྱབ་སྡོད་ ཁྱོད་ཡང་གཅིགན་འཚོལ་ར་འཚོལ་དགོ་ཟེར་ མ་འཚོལ་བ་ཁྱོད་མི་བཏུབ་ ཏེ་ཧ་ཕྱིས་གཉིས་ཀ་ ཁྱོད་ཡང་ གཅིག་འཚོལ་ར་འཚོལ་འོང་ཁྱེད༌ར།
  • སྣ་ཀོ། Nako
    འ་་་ཏེ་ཨའི་ར་ བལྟ་ནི་མས་ཏེ་ ང་འདི་ཏེ་ མ་བཏུབ་ག་ཅི་ཡོད་པ་ཟེར་བའི་ལོ། ཁོ་གིས་ འདི་བསྒང་ལས་ ཁོ་དྲོད་འཕར་འཕར་འབད་ཆི་ནུག ཨཔ་དབང་འབྲུག་རྒྱལ་གྱི་ རྨགཔ་འབད་ནི་སྦེ་ ཨའི་ར་བལྟ་ནི་མས་ཟེར་བའི་ལོ། ང་འདི་ ཏེ་མ་བཏུབ་ག་ཅི་ཡོད་པ་ཟེར་བའི་ལོ། དེ་ལས་ ཏེ་ཁོ་ ཁོ་གིས་ ཨམ་སྲུ་འཐོབ་ནི་མས་མནོ་ཏེ་ དགའ་ར་ནུག་ཏེ། དེ་ལས་ ཏེ་ ཞག་ཟེརཝ་ཅིག་ དེ་ལས་ཏེ་ མལ་ཆ་བཟོ་ ཕྱི་རུ་ཏེ་ འ་ནཱེ་སྦེ་ ཞག་གཅིག་སྡོད་ གཉིས་སྡོད་ གསུམ་ཟེར་བའི་བསྒང་ལས།
  • སྣ་ཀོ། Nako
    ཏེ་དེ་ལས་ ཁོ་གིས་ཏེ་ ང་བཅས་ར་ གཞོན་མའི་སེམས་སྦེ་ ཏེ་མ་ཆགས་པར་ལགཔ་མར་ ཁོ་གིས་ བྱཱ་གཡུར་རྐྱབ་སྟེ་ སྤ་ག་ཅི་ཨིན་ན་ རོགས་ཞག་ཉལ་རང་མི་སྟེར་བས། ནཱ་ད་ལྟོ་ ཁྱོད་ནཱ་ལྷོད་ ཞག་ག་དེམ་ཅིག་ཡང་མ་ལངམ་ལས་ ནཱ་ ངེ་གི་མལ་ཆ་ནང་ ག་ཅི་རོགས་ཞག་ཉལ་རང་མི་སྟེར་བས། འ་ནཱེ་སྦེ་ འཐབ་འཛིང་འབད་རྫུས་བཏབ་སྟེ་ དེ་ལས་ ཁོ་སྟེ་ ཁོ་གི་འདི་ཏེ་ ཐགཔ་བཏགས་རྒྱབ་ལས་བསྐྱལ་བཞག་འབད་སྦེ་ འ་ནཱེ་འབད་སྦེ་ ཨཔ་ཝང་འབྲུག་རྒྱས་ཀྱིས།
  • སྣ་ཀོ །
    ཏེ་ཨམ་སྲུའི་ཆས་ར་བཟོ། ཨམ་སྲུའི་ཆས་སྦེ་རང་བཟོ། ཏེ་དེ་ལས་ ཚར་ཅིག་ཟེར་བའི་བསྒང་ལས་ ཏེ་དེ་ལས་ ཁ་སླབ་བཅད་སྡོད་སྡོདཔ་མས་ཏེ་ ཨཔ་ཝང་འབྲུག་རྒྱས་ཀྱིས། ནཱ་ཙ་རྒས་འདི་ལུ་ ཨ་ནཱི་ ཨམ་དེ་གི་ བུ་དེ་ལུ་ ཁ་སླབ་བཅད་ བློ་ཡང་ སླབ་མ་བཏུབ་པར་ ཏེ་ཁྱེད་གཉིས་ ག་ཅི་གི་སྐོར་ལས་ རྒྱག་སོངམ་ཨིན་ན། འ་་་་ཨ་མ་ ཁོ་གིས་ ང་ཞག་དགའཝ་ར་ ཉལ་མི་སྟེར་བས། ང་ད་ལྟོ་ ནཱ་ལྷོད་དེ་ ག་དེམ་ཅིག་ཡང་མ་ལང་། ང་ཨམ་སྲུ་བུཚུ་ དཔྱལ་ས་མ་ཕྱེ་བར་འབད་ནི་དེ་གིས་ དེམ་རེག་ས་རང་མེད་ཟེར་བའི་ལོ།
  • སྣ་ཀོ
    དེ་ལས་ དབའེ་ཟེར་ཏེ་ ད་འོང་ད་འོང་ཨ་ལོ་ དེ་འཕྲོ་ལས་ ཁྱོད་ཡང་རྩིགཔ་བཟའ་མི་དགོ། ཏེ་དེ་ལས་ཏེ་ དེ་ལས་ཏེ་ ཨམ་དེ་གིས་ཏེ་ དཀྱི་ར་ལུང་སེརམ་གཉིས། སྟོད་གོ་གོས་ཆེན་གྱི་སྟོད་བགོ་གཉིས། དེ་ལས་ སྐྱབ་སྐེ་འཁོར་གཉིས། འ་ནཱི་འོན་འཇུ་ཆ་གཉིས། འ་ནཱེ་སྦེ་བྱིན་ནུག། གནའམ་འབད་ནི་དེ་གིས་། དགའ་འཚོར་སྦེ། གནའམ་ལུ་ འ་ནཱེ་འབད་བྱིན་འབད་སྦེ་ ཏེ་འ་ནཱེ་སྦེ་བྱིན་འབད་སྦེ།
  • སྣ་ཀོ
    ཏེ་འ་ནཱེ་སྦེ་ བྱིན་འབད་སྦེ་ ཏེ་དེ་ལས་ ཁོང་གཉིས་ ཕར་ཡོད་ཚུར་ཡོད་སྦེ་ ཏེ་ཡུདཔ་ཅིག་ཁར་ལས་ཏེ་ དེ་ལས་ཏེ་ དེམ་ཚར་ཅིག་ལུ་འབདཝ་ད་ལུ་ ཁོ་གིས་ཏེ་ ཨ་ནཱི་སྐྱབ་འདི་ཡང་འབག། དཀྱི་ར་གཉིསཔ་འདི་ཡང་འབག། དེ་ལས་ གཟི་བྱུ་རུ་སྐེ་འཁོར་གཉིསཔ་འདི་ཡང་འབག། སྟོད་གོ་འོན་འཇུ་འདི་ཡང་འབག་སྦེ་ མར་ཆུ་ཡི་མཐའ་མར་ཡར་སོང་ནུག་ ཨཔ་ཝང་འབྲུག་རྒྱས་ཀྱིས།
  • སྣ་ཀོ།
    ཆུའི་མཐའ་མར་ རྡོ་ལེབ་ཅིག་གུ་སོང་བའི་འཕྲོ་ལས། དེ་ལས་ སྐྱབ་སྐེ་འཁོར་གཅིག། དཀྱི་ར་གཅིག། སྟོད་གོ་གཅིག། འོན་འཇུ་གཅིག། འདི་ནཱ་བཞག། དཀྱི་ར་གཅིག། སྟོད་གོ་གཅིག། འོན་འཇུ་གཅིག། སྐྱབ་སྐེ་འཁོར་གཅིག་ཁོ་ར་འབག། ཡར་ཁོ་རང་གི་ ཁྱིམ་ནང་ལུ་ བསྐྱལ་བར་ཡར་སོང་ནུག། ཡར་གྱི་དེ་ ཁོ་ཆུ་ནང་ མཆོངས་དོ་བཟུམ་བཟོ་ མར་རྡོ་གུ་བཀལ་བཞག་བཞགཔ་མས།
