Video Overview
མཐའ་འཁོར་ལུ་ཤིང་གིས་བསྐོར་ར་རྐྱབ་ རྒྱབ་ཁར་མཆོད་རྟེན་བཟུམ་སྦེ་ཆུང་ཀུ་ཅིག་མཐོང་མི་དེ་ ཀླུ་འབུམ་ཕོ་བྲང་གི་རྩ་བར་ ཡོངས་གྲགས་ཅན་གྱི་བློ་ཟེ་མཁནམ་ སྤ་རོ་ཝངལྕང་ལས་ ཨཔ་བྲེ་གང་གིས་ དགེ་སློང་གཞོན་པའི་ཟླ་བ་གི་རྣམ་ཐར་གཏངམ་ཨིན་པས། དེ་ཡང་ ཧེ་མ་དགེ་སློང་གཞོན་པའི་ཟླ་བ་ཟེར་མི་ཅིག་བཙུན་ཁྲལ་ཕོག་སྟེ་ བྱ་བ་ཐབས་རང་མེད་པར་ སྤུ་ན་རྫོང་ནང་ལུ་དགེ་སློང་འགྱོ་དགོཔ་ཐོན་ཏེ་དགེ་སློང་སྦེ་སྡོདཔ་ད་ དཀའ་སྡུག་དང་བར་རྐྱེན་ཚུ་ག་དེ་སྦེ་ར་བྱུང་ཡི་ག་ དེ་ཡི་གདོང་ལན་ཚུ་ག་དེ་སྦེ་ར་འབད་ཡི་ག་གི་སྐོར་ལས་ རྣམ་ཐར་དང་འདྲཝ་སྦེ་བཀོད་བཞག་སྟེ་ཡོད་མི་དེ་ལྷག་སྟེ་བྱིནམ་ཨིན་མས།
Ap Dragang from Wachang narrates the life story of monk Zhenbay Dawa, a well-known account in Bhutan. The story focuses on the taxes imposed on the community. Dawa was an only son whose only option in life was to become a monk. The difficulties faced during his monkhood at Punakha Dzong are described in the account.
- ཨཔ་བྲེ་གང་ལགས་སོ། ད་ད་རེས་ ང་གིས་ ཏེ་ང་བཅས་ར་གི་ ལམ་སྲོལ་དང་འདྲ་བའི་གི་ཏེ་ ནཱེམ་བློ་ཟེ་ཟེར་རུང་འདྲ་བས་ དང་ཕུགས་ཀྱི་་འབད་བ་ཅིན་ ལུང་དྲངས་ཟེརཝ་མས། དགེ་སློང་གཞོན་པའི་ ཟླཝ་གི་སྐོར་ལས་ ང་གིས་ དུམ་གྲ་ཅིག་ བཤད་པ་རྐྱབ་ནི་ཨིན་ཟེར་ ཞུ་ནི་ཨིན།
- ཨཔ་བྲེ་གང་ད་ཨ་ནཱི་ དགེ་སློང་གཞོན་པའི་ཟླ་འདི་ བཤད་པ་རྐྱབ་དགོ་མི་འདི་ཡང་ ང་བཅས་ར་ འཇིག་རྟེན་འདི་ནང་ལུ་ ཏེ་འགྲོ་བ་མིའི་ ལུས་རྟེན་ དལ་འབྱོར་གྱི་ ལུས་རྟེན་འདི་ ཐོབ་ས་ཞིནམ་ལས་ ང་བཅས་ལུ་ ཁག་ཆེཝ་ དགོཔ་གཉིས་རང་མས་པ། སྙིང་པོ་ངོ་མ་འདི་ཡང་ ནཱ་ནཱི་ དམ་པའི་ཆོས་སྒྲུབ་འདི་གིས་ ད་རེས་དང་ ལྟ་མ་་དང་ མཐར་ཐུག་གི་ བདེ་བ་ཐོབ་ནི་གི་གཅིག
- ཨཔ་བྲེ་གང་ད་འདི་མེན་པ་ཅིན་ གཅིག་འདི་ ང་བཅས་ར་ འཇིག་རྟེན་པ་ཨིན་ཟེར་བ་ཅིན་ ཏེ་རང་སོ་ རང་འཇིག་རྟན་པའི་ལཱ་འབད་ དེ་ལས་ གཉེན་སྦྱོར་འབད་ བུ་གཞི་ བུ་མེདཔ་ཐོན་འབད་དེ་གིས་ ཏེ་ཕ་ཤི་བུ་དང་ གཡག་ཤུལ་ཀོཝ་འབད་དེ་གིས་ཏེ་ རང་སོ་ རང་ རང་སོ་ རང་གི་ མགུ་གཞོ་འདྲོངས་དགོ་མི་འདི་ ང་བཅས་ར་གི་ ཏེ་ནཱེམ་མཐར་ཐུག་གི་བདེ་བ་དང་ གནས་སྐབས་ཀྱི་བདེ་བ་ཟེར་ ང་བཅས་ར་ འཇིག་རྟེན་ནང་ལུ་དགོཔ་སྟེ་ འ་ནཱི་་གཉིས་ཨིན་མས་པ།
- ཨཔ་བྲེ་གང་དེ་འབདཝ་ད་ལུ་ ང་བཅས་ར་ མི་ལས་བརྟེན་པའི་་རྐྱེན་ཟེར་མི་ཅིག་འབྱུང་ནི་ཡོདཔ་ད་ལུ་ འ་ནཱི་ དགེ་སློང་གཞོན་པའི་ཟླཝ་ཟེར་མི་དེ་ ཏེ་ཁོ་ར་ དལ་འབྱོར་གི་ ལུས་རྟེན་ཅིག་ཐོབ་སྟེ་འབད་རུང་ ཏེ་སྔོན་མ་གི་འཕྲོ་ཨིན་ཟེར་རུང་འདྲ་བས་ ད་རེས་ཀྱི་ བར་ཆད་ཨིན་ཟེར་རུང་འདྲ་བས་ ཏེ་ཁོ་ལུ་ དཀའ་ངལ་ག་དེམ་ཅིག་བྱུང་ཡི་ག་ དམ་པའི་ཆོས་སྒྲུབ་ད་ལུ་ དཀའ་ཐུག་ག་དེམ་ཅིག་ཡོད་ག་དང་ དེ་ལས་ ཁོ་ལུ་ རྐྱེན་དེ་ ག་ཅི་བཟུམ་འབྱུང་ཡི་ག་ མཐར་ཐུག་ལུ་ ཁོ་ར་གིས་ ཏེ་དམ་པའི་ཆོས་ལུ་ ག་དེ་སྦེ་བཀོད་ཅིག་གི་སྐོར་ལས་ ཁོ་ར་གིས་ ལུང་དྲངས་ཅིག་ བཤད་བཞག་དེ་ ཡོདཔ་ཨིན་མས་ཟེར་ ཞུ་ནི་ཨིན།
- ཨཔ་བྲེ་གང་འ་་ནཱི་ ང་གིས་ ཡར་ལས་མར་གི་ དགེ་སློང་གཞོན་པའི་ཟླཝ་གི་སྐོར་ལས་སྦེ་ ཏེ་ལུང་ངྲངས་ཅིག་ བཤད་གེ་ཟེར་ ཞུ་ནི་ཨིན།
- ཨཔ་བྲེ་གང་དུས་གནམ་ལ་ཚེས་པའི་སྐར་མ་བཟང་། །
- ཨཔ་བྲེ་གང་ས་ལ་ཚེས་པའི་རྒྱུ་སྐར་བཟང་། །
- ཨཔ་བྲེ་གང་བར་ལ་ཚེས་པའི་ཉི་མ་དྲོ། །
- ཨཔ་བྲེ་གང་དུས་བཟང་པོ་གསུམ་གྱིས་ཡར་ཚེས་ལུ། །
