Video Overview
སྤར་རོ་ཁ་ཐུག་ལུ་ལྕང་ལཱ་རྐྱབ་ད་ གཞན་དང་མ་འདྲ་བའི་ལུགས་སྲོལ་ཅིག་འདུག དེ་ཡང་ སྤ་རོ་སྐྱང་སི་མ་ལུ་ བསོད་ནམས་དབང་མོ་དང་ཆ་རོགས་ཚུ་གིས་ ལྕང་ལཱ་རྐྱབ་ས་བལྟཝ་ད་ ལྕངམ་ཆག་པ་འབད་དེ་ ཆག་པ་ལྔ་དེ་ཅིག་བཙུགས་ཏེ་ དེའི་ཐོག་ཁར་པ་ནེ་དང་རྡོག་མ་ཕུད་རྡོག་ལྔ་དེ་ཅིག་བཞག་ནི་འདུག དེ་སྦེ་བཞག་དགོ་མི་དེ་ཡང་ ལོ་ན་ཧིང་ཡང་ལོ་ཐོག་ལེགས་པའི་ཁ་ལུ་ དུས་ཅི་ཡང་ལེགས་ཅི། ད་རུང་ སང་ཕོད་ཡང་ལེགས་ནི་གི་དོན་ལུ་ སྨོན་ལམ་ལེགས་ཤོམ་སྦེ་བཏབ་སྟེ་ བཙུགས་དགོཔ་ཨིན་པས། དེ་སྦེ་ ལྕངམ་བཙུགས་ཅི་བཙུགས་ཅི་ གླུ་གཞས་འཐེན་མི་དེ་ གཡང་འབོ་བའི་ཚུལ་ཨིན་མས། དེ་སྦེ་གླུ་གཞས་འཐེན་ཡི་འཐེན་ཡི་འབད་བ་ཅིན་ ལཱ་གིས་འུ་སྡུགཔ་ཡང་མ་ཚོར་བར་ལཱ་འབད་ཚརཝ་ཨིན་པས།
The style of paddy cultivation in the Paro region is somewhat different compared to the ones found in other parts of the country. Farmers in Changsima under Hungrel Geog have the practice of placing a few betel nuts in the center of the field where they planted a few bundles of rice saplings that are commonly known as “wangkhem” in gratitude for the good yield in the past and to seek future abundant yields. They also sing a song while planting saplings to summon the essence of prosperity from the divine beings, and to lessen the pain and exhaustion through the joy of the song.
- Changsima
- བསོད་ནམས་ཨོམསྡོད་མས་ང་གིས་རྡོག་མ་བཙུགས་གེ་ཉ་(མས)།
- རིག་འཛིནའུ་་་་་(འེ་འེ་་་་་་)།
- བསོད་ནམས་ཨོམལགས་སོ། །ལུས་ལུ་ན་ཚ་མེད་ སེམས་ལུ་སྡུག་བསྔལ་མེད་ ཁྲུས་ཆུ་འབབ་ བདུད་རྩི་ས་ལུ་འབབ་ ལོ་ཐོག་དུས་ལུ་སྨིན་ ལོ་ཕྱུགས་རྟག་ཏུ་ལེགས ཆར་ཆུ་དུས་ལུ་འབབ།
- བསོད་ནམས་ཨོམའ་ནི་ཨིན། ཝང་(གཡང་)སྐྱེད་གསེས་མི་འདི།
- རིག་འཛིནཨ་མ་ནི་ནང་ རྡོག་མ་གམ་སྦེ་བཙུགསཔ་སྨོ་ཏེ་བྱཱ་ནང་?