  • སྣ་ཀོ།
    ཁོ་ཡར་སོང་། དེ་ལས་ཨ་མ་ ཨམ་སི་སི་ཕྱུགམ་གནའམ་བྱང་ད་ དེ་ལས་ ཕྱི་ལས་དྭངས་རེས་ཁྱིམ་ཚང་ལས་མི་འཚོལ། ད་ ངེ་གི་གནའམ་འདི་ ད་རེས་ག་ཅི་འབད་དཔ་ཨིན། ག་ཏེ་འཚོལ་རུང་ འཚོལ་མ་འཐོབ་ཟེར་ དེ་ལས་ གནའམ་འཚོལ། འ་ནཱེ་སྦེ་འབདཝ་ད་ ཏེ་དེ་ལས་ ཁོ་གིས་ ཡར་ཁྱིམ་ནང་ལས་མར་ དཔའ་རྟགས་བཏགས། བགོ་ བགོ་ར་དུག་ ཟད་དུག་ཅིག་ རལ་རལཝ་ ཨ་ནཱི་ སོ་ཆད་ཆདཔ་ ཨ་ནཱེམ་ཅིག་ ལྷནམ་བཏབ་བཏབ་རྔམ་སི་སི་ཅིག་གྱོན། དཔའ་རྟགས་སྟ་དུམ་ཅིག་བཏགས་འབད་སྦེ་ཏེ་ ཐགཔ་ཅིག་ ཐགཔ་ཨ་ནཱི་ ཐགཔ་ཟད་དུག་ གཉའ་བར་བཀལ་འབད་སྦེ་ ཏེ་ཡར་ལས་མར་ དབའེ་ ད་རེས་ ཨམ་སི་སི་ཕྱུགམོ གནམ་མེད་ས་མེད་ མི་ཁྱེད་ར་དང་ ཕྱི༌ལས༌ལས༌མི་དང༌ ག་ཅི་རང་འབད་ཡི་ཟེརཝ་ཟེར་བའི་ལོ།
  • སྣ་ཀོ།
    དེ་ལས་ ཁོ་མ་ཤེས་སུ་བཏབ་ འ་ནཱེ་སྦེ སི་སི་གནའམ་ ཨཔ་ཝང་འབྲུག་རྒྱས་ཁོ་རང་སྦེ་ ཡ་ད་ཨཔ་ཝང་འབྲུག་རྒྱས་ དེ་འབད་མ་སླབ་སྨ་རེ་ད་ ང་བཅས་ནཱ་ད་ ད་གནའམ་ ཁ་ཙ་ཁ་ཉིནམ་གནའམ་ནང་འཛུལ་ལོ་མེདཔ་ གནའམ་དང་རྨགཔ་ག་དེ་སྦེ་ བློ་མ་འགྲིགཔ་ཨིན་ན་མ་ཤེས་ དན་ད་གནའམ་འདི་ གར་སོང་གུར་སོང་མེདཔ་ཡར་སོང་ཡི། ད་ག་དེ་སྦེ་ མོ་བཏབ་རུང་ཡང་མེདམ་མས། འཚོལ་རུང་ཡང་མེནམ་མས། ག་ཏེ་རྐྱབ་རུང་འཚོལ་མ་འཐོབ།
  • སྣ་ཀོ།