- ཨཔ་བྲེ་གང་རྐྱེན་བར་ཆད་བསལ་ཞིག་མཁའ་འགྲོའི་ཚོགས། །
- ཨཔ་བྲེ་གང་དབྱངས་སྙན་པ་ཞུ་ཅིག་ཚེ་རིང་ལྷ། །
- ཨཔ་བྲེ་གང་ཚིག་སྙན་པའི་དེབ་སྦྱོར་མ་ཤེས་རུང་། །
- ཨཔ་བྲེ་གང་གསུང་ག་ཤེས་རྩོམ་ལས་ཞུ་དགོ་སྦེ། །
- ཨཔ་བྲེ་གང་དགེ་སློང་དགེ་སློང་དགེ་སློང་། །
- ཨཔ་བྲེ་གང་དགེ་སློང་གཞོན་པའི་ཟླ་བ། །
- ཨཔ་བྲེ་གང་ཉམས་དགའ་སྟེ་དགེ་སློང་མ་འབད། །
- ཨཔ་བྲེ་གང་ཉམས་མ་དགའ་བཙུན་ཆད་བཞེས་མི་འདི། །
- ཨཔ་བྲེ་གང་གཡུས་མེ་མདའ་བསྒང་ནི་ལྷ་ཡུལ་འདྲ། །
- ཨཔ་བྲེ་གང་ཡར་ལྷ་ཡུལ་ཕོ་བྲང་ནང་ལུ། །
- ཨཔ་བྲེ་གང་མོ་ཡུམ་ཆེན་སངས་རྒྱས་བཟང་མོ་གིས། །
- ཨཔ་བྲེ་གང་བུ་མ་སྐྱེས་ཟེར་བ་བུ་བདུན་སྐྱེས། །
- ཨཔ་བྲེ་གང་བུ་བདུན་སྐྱེ་བའི་ཆུང་ཤོས། །
- ཨཔ་བྲེ་གང་བུ་དྲུག་ཤི་བའི་ལྷག་འཇུག །
- ཨཔ་བྲེ་གང་ང་ལོ་ན་གཞོན་པའི་ཟླཝ་འདི། །
- ཨཔ་བྲེ་གང་ཞག་དུས་ངན་པ་ཕོག་ཆི་ཡི། །
- ཨཔ་བྲེ་གང་སྲིད་དུས་ངན་པ་ཐུགཔ་ལས། །
- ཨཔ་བྲེ་གང་ངེའི་ཡུམ་ཆེན་སངས་རྒྱས་བཟངམོ་གིས། །
- ཨཔ་བྲེ་གང་དམར་ཟོངས་གསུམ་ཚན་བསྒྲིགས །
- ཨཔ་བྲེ་གང་ཟངས་ཀྲམ་ཐུར་མ་བསྡམས། །
- ཨཔ་བྲེ་གང་ཁ་དར་ཕྱག་ལུ་བསྣམས་འདི། །
- ཨཔ་བྲེ་གང་ཕོ་ཆུ་གཡས་སྐོར་རྐྱབ་ས། །
- ཨཔ་བྲེ་གང་མོ་ཆུ་གཡོན་སྐོར་རྐྱབ་ས། །
- ཨཔ་བྲེ་གང་རྫོང་སྤུ་ན་རྫོང་གི་ནང་ལུ། །
- ཨཔ་བྲེ་གང་བླམ་ཡོན་ཏན་མཐའ་ཡས་སྐུ་མདུན་བཅར། །
- ཨཔ་བྲེ་གང་སྐྱ་ཕུལ་བླ་མ་འབྱེག། །
- ཨཔ་བྲེ་གང་ཆོས་མིང་བླམ་ལས་ཞུ། །
- ཨཔ་བྲེ་གང་ཕར་ཀུན་དགའ་ར་ ཕར་ཀུན་ར་ཁྲ་མོའི་ནང་ལུ། །
- ཨཔ་བྲེ་གང་དགེ་འདུན་འདུས་པ་རྒྱ་མཚོ་བཞུགས། །
- ཨཔ་བྲེ་གང་དགེ་འདུན་དམངས་གྲལ་མཇུག་ལས། །
- ཨཔ་བྲེ་གང་ཆུང་ཆུང་ལོ་དོ་བརྒྱད་ལས། །
- ཨཔ་བྲེ་གང་རས་གཟན་མདུད་ཕུད་བཏབ། །
- ཨཔ་བྲེ་གང་བཤམ་ཐབ་ས་ལས་དྲུད། །
- ཨཔ་བྲེ་གང་ལུས་གུས་པའི་ཞུ་ཕྱག་ལན་གསུམ་འཚལ། །
- ཨཔ་བྲེ་གང་ངག་གུས་པའི་གསོལ་འདེབས་ལན་གསུམ་སྐྱོར། །
- ཨཔ་བྲེ་གང་ཡིད་དད་པའི་སྨོན་ལམ་ལེན་གསུམ་བཏབ། །
- ཨཔ་བྲེ་གང་མཚན་ཐོ་གྲྭ་ཚང་དམངས་ལུ་བཅོལ། །
- ཨཔ་བྲེ་གང་བཙུན་ཆས་བཞེས་མི་འདི་ལས་ཨིན། །
- ཨཔ་བྲེ་གང་ང་དགེ་སློང་གཞོན་པའི་ཟླཝ་འདི། །
- ཨཔ་བྲེ་གང་རྫོང་སྤུ་ན་རྫོང་གི་ནང་ལུ། །
- ཨཔ་བྲེ་གང་ཕྱིའི་འཛུལ་སྒོ་གཅིག་ལས་བཙར་ས། །
- ཨཔ་བྲེ་གང་ནང་གཟིམ་ཅུང་རང་སར་ཤེད་མི། །
- ཨཔ་བྲེ་གང་ཁོ་སློབ་དཔོན་བསམ་གཏན་རྡོ་རྗེ་འདི། །
- ཨཔ་བྲེ་གང་མི་དྲག་པའི་འགོ་འདྲེན་འཐབ་མི། །
- ཨཔ་བྲེ་གང་ཞན་པའི་སྐྱིད་སྡུག་བལྟ་མི་ཨིན། །
- ཨཔ་བྲེ་གང་རང་བཙུན་ཆུང་གཞོན་པའི་ཟླ་བ་གིས། །
- ཨཔ་བྲེ་གང་སྐྱབས་འཚོལ་བའི་གསོལ་འདེབས་འདི་ཞུ་ཡི། །
- ཨཔ་བྲེ་གང་ལུས་ངག་ཡིད་གསུམ་བླ་མར་ཕུལ། །
- ཨཔ་བྲེ་གང་ལྟོ་གོས་ཆོས་གསུམ་བླམ་ལས་ཞུ། །
- ཨཔ་བྲེ་གང་བཀའ་བཞིན་གྲུབ་པའི་ཁས་བླངས་ཕུལ། །
- ཨཔ་བྲེ་གང་ཡར་བླ་མ་གནང་མི་གདམས་ངག་ཞུ། །
- ཨཔ་བྲེ་གང་བྱ་སྤུ་རྣོན་འདྲ་བའི་སྒྲིག་ཅིག་རྒྱུགས། །
- ཨཔ་བྲེ་གང་ལུས་འཕྱག་མི་གྲལ་ལས་བཙར་བའི་བསྒང་། །
- ཨཔ་བྲེ་གང་ཕྱགསམ་ལག་པའི་རྒྱན་ཆ་སྦེ། །
- ཨཔ་བྲེ་གང་བྱ་པོད་སེམས་ཀྱི་བདོག་གཏད་ཨིན། །
- ཨཔ་བྲེ་གང་བྱཔོ་འབོལ་ལོ་ཚེ་རིང་ཅན་མ་གིས། །
- ཨཔ་བྲེ་གང་གཟནམ་རྡོ་ཅུང་འཐུཝ་དེ་འཐུ། །
- ཨཔ་བྲེ་གང་ཆུ་ཁྲུས་ཆུ་འཐུངམ་དེ་འཐུང་ཡི་རང་། །
- ཨཔ་བྲེ་གང་གནམ་ནུམ་ཕྱེད་ཕར་ཡལ་ཚུར་ཡལ་ལུ། །
- ཨཔ་བྲེ་གང་ལྟས་ངན་པའི་སྲོད་བྱ་འབོཔ་ལས། །
- ཨཔ་བྲེ་གང་ཡར་གྲལ་མགོ་རྣོན་པའི་དོ་དམ་གིས། །
- ཨཔ་བྲེ་གང་ངེའི་མགུ་ལུ་དབྱུག་པ་ལེན་གསུམ་དྲངས། །