- བསོད་ནམས་ཨོམརྡོག་མ་བཏགས་རྡོག་ལྔ་ཨིན། ཨ་ནི་ཏེ་ ལོ་ལེགས་ནི་གི་དོན་ལུ་སྦེ་བཙུགས་བཙུགསཔ་མས་རོགས་ན་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ནི་དོན་ལུ་བཙུགསཔ་ཨིན་མས།
- བསོད་ནམས་ཨོམསྨོན་ལམ་བཏབ་ ལོ་ལེགས་བཅུག་གསེས་ ཕུགས་གང་བཅུག་གསེས་ གནམ་མེད་ས་མེད་སྨོན་ལམ་རྒྱ་ཆེན་པོ་སྦེ་བཏབ་བཙུགས་དགོཔ་ཨིན་ཨ་ནི་དང་ཕུགས་ལས་འབད་བ་ཅིན་རོགས་ ཧ་ཧ་ཧ་་་་་་་་༼ཟེར་བགའ་བ་༽ འ་ནེ་ སླབ་དགོ་པས་ཏེ་ ཧ་ཧ་ཧ་་་་་་་༼ཟེར་བགའ་བ།༽
- བསོད་ནམས་ཨོམཏེ་རོགས་ཨ་ནི་གཡང་ཞིང་གསེས་ཏེ་ རོགས་དང་ཕུག་ལས་རང་ཏེ་རོགས་ཨ་ནི་ཝང་(གཡང་འབོ་) ཝང་(གཡང་)སྐྱེདམ་བཙུགས་སྦེ་ ཏེ་འ་ནེ་སྦེ་འབདཝ་ཨིན་མས།
- བསོད་ནམས་ཨོམཨམ་ཀྱི་(གི་)ཝང་(གཡང་)སྐྱེད་རྒྱལ་མོ་ཡ་དབའེ། །ཝང་(གཡང་)སྐྱེད་གཅིག་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ཝང་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཨམ་འདི་ཕུད་སྐལ་རྒྱལ་མོ་ཡ་དབའེ། །ཕུད་སྐལ་གཅིག་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམགནམ་འདི་འཁོར་ལོ་རྩུབས་(རྩིབས་)བརྒྱད་ཡ་དབའེ། །སྤུང་(སྤུབས་)པའི་འོག་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམས་འདི་པད་མ་འདབ་བརྒྱད་ཡ་དབའེ། །བཏིང་པའི་གདན་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམབར་འདི་བཀྲ་ཤིས་ཁ་དར་ཡ་དབའེ། །བཙུགས་པའི་འོག་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམབར་འདི་བཀྲ་ཤིས་ཁ་དར་ཡ་དབའེ། །མཚུངས་པའི་གཡང་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཚངམ་འདི་གསུམ་གྱི་སྒོ་ལས་ཡ་དབའེ། །ཝང་(གཡང་)ཞུ་གེ་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམབོད་འདི་ཁ་བོ་(བ་)ཅན་ལུ་ཡ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམནུབ་འདི་དྷ་ལི་ཁ་ལུ་ཡ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཤར་འདི་བཀྲ་ཤིས་བསྒང་ལུ་ཡ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཨམ་འདི་སི་སི་ཕྱུག་མོ་ཡ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམམ་ལ་དམ་ཆོས་ཆོ་བརྒྱུད་ཡ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཨམ་ལ་རི་པ་ཕྱུག་མོ་ཡ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཨམ་ལ་བོང་དུས་ཕྱུག་མོ་ཡ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམམར་ལ་རྫོང་བྲག་ཆོས་བརྒྱུད་ཡ་ལ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཨམ་ལ་རྟ་རྒྱུགས་ཕྱུག་མོ་ཡ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཨམ་ལ་གོང་མཁར་ཆོས་བརྒྱུད་ཡ་ལ་དབའེ། །ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚེུངེ་གི་ཝང་(གཡང་)རྡོག་ཕུལ་ལས་ཡ་དབའེ། །ན་(གཡང་)སྐྱེད་ཅིག་དབའེ། །
- བསོད་ནམས་ཨོམཧཱུཾ་ལོ་ཨམ་ལ་ཤར་རི་ཕྱུག་མོའི་སྨོ་ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
- བསོད་ནམས་ཨོམཧཱུཾ་ལོ་ཡར་ལ་དུད་གཞི་ཕྱུག་མོའི་སྨོ་ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
- བསོད་ནམས་ཨོམཧཱུཾ་ལོ་ཡར་ལ་བྲག་གུ་ཆོས་བརྒྱུད་སྨོ་ལོ་ལེགས་པའི་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
- བསོད་ནམས་ཨོམཧཱུཾ་ལོ་གསུང་ལ་ལེགས་པའི་ཁྲ་ལས་སྨོ་ནེ་ཅིག་མས་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
- བསོད་ནམས་ཨོམཧཱུཾ་ལོ་ནི་ཡང་ལེགས་པའི་ཕྱོགས་སུ་སྨོ་འགོར་བཞག་གེ་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
- བསོད་ནམས་ཨོམཧཱུཾ་ལོ་གསུང་ལ་ལེགས་རིགས་ལེགས་ཚད་དབའེ་རྟེན་འབྲེལ་བཟང་དབའེ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ལོ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུབཞག་ལོ་བཞག་ལོ་ག་ཡོད་སྦོ། །མ་བཞག་འཕྲལ་ལས་ལ་འཐུ་དགོ་པས། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུཧན་བློ་ཧན་བློ་ཧན་ལོ་ཡ། །ཧན་བློ་གཞན་དང་ལ་ནི་མི་འདྲ། །
- བསོད་ནམས་ཨོམ་དང་ཆ་རོགས་ཚུཤོག་ཞིང་ཁྲ་མོའི་འཕྲོ་ལས་ས། །ཡུམ་ཆེན་ཨ་མའི་ལ་ཧན་བློ་ཨིན། །ཟེར་འ་ནེམ་ཅིག་ཨིན་མས་ལགས།