    འེང་་་་ཨ་མ་ མི་གིས་ དབུགས་བགམས་ད་ ཆུ་ནང་མཆོངམ་ཨིན་སྨ་རེ་ཟེར་བའི་ལོ། ཏེ་ཁོ་གིས་ གནས་སྐབས་བཙོང་སྟེ་ ཁོ་གིས་གཟི། བྱུ་རུ། དཀྱི་ར་འདི་ཚུ་ མར་བཀལ་ད་ནུག་པ། མི་གིས་ དབུགས་བགམས་ད་ ཆུ་ནང་མཆོངམ་ཨིན། ཆུའི་མཐའམ་བདའ་སྟེ་ བལྟ་ཡི་ག་ཟེར་བའི་ལོ། དབའེ་ཆུའི་མཐའམ་བདའ་སྟེ་མ་བལྟ། ང་བཅས་གཞན་ཁར་ར་འཚོལ་སྡོད་ཡི་ས། ཆུའི་མཐའམ་བདའ་ ཚར་ཅིག་ང་གིས་ འཁྱིད་འགྱོ་གེ་ཟེར་བའི་ལོ། དེ་ལས་ མར་ལས་མར་བལྟ་བར་སོང།
  • སྣ་ཀོ།
    དེ་ལས་མར་ རྡོ་འདི་གུ་ལུ་ཏེ་ ཨིན་མས་ཟེརཝ་མས་ལོ། དཀྱི་ར་ དེ་ལས་ མར་རྡོ་དེ་གུ་ལུ་ཏེ་ དཀྱི་ར་གཅིག། འོན་འཇུ་གཅིག། སྐྱབ་སྐེ་འཁོར་གཅིག། ཏེ་འ་ནཱེ་སྦེ་བཞག་ནུག་ཟེརཝ་མས་ལོ། ལྷམ་ཚངམ་སྦེ་ དབའེ་ཨ་མ་ཨ་མ། ཅ་ལ་ཨ་ནཱ་ བཞག་ནུག་སྨ་རེ། ཁྱོད་བུམོ་ ཁྱོད་མནའམ་དེ་ སྟོད་བགོ་དང་ འོན་འཇུ་ཡང་བཞག་ནུག། སྟོད་གོ་ཡང་བཞག་ནུག། དཀྱི་ར་ཡང་ནཱ་འདུག། སྐྱབ་སྐེ་འཁོར་ཡང་ ནཱ་ཕུད་བཞག་ནུག་ཟེར་ དབུགས་བགམ་སྟེ་ ཁོ་ར་ འ་ནཱི་གི་ ཆུ་ནང་མཆོངས་དཔ་མས། ད་ཁྱེད་ ནཱ་འཚོལ་ཏེ་བྱེད་མིན་འདུག། ད་ཏེ་ ལཱ་ཚརཝ་མས། ད་སླབ་པ་ཅིན་ཏེ་ ཁྱོད་ར་ཨིན་རུང་ཨིན། མེན་རུང་མེན། ཏེ་ད་བློ་ ནཱེ་ཅིག་མས་ཏེ་ ཆུ་ནང་མཆོངས་ད་ནུག་ ད་འཚོལ་ཏེ་བྱེད་མིན་འདུག་ ཏེ་ད་ ག་དེ་སྦེ་འབད་བ་ཏེ་ད་ ད་མོ་རའི་ དུས་སྐབས་ཡང་དེ་གུ་ བསྐོས་བསྐོསཔ་འོང་ནི་མས།
  • སྣ་ཀོ།