- ཨཔ་བྲེ་གང་མཇུག་ལས་ཡར་འཛེག་ལེན་གསུམ་སྤྲིངས། །
- ཨཔ་བྲེ་གང་ཉེསཔ་མེད་པའི་ཉེས་ཆས་བཀལ་རུང་། །
- ཨཔ་བྲེ་གང་ང་སྙིང་རྗེ་སེམས་ལས་མ་སྤངས། །
- ཨཔ་བྲེ་གང་ཕར་འདུ་ཁང་ཁྲ་མོའི་ནང་ལུ། །
- ཨཔ་བྲེ་གང་གསུང་ཆོས་འབྲུག་དེ་ལྡིར་ས་ལུ། །
- ཨཔ་བྲེ་གང་མཆོད་དཔོན་མཆོད་གཡོག་བསྡོམས་ཏེ། །
- ཨཔ་བྲེ་གང་མཆོད་འབྲུ་ཨརཝ་ཤོར་སོང་ནུག །
- ཨཔ་བྲེ་གང་ཨརཝ་ག་མས་འཚོལ་སོང་པ། །
- ཨཔ་བྲེ་གང་གདང་གི་ལྟོང་ལྟོད་བྱཔོ་མས། །
- ཨཔ་བྲེ་གང་མཆོད་གཡོགཔ་པ་སངས་སླབ་ཚེ། །
- ཨཔ་བྲེ་གང་བྱཔོ་ལྟོ་ཀྱི་བཀྱེས་ཏེ་བཟའནི།
- ཨཔ་བྲེ་གང་དངཝ་ས་ག་དགོཔ་བཟའ་གེ །
- ཨཔ་བྲེ་གང་བྱཔོ་མནོ་བའི་བསམ་གྱིས་བཟའན། །
- ཨཔ་བྲེ་གང་བྱཔོ་རིན་ཆེན་སྲོག་དང་འབྲལ་ནི་ལོ། །
- ཨཔ་བྲེ་གང་རང་བཙུན་ཆུང་གཞོན་པའི་ཟླ་བ་གིས། །
- ཨཔ་བྲེ་གང་རྒྱུ་མེད་རུང་ཕྱག་འགྱེདཔ་བསྒྲིགས། །
- ཨཔ་བྲེ་གང་ཁ་མེད་རུང་གསོལ་བ་བཏབ་སྟེ། །
- ཨཔ་བྲེ་གང་བྱཔོ་ཤི་བའི་སྲོག་སྐྱབས་འབད་མི་འདི། །
- ཨཔ་བྲེ་གང་ཆོས་གྲུབ་པའི་སྐལ་བ་བཟང་ཤོས་ཨིན། །
- ཨཔ་བྲེ་གང་གནམ་མཐོ་རང་དགུང་ན་ལངམ་ལས། །
- ཨཔ་བྲེ་གང་རང་དགོ་པའི་དཔེ་ཆ་ལྟ་ཡི། །
- ཨཔ་བྲེ་གང་ཉིན་ཕྱེད་ཕར་ཡོལ་ཚུར་ཡོལ་ལུ། །
- ཨཔ་བྲེ་གང་སེམས་དགའ་བའི་ཆ་རོགས་གདོང་སྐོར་རྐྱབ། །
- ཨཔ་བྲེ་གང་གཏམ་སྙན་པའི་ཧིང་གཏམ་ཕར་ཚུར་བཤད། །
- ཨཔ་བྲེ་གང་ཟས་ཞིམ་པའི་ཁ་ཟས་སྦུག་ལུ་བཙུགས། །
- ཨཔ་བྲེ་གང་ཉམས་དགའ་བའི་དགའ་སྤྲོ་སྒྱུར་བའི་བར། །
- ཨཔ་བྲེ་གང་དུས་ཚོད་དུས་ཀྱི་རིནམ་ལས། །
- ཨཔ་བྲེ་གང་ས་ཡང་སྦུག་ལས་འགགཔ་མས། །
- ཨཔ་བྲེ་གང་ཞག་གྲངས་ཟླ་བ་ཕུལ། །
- ཨཔ་བྲེ་གང་ཟླ་གྲངས་ལོ་ཀྱིས་བཅདཔ་ལས། །
- ཨཔ་བྲེ་གང་རང་དགེ་སློང་གཞོན་པའི་ཟླཝ་འདི། །
- ཨཔ་བྲེ་གང་ལོ་ཉི་ཤུ་རྩ་གཅིག་ལངས་སོ་ཡི། །
- ཨཔ་བྲེ་གང་ཏེ་ཁོ་ ཁོ་རའི་མ་ལས་ཡར་ དཀའ་ཆེ་གཏང་དེ་གིས་ ལོ་ཁལ་ཅིག་གཅིག་གི་ནང་འཁོད་ལུ་ ཁོ་གྲྭ་་ཚང་ས་སྒོ་གི་ སྒྲིག་ལམ་དེ་ འ་ནཱེམ་ཅིག་ འཇུག་ནུག་ཟེར་ སླབ་ནི།
- ཨཔ་བྲེ་གང་འ་ནཱི་སྡེ་ཚན་གཅིག་སྦེ་སྡོད་འོང་།
- ཨཔ་བྲེ་གང་ཕར་དགེ་འདུན་ཀ་ཅུང་ནང་ལུ། །
- ཨཔ་བྲེ་གང་དབང་ཚད་ཅན་གྱི་སློབ་དཔོན་བཞི། །
- ཨཔ་བྲེ་གང་བཀའ་ཚེར་ཆེ་བའི་སྐུ་དྲུང་གསུམ། །
- ཨཔ་བྲེ་གང་སྟོབས་བདག་བསྐྱེད་ཡོད་པའི་བླ་སློབ་ཚུ། །
- ཨཔ་བྲེ་གང་བཀའ་གྲོས་གྱོས་སྐོར་བསྡུར་ས། །
- ཨཔ་བྲེ་གང་གསུང་གྲོས་ཀྱི་གྲལ་སྦུག་གནང་མི་ལུ། །
- ཨཔ་བྲེ་གང་བྱཱར་ཚད་པའི་གནམ་དུས་ཡལཝ་ལས། །
- ཨཔ་བྲེ་གང་དགུན་ཟླ་རིམ་གྱིས་ཚེས་ཆི་ཡི། །
- ཨཔ་བྲེ་གང་ཟླཝ་བཅུ་གཉིས་ཚེས་པའི་ཡར་ཚེས་ལུ། །
- ཨཔ་བྲེ་གང་སྟོབས་ཆེ་ སྟོབས་བདག་བསྐྱེད་ཆེ་བའི་སྐུ་དྲུང་དང་། །
- ཨཔ་བྲེ་གང་གཏམ་སྙན་གྲགས་ཆེ་བའི་ཆབ་བླུགཔ་གཉིས། །
- ཨཔ་བྲེ་གང་སྒོ་གནས་ཀྱི་རིམ་པ་འགྲིགས་དགོ་ལོ། །
- ཨཔ་བྲེ་གང་བྱེ་ངོ་རིས་ལེགས་པའི་ཆབ་བླུགཔ་འདི། །
- ཨཔ་བྲེ་གང་མང་པའི་སྦུག་ལས་སེལ་དགོ་པས། །
- ཨཔ་བྲེ་གང་ཉུང་པའི་སྦུག་ལས་འཐུ་དགོ་པས། །
- ཨཔ་བྲེ་གང་གཅིག་ཤུལ་གཉིས་ཀྱིས་སྡོད་རུང་། །
- ཨཔ་བྲེ་གང་གསུམ་ཁ་གཞོན་པའི་ཟླ་བ་མས། །
- ཨཔ་བྲེ་གང་ཤོ་རྐྱབ་འགན་གྱི་འཐུ་རུང་། །
- ཨཔ་བྲེ་གང་དུམ་ཁར་གཞོན་པའི་ཟླ་བ་མས། །
- ཨཔ་བྲེ་གང་ངེའི་ཡུམ་ཆེན་སངས་རྒྱས་བཟང་མོ་གིས། །
- ཨཔ་བྲེ་གང་ང་རྒྱལ་རི་དེ་ལངས། །
- ཨཔ་བྲེ་གང་རྣམ་རྟོག་དགྲ་དེ་བཙུགས་ཏེ། །
- ཨཔ་བྲེ་གང་རྒྱུ་མེད་པའི་སྐྱོ་སྐད་རྐྱབ། །
- ཨཔ་བྲེ་གང་ཀཕར་སྒོ་ར་སྒོ་ཁར་ལྷོད་སོང་ནུག །
- ཨཔ་བྲེ་གང་གསོལཝ་བཏབ་པའི་རེ་བ་བསྐྱེད་སོང་པ། །
- ཨཔ་བྲེ་གང་ཁོ་སློབ་དཔོན་བསམ་གཏན་རྡོ་རྗེ་གིས། །
- ཨཔ་བྲེ་གང་ཡུམ་ཨ་མའི་གདོང་ལེན་འབད་དེ། །
- ཨཔ་བྲེ་གང་གཏམ་ཧན་པའི་ལོ་རྒྱུ་འདི་གསུངས་ནུག །
- ཨཔ་བྲེ་གང་ཁྱོད་ཡུམ་ཆེན་སངས་རྒྱས་བཟང་མོ། །
- ཨཔ་བྲེ་གང་ནང་སྒོགཔ་སོན་དོགས་དེ་མ་དོགས་པར། །
- ཨཔ་བྲེ་གང་རྣཝ་ང་ལུ་ཚར་ཅིག་ཉནམ་ད། །
- ཨཔ་བྲེ་གང་ཚིག་བྱང་ཤན་བརྣརཝ་དེ་བརྣར་གེ །
- ཨཔ་བྲེ་གང་འཛམ་གླིང་ནོར་གྱི་བང་མཛོད་ཨིན། །
- ཨཔ་བྲེ་གང་མི་རིག་པ་ཅན་གྱི་སྡོད་ས་ཨིན། །
- ཨཔ་བྲེ་གང་བུ་ཆབ་བླུགཔ་གཞོན་པའི་ཟླ་བ་འདི། །
- ཨཔ་བྲེ་གང་ལུས་ལྕོགས་གྲུབ་ཅན་གྱི་མི་ར་ཨིན། །
- ཨཔ་བྲེ་གང་བྱེད་ངོ་རིས་ལེགས་པའི་མི་རང་ཨིན། །
- ཨཔ་བྲེ་གང་གཏམ་སྙན་གྲགས་ཆེ་བའི་མིང་གཏམ་ཅིག །
- ཨཔ་བྲེ་གང་ནཱ་སྤུང་ན་རྫོང་ལུ་བཞག་དགོ་ཟེར། །
- ཨཔ་བྲེ་གང་ཁ་ཧན་པའི་སྐོར་གཏམ་བཙུགསཔ་ལས། །
- ཨཔ་བྲེ་གང་ཨམ་སྒོ་ར་ཁ་ལས་ལོག་ད་ཡི། །
- ཨཔ་བྲེ་གང་ཁོ་སློབ་དཔོན་བསམ་གཏན་རྡོ་རྗེ་གིས། །
- ཨཔ་བྲེ་གང་ཚོང་རྒྱ་ཚོང་བོད་ཚོང་རྐྱབ་མི་དགོ །
- ཨཔ་བྲེ་གང་ཟོངས་དམར་ཟོངས་གཟེམ་མའི་གི་བ་ཡོད། །
- ཨཔ་བྲེ་གང་དར་གོས་ཆེན་བུན་འགྲིལ་བསྡམས་ཏེ་ཡོད། །
- ཨཔ་བྲེ་གང་མཐོཝ་ལ་བརྒལ་ལུང་བརྒལ་་རྐྱབ་མི་དགོ །
- རྫོང་ཁག་ཞབས་བྲོ་རྐྱབ་མི:ཤར་སྒོ་ར་གདང་མི་སྟེང་ལུ་ཡོད། །
- ཨཔ་བྲེ་གང་དམར་ཟོངས་སྒྲོལ་མའི་ནང་ལུ་ཡོད། །
- ཨཔ་བྲེ་གང་ད་ན་བཟའ་སོར་ཅིག་ཆབ་བླུག་པ། །
- ཨཔ་བྲེ་གང་སྟོད་རྩིས་འཁས་མི་མེ་ཏོག །
- ཨཔ་བྲེ་གང་གནམ་དུས་རནམ་ད་ཤར་དགོ་པ། །
- ཨཔ་བྲེ་གང་རས་གཟན་ཚོགས་ཀྱི་སྡོང་པོ། །
- ཨཔ་བྲེ་གང་གཉའ་བར་གཟར་བའི་ལེགས་ཤོས། །
- ཨཔ་བྲེ་གང་གཤམ་ཐབ་ཆོས་ཀྱི་པོ་ཏི། །
- ཨཔ་བྲེ་གང་ཚིའུ་བདུན་བརྩེགས་རྐྱབ་པའི་འཇའ་ཤོས། །
- ཨཔ་བྲེ་གང་ཆབ་ཤུབ་རྒྱ་གསེར་ཅན་མ་འདི། །
- ཨཔ་བྲེ་གང་ས་ལས་དྲུད་ཚེ་འཕང་མི་ཕང་། །
- ཨཔ་བྲེ་གང་ལྕགས་དཀར་དངུལ་ཆུ་ཅན་མི་གུར། །
- ཨཔ་བྲེ་གང་པ་ཏྲ་རི་དྭགས་ཆོས་འཁོར་བརྐོ། །
- ཨཔ་བྲེ་གང་དེ་ལུ་གསེར་གྱི་ཆབ་ཅིག་སྦྲོན། །
- ཨཔ་བྲེ་གང་ཀྲི་མི་སྒང་ཟུར་ཕོག་པའི་གུར། །
- ཨཔ་བྲེ་གང་པ་ཏྲ་རྒྱ་ནག་ལྕགས་རི་བརྐོ། །
- ཨཔ་བྲེ་གང་དེ་ལུ་གསེར་གྱི་ཆབ་ཅིག་སྦྲོན། །
- ཨཔ་བྲེ་གང་རྡོ་མ་རྒྱ་ཟ་དབང་ཕྱུག །
- ཨཔ་བྲེ་གང་བྱཱར་ཤིང་བཀགཔ་དེ་བཀག །
- ཨཔ་བྲེ་གང་པ་ནས་ཡིད་འཕྲོག་ལྷ་མོ། །
- ཨཔ་བྲེ་གང་ཤོ་འདབ་པེག་དེ་པེག །
- ཨཔ་བྲེ་གང་རྩུ་ནེ་དཀརམ་ཆོས་འཛོམས། །
- ཨཔ་བྲེ་གང་དཀར་ར་གཏངམ་དེ་གཏང་། །
- ཨཔ་བྲེ་གང་ཡར་མཚན་ལྡན་བླ་མའི་སྐུ་སྐལ་དྲངས། །
- ཨཔ་བྲེ་གང་དབང་ཆེན་དཔོན་ལུ་བཞེས་ལེན་འགྲིགས། །
- ཨཔ་བྲེ་གང་མཉམ་རོགས་གཞོན་པའི་སྤྲོ་ཟས་ཨིན། །
- ཨཔ་བྲེ་གང་མཇུག་ཁྲག་ལུ་རྐྱབ་པ་མ་བལྟ་བར། །
- ཨཔ་བྲེ་གང་ཟས་རྡོག་མ་ཁམ་ཅིག་བཞེས་ཤོག །
- ཨཔ་བྲེ་གང་ཕྱི་མི་རྣམས་ཀུན་གྱི་སླབ་ཚེ། །
- ཨཔ་བྲེ་གང་དགེ་སློང་གཞོན་པའི་ཟླ་བ་ལོ། །
- ཨཔ་བྲེ་གང་ནང་དགེ་སློང་དམངས་གིས་སླབ་ཚེ། །
- ཨཔ་བྲེ་གང་ཆབ་བླུགཔ་གཞོན་པའི་ཟླ་བ་ལོ། །
- ཨཔ་བྲེ་གང་ཁོ་སློབ་དཔོན་བསམ་གཏན་རྡོ་རྗེ་ ཁོ་སློབ་དཔོན་བསམ་གཏན་སླབ་ཚེ། །
- ཨཔ་བྲེ་གང་ཚེ་ཆེན་བཅོ་ལྔའི་ཟླ་བ་ལོ། །
- ཨཔ་བྲེ་གང་ཟླཝ་གསུམ་གྱི་ཡར་ངོ་ཚེསཔ་ལས། །
- ཨཔ་བྲེ་གང་ཉི་ཟླ་གཟའ་གིས་བཟུང་མ་བཅུག །
- ཨཔ་བྲེ་གང་ངེའི་ཆབ་བླུགཔ་གཞོན་པའི་ཟླ་བ་འདི། །
- ཨཔ་བྲེ་གང་ཕར་ཀུན་རའི་སྒོ་ལས་ཐོན་ཚེ། །
- ཨཔ་བྲེ་གང་ཉིམ་གཞའ་གིས་སྐོར་བའི་ཉམས་ཅིག་འདུག །
- ཨཔ་བྲེ་གང་ལམ་རྡོ་བཅལ་སྦུག་ལས་བྱོན་རུང། །