    མོ་ཡང་ ཆུ་ནང་མཆོངས་ད་ནུག། ཆུ་ནང་མཆོངམ་ཐད་རི་བ་རི་མས་ཏེ། གཞན་ནཱི་ཚུ་ ནཱ་ག་ཅི་སྦེ་བཞག་པ་ཟེར་ཏེ་ ཏེ་ཨ་ནཱི་ ཁྱོད་ར་ལུ་ བཤུལ་བཞག་དང་འདྲཝ་སྦེ་ ཨམ་ཁྱོད་ར་ལུ་ བཤུལ་བཞག་དང་འདྲཝ་སྦེ་ བཞག་བཞགཔ་མས། ཏེ་ལ་ལུ་ མོ་ར་གྱོན། འ་ནཱེ་སྦེ་ ཏེ་དབུགས་བགམས་ ཨ་ནཱེ་སྦེ་སྦྲགས་མཆོངས་ཡར་སོངམ་འོང་ནི་མས་ཟེར། དེ་ལསནི་ཏེ་ དབའེ་ ད་ང་ག་དེ་སྦེ་འབད་འོང་ག་སྨ་ཟེར། ད་དེ་ལས་ཏེ་ ད་ཏེ་ ཨམ་སྐྱོ་མ་སྐྱོ་མིན་འདུག། ད་ཏེ་ ཁྱོད་སྐྱོམ་བརྙ་ར་བརྙ་ཚར་ནུག། ཏེ་ད་ དེ་ལས་ ཁོ་ཏེ་ནཱ་ལས་སྦེ་ཡར་སོང་། དེ་ལས་ ཕར་ཤར་ལུ་སོང་། ཧེ་མ་ལས་ བློ་སླབ་བཞག་ནུག་གོ་ཤིག། ཕར་ཆ་རོགས་དང་ ད་ཅི་ ང་གིས་ ཁྱོད་ལུ་སྨོ་ཤིག། ཤར་གྱི་ཆ་རོགས་གཅིག། ཕོ་རྒས་གཅིག། ངར་ཡེང་ཡེ་ ཤེསཔ་མཐོངམ་འ་ནཱེ་ཅིག།
  • སྣ་ཀོ།
    དེ་ལས་འདི་ལུ་ཡང་ རྟ་ཅིག་གཞོན་སྒ་རྐྱབ། ཁོ་རང་ལུ་ཡང་ རྟ་གཅིག་གཞོན་སྒ་རྐྱབ། དེ་བསྒང་ལས་ ཨཔ་ཝང་འབྲུག་རྒྱས་ཏེ་ གོ་གྱོན་སྦེ་ ཕོ་རྒས་བཟོ་ཆེ་ནུག་ཏེ། དེ་ལས་ཏེ་ དཔའ་རྟགས་ ཆ་རོགས་དེ་ལུ་ཡང་ དཔའ་རྟགས་ཅིག་རྒྱབ་རྐྱབ། ཁོ་རང་ཡང་ དཔའ་རྟགས་ཅིག་རྒྱབ་རྐྱབ། ཉིནམ་གཟར་གར་དེ་ཅིག་ཁར་ མར་སི་སི་ཕྱུག་མའི་སྒོ་ཁར་འོང་འོངམ་མས། ཨམ་སི་སི་ཕྱུག་མ། ཨམ་སི་སི་ཕྱུག་མ། སྡོད་ཡོད་ག་ཟེར་བའི་ལོ། ཏེ་ཨམ་སི་སི་ཕྱུགམ་ དེ་བསྒང་ལས་ཏེ་ དོན་ཧིང་ས་ཁར་མ་ཆགས་པར་ ཏེ་འདྲོག་འཇིགས་འཐབ་སྟེ་ འ་ནཱི་གི་ དོན་དག་ལས་འོང་འོངམ་འོང་མནོ་སྟེ་ ཁོང་གིས་ མ་སླབ་ལས་ མོ་འདྲོགས་ཆི་ནུག་སྟེ།
  • སྣ་ཀོ།