- ཨཔ་བྲེ་གང་འོད་གཟིམ་ཅུང་སྦུག་ལུ་ཕོག་ཆི་ཡི། །
- ཨཔ་བྲེ་གང་ངེའི་སློབ་དཔོན་མུན་པ་འདི་གིས་བསལ་ཟེར། །
- ཨཔ་བྲེ་གང་ད་ཁོ་གི་འ་ནཱེ་ཆབ་བླུགཔ་གཞོན་ དགེ་སློང་གཞོན་པའི་ཟླཝ་ཟེརཝ་ད་ ཏེ་ཁོ་འ་ནཱ་ལས་ ཆབ་བླུགཔ་འབདཝ་ད་གི་ ལྕོགས་སྒྲུབ་དང་ ཏེ་མཁས་མཆོག་དེ་ འ་ནཱེམ་ཅིག་ ཁོ་རང་གི་སྐོར་ལས་སྦེ་ བཤད་པ་རྐྱབ་བརྩམ་བརྩམ་མས་བར་འ་ནཱེ་སྨོམ།
- ཨཔ་བྲེ་གང་ད་ནཱ་ལས་མར་ ཁོ་གི་ རྐྱེན་བྱུང་མི་གི་སྐོར་ལས་སྦེ་འཐེན་ནི།
- ཨཔ་བྲེ་གང་ད་དགུན་ཟླ་རིམ་གྱིས་རྫོགས་སོང་ཡི། །
- ཨཔ་བྲེ་གང་སོ་ཟླ་དུས་ཀྱིས་ཚེས་ཆི་ཡི། །
- ཨཔ་བྲེ་གང་ཟླཝ་དང་པ་ཟེར་བའི་ཡར་ཚེས་ལུ། །
- ཨཔ་བྲེ་གང་ནང་མགོན་པོའི་དབང་ཆེན་རན་ཆི་ཡི། །
- ཨཔ་བྲེ་གང་སྤུ་ན་དགོན་པོའི་དབང་ཆེན་འདི། །
- ཨཔ་བྲེ་གང་ཕྱིར་དགོན་པོའི་དབང་ཆེན་ཞག་བཅོ་ལྔ་། །
- ཨཔ་བྲེ་གང་ནང་དགེ་སློང་ལྟོཔ་ཞག་བཅུ་དྲུག །
- ཨཔ་བྲེ་གང་གསུང་ཆོག་འབྲུག་དེ་ལྡིར་ས་ལུ། །
- ཨཔ་བྲེ་གང་སྤྱན་གཟན་དར་དཔྱངས་འོག་ལས། །
- ཨཔ་བྲེ་གང་ནང་རྟེན་བྱིན་རླབས་ཅན་ཚུ། །
- ཨཔ་བྲེ་གང་མི་དམངས་མཇལ་ཁ་གནང་ས་ལུ། །
- ཨཔ་བྲེ་གང་མི་བརྒྱ་དང་སྟོང་སྦེ་འཛོམས་ཆི་ནུག །
- ཨཔ་བྲེ་གང་ཁྲོམ་མི་དམངས་འཛོམས་པའི་སྦུག་ལས། །
- ཨཔ་བྲེ་གང་བརྩེ་མིག་གཞི་མཐུན་ཚེ་ལེགས་མི་དགོ །
- ཨཔ་བྲེ་གང་ལེགསཔ་མིག་གིས་ཟུར་ལས་མཐོང་ཆི་ཡི། །
- ཨཔ་བྲེ་གང་གྲོགས་མནོ་བསམ་མཐུན་ཚེ་སྐྱོང་མི་དགོ །
- ཨཔ་བྲེ་གང་སྐྱོང་ཁོག་པའི་ཤར་ཆེ་ཡི། །
- ཨཔ་བྲེ་གང་མོ་ཕོབ་སྦྱིསཔ་གསང་སྔགས་བཟང་མོ་འདི། །
- ཨཔ་བྲེ་གང་ཕྱི་བལྟ་བའི་ངོ་རི་ལེགས་ཤོས་མས། །
- ཨཔ་བྲེ་གང་ནང་སེམས་ཀྱི་ཀྲབ་ལཱ་མཁས་ཤོས་མས། །
- ཨཔ་བྲེ་གང་གཅིག་སེམས་གཅིག་ལུ་ཆགསཔ་ལས། །
- ཨཔ་བྲེ་གང་ངོ་ཤེས་མིག་གིས་བལྟ་ད་ཡི། །
- ཨཔ་བྲེ་གང་མཐུན་ཤེས་ཁ་གིས་ཕྱེད་ཆི་ཡི། །
- ཨཔ་བྲེ་གང་ཞག་དུས་ལག་པ་བཟོ་ད་ཡི། །
- ཨཔ་བྲེ་གང་ལོག་འཕྱད་པའི་དུས་ཚོད་བཟོ་འདི། །
- ཨཔ་བྲེ་གང་ཉིནམ་ནངས་པར་ཟེར་བའི་ཉིན་དགུང་ལུ། །
- ཨཔ་བྲེ་གང་ཟམ་མོ་ཆུ་ཟམ་པའི་ཧང་གུ་ལུ། །
- ཨཔ་བྲེ་གང་ཆང་ཨ་ར་འཐུང་མི་ཞིམ་ཤོས་ཨིན། །
- ཨཔ་བྲེ་གང་ཟས་རྡོག་མ་བཟའ་བའི་སྤྲོ་ཤོས་སྦེ། །
- ཨཔ་བྲེ་གང་གཏམ་ཧིང་གཏམ་བཤད་པའི་ཧན་ཤོས། །
- ཨཔ་བྲེ་གང་བརྩེ་གྲོགས་ལུ་བསྡོམས་པའི་འཇམ་ཤོས་སྦེ། །
- ཨཔ་བྲེ་གང་བརྩེ་གྲོགས་ལུ་བསྡོམས་པའི་མགྱོགས་ཤོས་སྦེ། །
- ཨཔ་བྲེ་གང་ད་བཟའ་ཚང་གཅིག་ལུ་བསྡོམས་ཆི་ཡི། །
- ཨཔ་བྲེ་གང་དགོནམ་དབང་ཆེན་བྱིན་རླབས་ཆེ་ལུགས་དང་། །
- ཨཔ་བྲེ་གང་མོ་སྨན་ཆུང་གཡོ་རྒྱུ་མཁས་ལུགས་ཀྱིས། །
- ཨཔ་བྲེ་གང་སྙན་རྒྱ་གསེར་གྱི་རྒྱ་གླིང་། །
- ཨཔ་བྲེ་གང་རང་ཆབ་བླུགཔ་གཞོན་པའི་ཟླཝ་འདི། །
- ཨཔ་བྲེ་གང་ཉལཝ་གཉིད་ཀྱི་ལྷན་པ་བཏབ་ཆེ་ཡི། །
- ཨཔ་བྲེ་གང་ནུབ་ཕྱེ་ཕར་ཡོལ་ཚུར་ཡོལ་ལུ། །
- ཨཔ་བྲེ་གང་མོ་སྙིང་གྲོགས་གསང་སྔགས་བཟང་མོ་གིས། །
- ཨཔ་བྲེ་གང་ད་བཞེངས་ད་དེ་སྦེ་ཕུལ་དེ་ལོ། །
- ཨཔ་བྲེ་གང་གསུང་བཞེངས་ཅིག་བཞེངས་ཅིག་ཆབ་བླུག་པ། །
- ཨཔ་བྲེ་གང་སྤུ་ན་སྒོ་གཟའ་ཐོག་ལས། །
- ཨཔ་བྲེ་གང་གསུང་སྙན་པའི་མཆོད་དྲིལ་གསིག་ད་ཡི། །
- ཨཔ་བྲེ་གང་སྤུ་ན་སྒོ་གཟའ་གཡས་ལས། །
- ཨཔ་བྲེ་གང་གསེར་བྱ་དངུལ་བྱ་འབོ་ད་ཡི། །
- ཨཔ་བྲེ་གང་སྤུ་ན་སྒོ་གཟའ་གཡོན་ལས། །
- ཨཔ་བྲེ་གང་གསེར་དུང་དངུལ་དུང་འཕུ་ད་ཡི། །
- ཨཔ་བྲེ་གང་ད་བཞེངས་ཅིག་བཞེངས་ཅིག་ཆབ་བླུག་པ། །
- ཨཔ་བྲེ་གང་ཁ་སྙན་པའི་གཏམ་ལུ་ཉན་ཏེ་གིས། །
- ཨཔ་བྲེ་གང་ལུས་བརྟག་དཔྱད་འབད་ལོངས་མེད་པ། །
- ཨཔ་བྲེ་གང་ཡར་དབང་ཆེན་གྲལ་ཁར་ལྷོད་སོང་ཡི། །
- ཨཔ་བྲེ་གང་ཡར་དབང་ཆེན་གྲལ་ཁར་ལྷོད་ལས། །
- ཨཔ་བྲེ་གང་གནམ་ལངས་པའི་དཀར་མདངས་སྟོནམ་ལས། །
- ཨཔ་བྲེ་གང་རོགས་དགེ་སློང་དམངས་ནི་དམར་རུ་རུ། །
- ཨཔ་བྲེ་གང་རང་ཆབ་བླུགཔ་གཞོན་པའི་ཟླཝ་འདི། །
- ཨཔ་བྲེ་གང་ལུས་དོམ་མར་མ་གྱུར་གནག་བྱེམ་བྱེམ། །
- ཨཔ་བྲེ་གང་སེམས་རྣམ་རྟོག་ནང་ལས་བཙུགས་ད་ཡི། །
- ཨཔ་བྲེ་གང་ལྟས་ངན་འབདཝ་ལས་ ལྟས་ངན་ཕྱི་ལས་སྟོནམ་ལས། །
- ཨཔ་བྲེ་གང་ང་ཤེད་མི་མེད་པ་སྤར། །
- ཨཔ་བྲེ་གང་བདའ་མི་མེད་པར་བྱོག །
- ཨཔ་བྲེ་གང་རྫོང་དཀར་པོའི་སྒོ་ལས་ཐོན། །
- ཨཔ་བྲེ་གང་ཟམ་མོ་ཆུ་ཟམ་ལས་བརྒལ་ཏེ། །
- ཨཔ་བྲེ་གང་ཡར་ལྕང་ཡུལ་ལུང་ཁ་ལྷོད་སོང་ཡི། །
- ཨཔ་བྲེ་གང་ནང་ཀུན་ར་ཁྲ་མོའི་ནང་ལས། །
- ཨཔ་བྲེ་གང་ཝང་མཚོ་ཆེན་བརྒྱད་ཀྱི་སྐུ་དྲུང་གིས། །
- ཨཔ་བྲེ་གང་ཁོ་ཡབ་ཆེན་མགུ་ན་པ་ཏྲ་ལུ། །
- ཨཔ་བྲེ་གང་ཐུགས་ཁྲོལ་པའི་བཀའ་རྒྱ་དེ་གསུངས་ནུག །
- ཨཔ་བྲེ་གང་ཁྱོད་ཡབ་ཆེན་མགུ་ནག་པ་ཏྲ་གིས། །
- ཨཔ་བྲེ་གང་ཡར་ལྕང་ཡུལ་ཟམ་པ་སོང་ཞིནམ་ད། །
- ཨཔ་བྲེ་གང་ཁོ་ཆབ་བླུགཔ་གཞོན་པའི་ཟླ་བ་འདི། །
- ཨཔ་བྲེ་གང་བྱ་འུར་པ་བདའཝ་དེ་བདའ། །
- ཨཔ་བྲེ་གང་བྱ་བྱི་ལིས་བཟུངམ་དེ་བཟུང་ཞིནམ་ལས། །
- ཨཔ་བྲེ་གང་ནང་ཀུན་ར་སྒོ་ཁར་འཁྱིད་ཤོག་གསུངས། །
- ཨཔ་བྲེ་གང་ཁོ་ཡབ་ཆེན་མགུ་ནག་པ་ཏྲ་གིས། །
- ཨཔ་བྲེ་གང་ནང་སྐུ་དྲུང་གནང་མི་བཀའ་རྒྱ་འདི། །
- ཨཔ་བྲེ་གང་འབགན་རི་ལས་ལྕི། །
- ཨཔ་བྲེ་གང་འབོརན་གསེར་ལས་འཕང་སྟེ། །
- ཨཔ་བྲེ་གང་རྫོང་དཀར་པོའི་སྒོ་ལས་ཐོན། །
- ཨཔ་བྲེ་གང་ཐང་སྦོམ་ཚད་གོམས་པ་གཤགས་ཏེ་འགྱོ། །
- ཨཔ་བྲེ་གང་གན་གཟར་ཚད་ལག་པར་བཤེད་དེ་འཛེགས། །
- ཨཔ་བྲེ་གང་ཡར་ལྕང་ཡུལ་ལུང་པ་ལྷོད་སོང་ཡི། །
- ཨཔ་བྲེ་གང་ཁོ་ཆབ་བླུགཔ་གཞོན་པའི་ཟླ་བ་འདི། །
- ཨཔ་བྲེ་གང་ཤཝ་ཤ་ཁྱི་བདའཝ་དེ་བདའ། །
- ཨཔ་བྲེ་གང་ཁྱི་གཟིག་གིས་ཤེདཝ་དེ་ཤེད། །
- ཨཔ་བྲེ་གང་དབང་མེད་པའི་ས་ལུ་བརྡབས། །
- ཨཔ་བྲེ་གང་ལུས་འ་མ་དྲུདཔ་དེ་དྲུད་དེ། །
- ཨཔ་བྲེ་གང་ནང་ཀུན་ར་སྒོ་ཁར་བཀལ་ད་ཡི་ཟེར། །
- ཨཔ་བྲེ་གང་ཁོ་ཆབ་བླུགཔ་གཞོན་པའི་ཟླ་བ་འདི། །
- ཨཔ་བྲེ་གང་ནང་སྡོམ་པ་དམ་ཚིག་ཤོར། །
- ཨཔ་བྲེ་གང་ཕྱིར་ཐབས་དང་རྟེན་འབྲེལ་འཁྲུལཝ་ལས། །
- ཨཔ་བྲེ་གང་མོ་ཡུམ་ཆེན་སངས་རྒྱས་བཟང་མོ་ལུ། །
- ཨཔ་བྲེ་གང་ལྟས་ངན་པའི་རྟགས་ཅིག་སྟོན་ད་ཡི། །
- ཨཔ་བྲེ་གང་ཉིན་མ་ལྟོ་ལུ་བཅུད་མེད་ས། །
- ཨཔ་བྲེ་གང་ཕྱི་རུ་ཉལ་རུ་གཉིད་མ་ལོག །
- ཨཔ་བྲེ་གང་གནམ་དགུང་ན་ཕྱི་རུ་འགྱོཝ་ལས། །
- ཨཔ་བྲེ་གང་ལུས་ཀྱིས་འགྱོ་སར་མ་ལྷོད། །
- ཨཔ་བྲེ་གང་སེམས་ཀྱིས་སྡོད་སར་མ་ཆགས། །
- ཨཔ་བྲེ་གང་སེམས་ཀྱིས་སྡོད་སར་མ་ཆགས། །
- ཨཔ་བྲེ་གང་ནུམ་ཕྱེད་ཕར་ཡོལ་ཚུར་ཡོལ་ལུ། །
- ཨཔ་བྲེ་གང་རྟ་གིས་བྱང་གུར་འཛེགས། །
- ཨཔ་བྲེ་གང་རོ་ཁྱི་ངུ་སྐད་རྐྱབ། །
- ཨཔ་བྲེ་གང་བྱ་པོད་སྲོད་བྱ་འབོཔ་ལས། །
- ཨཔ་བྲེ་གང་ང་བདག་གི་ཡུམ་ཆེན་ཨ་མའི། །
- ཨཔ་བྲེ་གང་སེམས་ཚ་གྱང་མ་ལངས་ཐབས་མིན་འདུག །
- ཨཔ་བྲེ་གང་གནམ་མ་ལངས་སེམས་ཀྱི་སྒོ་ཕྱེ་བལྟ། །
- ཨཔ་བྲེ་གང་གནམ་ལངས་པའི་དཀར་མདངས་སྟོནམ་ལས། །
- ཨཔ་བྲེ་གང་ཆུམ་དམར་སོར་བང་ཁྲ་ནང་ལུ་འདེགས། །
- ཨཔ་བྲེ་གང་སྙན་དར་ཕྱེ་ཀྲམ་མོ་ཀྲམ་བཙུགས། །
- ཨཔ་བྲེ་གང་སངས་དང་ཁྲུས་ལས་བཏོན་ཏེ་གིས། །
- ཨཔ་བྲེ་གང་ཡར་རྩིས་པའི་ཕྱག་དབང་ལྷོད་སོང་ཡི། །
- ཨཔ་བྲེ་གང་ཁོརྩིས་པ་དཀོན་མཆོག་དབང་འདུས་འདི། །
- ཨཔ་བྲེ་གང་ཟས་དྲོ་མཛར་བཟའ་ནི་ཕར་ར་བཞག །