    ཨིན་ཟེར་ཡར་ལས་མར། ཨིན་ཨིན་ ཨམ་སི་སི་ཕྱུགམ་ནཱ་ཨིན་ལགས། ནཱ་ཨིན། དེ་བསྒང་ལས་ ནཱ་འབྱོན། ནཱ་འབྱོན་ཟེརཝ་མས་ལོ། ཏེ་དེ་ལས་ཏེ་ ཡར་འེང་ཡ་ཡ་ཟེར་ སླབ་སྦེ་སྟེ་ ཡར་ཁྱིམ་ནང་སོང་ དེ་ལས་ཏེ་ སྒོ་ཅུང་རྩ་བར་གདན་ བོད་དེ་ལུ་གདན་རྐྱབ། ཨཔ་ཝང་འབྲུག་རྒྱས་ལུ་གདན་རྐྱབ། དེ་ལས་ཏེ་ དེ་ལས་ འ་ནཱེ་སྦེ་ ཏེ་ཡར་བཀལ་སྦེ་ ཏེ་དེ་ལས་ཏེ་ གཟིམ་སྒརཔ་བུ་ནཱ་ ག་དེམ་ཅིག་སྦེ་ འབྱོནམ་ཟེར་སླབ་སླབ་མས།
  • སྣ་ཀོ།
    ཏེ་ ཏེ་ ཧེ་མ་ལས་ མོ་ཤར་ལས་ཨིན་ཟེར་སླབ་ནུག་བ་ མོ་གཡུས་ཤར་ལས་ཨིན་ཟེར། ད་ངེ་གི་ བུམོ་འདི་ ནཱ་ཨམ་སི་སི་ཕྱུག་མོའི་གནའམ་འབད་དེ་ ནཱ་འདུག་ཟེར་ སླབ་ལས་ ང་སྤ་་་་སེམས་བས་མེནམ་ཡིད་ཡང་ དགའ་ཡི་ཟེར། དགའ་དགོ་མའི་ ཁུངས་འདི་གི་ཅི་ཨིནམ་ཟེར་བ་ཅིན། ཨམ་སི་སི་ཕྱུགམ་ཟེར་མི་འདི་ རྒྱུ་ལས་བཅད་རུང་། རྟ་ནོར་སེམས་ཅན་ལས་བཅད་རུང་། ག་ཅི་ལས་འབད་རུང་ མིང་གཏམ་ཝང་ལས་ཝང་མདོ་སྦོམ། གནམ་མེད་ས་མེད་ ཕྱུགཔ་གནམ་མེད་ས་མེད་ སྐད་ཅན་ཨིན་མས། འ་ནཱི་འབད་ནི་དེ་གིས་ ང་ཡང་འ་འོ་་་་ངེ་གི་ བུམོ་འདི་གིས་ གནའམ་འབད་ས་འདི་ ངོ་མ་འཛོལ་བས། ཝང་སི་སི་ཕྱུག་མའི་གནའམ་ འབད་ཆི་ནུག་ལོ་ཟེར་ ཕར་ང་བཅས་གཡུས་ཁར་ཕར་ ཤར་ལས་ཕར་ཡང་འུར་ལྡིར་ལྡི་ཨིན་ཟེར་བའི་ལོ།
  • སྣ་ཀོ།
    འ་ད་་་་ཨིན་ནི་འདི་ དེ་སྦེ་ཨིན། དེ་འབད་བ་ཏེ་ ངེ་གི་བུ་འདི་དང་ མོ་ག་ཅི་ ང་བཅས་ཀྱིས་ ག་ནི་ཡང་མ་སླབ། ཁོ་གིས་ གནམ་མེད་ས་མེད་ཅིག་ ག་ནི་ཡང་ སླབ་ནི་མིན་འདུག། ཏེ་མོ་ འ་ནཱེ་སྦེ་་ཆུ་ནང་མཆོངས་དཔ་འདྲེས། བགོ་ལ་མར་ ཆུ་ཡི་མཐའ་མར་ འ་ནཱེ་སྦེ་བཞག་ནུག། ཏེ་ད་ མ་སླབ་པ་ལས་ཀྱིས་ར་ སླབ་དགོ་པའི་གི་ གདུང་ཁ་ཨིན་མས། ཏེ་སླབ་དགོ་པས་ཟེར་བའི་ལོ། ཡ་་་ད་འབདན་ ཨ་མ་གི་བུ་འདི་དང་ ནཱ་ཨམ་ཆ་འདི་གིས་ གནམ་མེད་ས་མེད་ བསྐྱལ་ས་བསྐྱལ་ད་ནུག་ཟེར། ད་ངེ་གི་འདི་ཏེ་ ངེ་བུམོ་ ར་བྱང་ཚརཝ་མས་ཟེར་ཏེ།