- ཨཔ་བྲེ་གང་ཆུ་ཧུབ་ཐེངས་གཅིག་རང་ཁ་མ་འཐུང་། །
- ཨཔ་བྲེ་གང་ཡུམ་ཨ་མའི་རྣམ་འགྱུར་མཐོངམ་ལས། །
- ཨཔ་བྲེ་གང་སེམས་འདྲ་ཅིག་འདྲ་གཉིས་ཆགས་ཆི་ཡི། །
- ཨཔ་བྲེ་གང་མོ་བཏབ་རྩིས་བཏབ་འབད་གེ་ཟེར། །
- ཨཔ་བྲེ་གང་མོ་ཆས་ལག་ལུ་ལེན་ཏེ་གིས། །
- ཨཔ་བྲེ་གང་ཕྱིར་གྲིབ་ལས་འཛེམས་པའི་བསངས་བདུག་རྐྱབ། །
- ཨཔ་བྲེ་གང་འཕགསཔ་འཇམ་དཔལ་དབྱངས་ལུ་གསོལ་བ་བཏབ། །
- ཨཔ་བྲེ་གང་སྤྱན་རས་གཟིགས་ལུ་མོས་གུས་བསྐྱེད། །
- ཨཔ་བྲེ་གང་ཕྱག་ན་རྡོ་རྗེར་རྒྱབ་སྐྱོར་འཚོལ། །
- ཨཔ་བྲེ་གང་རྩིས་ཐང་རས་ཞིང་བརྐྱང་སོང་བར། །
- ཨཔ་བྲེ་གང་མོ་སྒོ་ཤོ་མོ་བཙུགས་སོང་པ། །
- ཨཔ་བྲེ་གང་ཤོ་མིག་དྲུག་གསུམ་བཅོ་བརྒྱད་མས། །
- ཨཔ་བྲེ་གང་ཐབས་རིམ་གྲོ་མེད་པའི་མོ་ཅིག་ཐོན། །
- ཨཔ་བྲེ་གང་རི་མོ་སྒྱུར་བའི་མོ་གཅིག་བཏབ། །
- ཨཔ་བྲེ་གང་གནམ་རྩིས་རི་མོ་སྒྱུར་སོང་པ། །
- ཨཔ་བྲེ་གང་ཉི་ཟླ་གཟའ་གིས་བཟུང་ད་ནུག །
- ཨཔ་བྲེ་གང་ས་གནམ་རྩིས་ས་ལུ་ཕབ་སྟེ་གིས། །
- ཨཔ་བྲེ་གང་ས་རིས་དུས་འཁོར་སྒྱུར་སོང་པ། །
- ཨཔ་བྲེ་གང་འབྱུང་བཞི་རྐྱེན་ངན་འཁྲུགས་ད་ནུག །
- ཨཔ་བྲེ་གང་རྡེའུ་དཀར་ནག་བཀྲམ་སོང་པ། །
- ཨཔ་བྲེ་གང་རྡེའུ་གནག་པོའི་རྩིས་ཐང་གང་སོང་ནུག །
- ཨཔ་བྲེ་གང་རྡེའུ་དཀར་པའི་རྒྱུན་འགྲུལ་ཆད་སོང་ནུག །
- ཨཔ་བྲེ་གང་བྱ་ཚེ་ཟད་དུས་ལུ་འབབ་ཆི་ནུག །
- ཨཔ་བྲེ་གང་ཁོ་རྩིས་པ་དཀོན་མཆོག་དབང་འདུས་ཀྱིས། །
- ཨཔ་བྲེ་གང་འགྲེལ་བཤད་པད་སྐོར་ཅན་མ་ཅིག །
- ཨཔ་བྲེ་གང་མོ་ཡུམ་ཆེན་ཨམ་ལུ་རྐྱབ་ནུག །
- ཨཔ་བྲེ་གང་གཡུས་མེ་མདའ་བསྒང་གི་ལྷ་ཤིང་འདི། །
- ཨཔ་བྲེ་གང་ཤིང་ཆེན་རྩཝ་ལས་མི་སྐམ་བས། །
- ཨཔ་བྲེ་གང་མགུ་ལས་མེ་ཏོག་མི་ཤར་བས། །
- ཨཔ་བྲེ་གང་བར་ལས་ལོ་འདབ་མི་རྒྱས་བས། །
- ཨཔ་བྲེ་གང་རྐྱེན་ངན་སྒྲིབ་པ་འགག་ཆི་ནུག །
- ཨཔ་བྲེ་གང་ཚེས་སྔོན་མའི་ལས་སྒྲིབ་དགཔ་ལས། །
- ཨཔ་བྲེ་གང་མཇུག་དམ་པའི་ཆོས་ལུ་བཀོད་ནི་མས། །
- ཨཔ་བྲེ་གང་ཁྱོད་ཡུམ་ཆེན་ཚ་གྱང་མ་ལངས་ཟེར། །
- ཨཔ་བྲེ་གང་ཡུམ་ཨམ་ ཨམ་དགའ་བའི་སྐོར་གཏམ་དེ་ཞུ་ནུག །
- ཨཔ་བྲེ་གང་ཕར་སྤུ་ན་རྫོང་གི་ནང་ལུ། །
- ཨཔ་བྲེ་གང་གྲྭ་ཚང་ཀུན་དགའ་ར་བའི་ནང་། །
- ཨཔ་བྲེ་གང་གྲལ་གཡས་གྲལ་གཅིག་དང་གཡོན་གྲལ་གཉིས། །
- ཨཔ་བྲེ་གང་གཡས་གྲལ་བཅད་པའི་གྲལ་མགུ་ལུ། །
- ཨཔ་བྲེ་གང་གྲྭ་ཚང་མཚན་ཉིད་སློབ་དཔོན་བཞུགས། །
- ཨཔ་བྲེ་གང་གཡོན་གྲལ་བཅད་པའི་གྲལ་མགུ་ལུ། །
- ཨཔ་བྲེ་གང་གྲྭ་ཚང་དབྱངས་པའི་སློབ་དཔོན་བཞུགས། །
- ཨཔ་བྲེ་གང་གྲལ་སྦུག་གྲལ་དང་པའི་གྲལ་མགུ་ལུ། །
- ཨཔ་བྲེ་གང་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་བཞུགས། །
- ཨཔ་བྲེ་གང་གྲལ་སྦུག་གྲལ་གཉིས་པའི་གྲལ་མགུ་ལུ། །
- ཨཔ་བྲེ་གང་གྲྭ་ཚང་སྒྲ་པའི་སློབ་དཔོན་བཞུགས། །
- ཨཔ་བྲེ་གང་ཆོས་ཚོགས་ཀྱི་གསུང་གྲོས་གནང་སོང་པ། །
- ཨཔ་བྲེ་གང་བཀའ་གྲོས་གཅིག་ལུ་བསྡུ་མི་ནང་། །
- ཨཔ་བྲེ་གང་ཁོ་ཆབ་བླུགཔ་གཞོན་པའི་ཟླ་བ་ལུ། །
- ཨཔ་བྲེ་གང་རྒྱལ་ཁྲིམས་གསེར་གི་གཉའ་ཤིང་འདི། །
- ཨཔ་བྲེ་གང་ལྕི་རུང་མ་བཀལ་ཐབས་མི་ལོ། །
- ཨཔ་བྲེ་གང་ཆོས་ཁྲིམས་དར་གི་མདུད་ཕོད་འདི། །
- ཨཔ་བྲེ་གང་དམ་རུ་མ་དམ་ཐབས་མི་ལོ། །
- ཨཔ་བྲེ་གང་ཐག་བཅད་པའི་དུམ་ཁ་སྦེ་ཁིག་ཁིག །
- ཨཔ་བྲེ་གང་གྱོས་རྐྱབ་པའི་གཟུགས་ཤི་བྱུ་རི་རི། །
- ཨཔ་བྲེ་གང་ཡར་གསོལ་བཏབ་མེད་པའི་བཀའ་རྒྱ་ཅིག །
- ཨཔ་བྲེ་གང་མར་སྐུ་དྲུང་གསུམ་ལུ་གནང་ད་ཡི། །
- ཨཔ་བྲེ་གང་རང་ཆབ་བླུགཔ་གཞོན་པའི་ཟླ་བ་གིས། །
- ཨཔ་བྲེ་གང་སྐད་སྐྱོ་སྐད་རྐྱབ་པའི་ཚིག་དོན་ནང་། །