  • སྣ་ཀོ།
    ད་ ག་དེ་སྦེ་འབད་བ་ཟེར། ཁྱེད་གཉིས་ཁ་འཐབ་སྟེ་སྦེ་ ཁྱེད་མ་སྨད་གཉིས་ཁ་འཐབ་སྟེ་སྦེ་ མོ་ལུ་ གནམ་མེད་ས་མེད་ མ་བཏུབ་ མ་རུངམ་ བཞུ་མ་ཚུགས་པའི་ གཏམ་གཅིག་སླབ་སླབ་འོང་། ཡངན་བརྡུང་རྫོབ་ཅིག་ར་ རྐྱབ་རྐྱབ༌འོང༌མས༌ཟེར། ད་འབདན་ ད་དེ་ལས་ཏེ་ དེ་ལས་ཏེ་ འདི་གུ་ཁོ་བས་རྔམ་སྦེ་ ཁོའི་ཆ་རོགས་ཅིག་ ད་ཅི་ ང་གིས་ ཞུ་ཡི་བ་སྨོ་ཤིག གནམ་མེན་ས་མེད་ ངར་ཡེང་ཡེ་ཡོད་མི་ འ་ནཱི་གིས། འེང་་་་ཨ་མ་ཏེ་ ང་ཡང་ ང་འོང་། ཨ་ནཱེ་སྦེ་འབད་དགོ་བཅའ་དགོ་ཟེརཝ་མེན། ཁྱེད་ ག་དེ་སྦེ་ཨིན་ན་ གུ་དེ་སྦེ་ཨིན་ན་མནོ་ ཨཔ་ཝང་འབྲུག་རྒྱས་ ནཱ་ཨཔ་འདི་དང་ ནཱ་ཁྱེད་གི་བར་ན་སྐོར་ལུ་ འ་ནཱེ་འབད་འོང་འོངམ་ཨིན།
    ?
  • སྣ་ཀོ།
    ཏེ་འདི་རང་ཨིན་རུང་ ཏེ་ད་ཁྱེད་ཡང་ ནཱེ་སྦེ་འབདན་ ཏེ་རོགས་ད་ བུམོ་གི་ རིན་པ་བསྒྲིགས་དགོཔ་ཐལ་འོང་ནི་མས། ཨམ་ར་ད། དེ་ལས་ཏེ་ ཟོང་ དེ་ལས་ ནོར། དེ་ལས་ཏེ་ གོང་རྐྱབ་སྟེ་ འ་ནཱེ་སྦེ་ དེ་ལས་བྱུ། ཏི་རུ་ག་དགོཔ་སྟེ་ འ་ནཱེ་སྦེ་སྤྲོད་དེ་ ཨམ་སི་སི་ཕྱུགམོ་ འ་ནཱེ་འབད་བཅོམ། ཏེ་དང་ཕུགས་ འ་ནཱེ་སྦེ་འབད་འབདཝ་མས། ཏེ་འ་ནཱི་གི་རྫོགསཔ་ཨིན་ད་ ཨམ་སི་སི་ཕྱུགམོ་ ཨཔ་ཝང་འབྲུག་རྒྱས་ མར་གནའ་མར་འཛུལ་ འ་ནཱེ་སྦེ་ བཅོམ་མའི་གི་ཁུངས་དེ་ འ་ནཱེ་སྦེ་ཨིན།