- ཨཔ་བྲེ་གང་ཐུགས་དང་དགོངས་པ་ཡར་བཞེས་གནང་། །
- ཨཔ་བྲེ་གང་ཕྱག་དང་ལྟས་ལྕགས་མར་ཞུ་གེ །
- ཨཔ་བྲེ་གང་ལམ་འཛོལ་ཉི་མའི་ཧ་ཕྱེ་ཨིན། །
- ཨཔ་བྲེ་གང་དུས་གཏན་རྐྱང་མི་འཛོལ་ཁས་ལེན་གེ །
- ཨཔ་བྲེ་གང་ངེའི་ཡུམ་ཆེན་སངས་རྒྱས་བཟང་མོ་འདི། །
- ཨཔ་བྲེ་གང་སྡོད་ན་སྐྱིད་སྡུག་བལྟ་མི་མེད། །
- ཨཔ་བྲེ་གང་ཤི་ན་རོ་བསྡུ་རྐྱབ་མི་མེད། །
- ཨཔ་བྲེ་གང་གྲོགས་ཕོབ་སྦྱིས་གསང་སྔགས་བཟངམོ་འདི། །
- ཨཔ་བྲེ་གང་ཞག་གསུམ་གྱི་མགྱོནམོ་ལུ་གྱུར་སོང་ཡི། །
- ཨཔ་བྲེ་གང་གསོལ་བ་ཡང་བསྐྱར་བཏབ་རུང་ཐབས་མིན་འདུག །
- ཨཔ་བྲེ་གང་ཤར་དར་ཆེན་བརྒྱད་ཀྱི་སྐུ་དྲུང་གིས། །
- ཨཔ་བྲེ་གང་ཐུགས་ཁྲོས་པའི་རྣམ་འགྱུར་སྟོན་ཏེ་གིས། །
- ཨཔ་བྲེ་གང་ཕྱག་གཡས་པ་ལྟས་ལྕགས་གནམ་ལས་འཕྱར། །
- ཨཔ་བྲེ་གང་ཕྱག་གཡོན་མར་སྟོད་རྩིས་གོང་ལས་ཤེད། །
- ཨཔ་བྲེ་གང་ཁོ་ཆབ་བླུགཔ་གཞོན་པའི་ཟླཝ་འདི། །
- ཨཔ་བྲེ་གང་གཟུགས་སྒྱེན་མོ་ཤུབས་ཚད་སྒང་ཏོག་འདྲ། །
- ཨཔ་བྲེ་གང་ལགཔ་ཕྱག་འཚལ་འབད་ཚེ་སྤྱང་ཕྲུག་འདྲ། །
- ཨཔ་བྲེ་གང་སྐེདཔ་ཐག་པ་བཏགས་ཚེ་ཤ་ཁྱི་འདྲ། །
- ཨཔ་བྲེ་གང་སྐད་སྐྱོ་སྐད་སྟོན་ཚེ་ཁུ་བྱུག་འདྲ། །
- ཨཔ་བྲེ་གང་གཞོན་སོ་དཀར་སྟོན་ཚེ་དུང་དཀར་འདྲ། །
- ཨཔ་བྲེ་གང་མགུར་དཀར་ཕྱེ་བཏབ་ཚེ་རྒན་རྒས་འདྲ། །
- ཨཔ་བྲེ་གང་འདྲཝ་མང་པའི་སྦུག་ལས་བཏོན་ཏེ་གིས། །
- ཨཔ་བྲེ་གང་ནང་དབུ་བརྩེགས་སྐོར་ར་རྐྱབ་སོང་པ། །
- ཨཔ་བྲེ་གང་བྱ་པོདའབོལ་ལོག་ཚེ་རིང་གིས། །
- ཨཔ་བྲེ་གང་ལུས་དུད་འགྲོ་ལུས་ལུ་སྐྱེས་རུང་། །
- ཨཔ་བྲེ་གང་སེམས་གསལ་བའི་རྟགས་མཚན་སྟོན་ཏེ་གིས། །
- ཨཔ་བྲེ་གང་ལགཔ་ཕྱག་འཚལ་འབད་བའི་ཚུལ་ལུ། །
- ཨཔ་བྲེ་གང་བྱ་ཤོག་ཐེངས་ལེན་གསུམ་བརྡབས། །
- ཨཔ་བྲེ་གང་མར་གུག་གུག་ལན་གསུམ་གུར། །
- ཨཔ་བྲེ་གང་སྐད་སྐྱོ་སྐད་ལེན་གསུམ་རྐྱབ། །
- ཨཔ་བྲེ་གང་མིག་ལས་མིག་ཆུ་བུདཝ་ལས། །
- ཨཔ་བྲེ་གང་སེམས་མ་འཁྲུལ་རང་ཚད་མིན་འདུག །
- ཨཔ་བྲེ་གང་ཤུལ་བཞག་བྱ་པོད་ཚེ་རིང་འདི། །
- ཨཔ་བྲེ་གང་རྫོང་དཀར་པོའི་རྒྱན་ཆ་འབད་སྨ་རེ། །
- ཨཔ་བྲེ་གང་ནང་དགེ་འདུན་ཕྱག་ཕྱིད་ཞུ་སྨ་རེ། །
- ཨཔ་བྲེ་གང་ཕྱི་རུ་གཟིམ་པའི་ཉི་མ་དཀྲོགས། །
- ཨཔ་བྲེ་གང་དྲོ་པ་བཞེངས་བརྡ་ཕུལ་སྨ་རེ། །
- ཨཔ་བྲེ་གང་ཁ་འདྲན་འདྲ་སླབ་པའི་དབང་མེད་རུང་། །
- ཨཔ་བྲེ་གང་ལོག་འཕྱད་པའི་སྨོན་ལམ་བཏབ་སྨ་རེ། །
- ཨཔ་བྲེ་གང་རང་སྒོ་ར་སྒོ་ལས་ཐོན་སོང་པ། །
- ཨཔ་བྲེ་གང་ས་དོག་པའི་ས་ལས་འཕུ་ད་ཡི། །
- ཨཔ་བྲེ་གང་ལས་སྐྱོ་མའི་བང་རྔ་ཀྲིང་ཀྲིང་། །
- ཨཔ་བྲེ་གང་ཞར་དང་ཞོར་ལས་བརྡུངས་ད་ཡི། །
- ཨཔ་བྲེ་གང་ང་མ་འགྱོ་རང་ཚད་མིན་འདུག །
- ཨཔ་བྲེ་གང་རྫོང་གཞི་བསྐོར་ར་ལེན་གསུམ་རྐྱབ། །
- ཨཔ་བྲེ་གང་ཚེ་ད་རེས་ལས་སྒྲིབ་འདི་གིས་དག །
- ཨཔ་བྲེ་གང་སྐྱེས་བ་འདི་ལས་འཕོས་པའི་ཕྱི་མ་ལུ། །
- ཨཔ་བྲེ་གང་ང་དམ་པའི་ཆོས་དང་མཇལ་བཅུག་ཟེར། །
- ཨཔ་བྲེ་གང་སྨོན་ལམ་ལེན་གསུམ་བཏབ་བཞག་གེ །
- ཨཔ་བྲེ་གང་ས་དེ་ལས་མར་མར་འགྱོ་བའི་ས། །
- ཨཔ་བྲེ་གང་ཕོ་ཆུ་རབ་ལས་འགལ་ཏེ་གིས། །
- ཨཔ་བྲེ་གང་ལམ་འགེགས་བར་གཉིས་ལུ་ལྷོད་སོང་པ། །
- ཨཔ་བྲེ་གང་ཆུམོ་ཐལ་རྩེ་རྩེད་བའི་རྩེད་རོགས། །
- ཨཔ་བྲེ་གང་ངེའི་ཧིང་ལས་གཅེས་པའི་ཆ་རོགས། །
- ཨཔ་བྲེ་གང་ལྟོ་ཚང་ཚེ་རིང་ཕུན་ཚོགས་ཀྱིས། །
- ཨཔ་བྲེ་གང་ལམ་འགེགས་བར་གཉིས་ལུ་བསྒུགས་སྡོད་ནུག །
- ཨཔ་བྲེ་གང་ཁ་སླབ་དགོ་སེམས་ལུ་ཡོད་རུང་། །
- ཨཔ་བྲེ་གང་བློ་ལྐོད་མའི་གི་བར་ཐོགས་ཆི་ཡི། །
- ཨཔ་བྲེ་གང་ཁྱོད་སྡོད་མས་ཟེར་བའི་གཏམ་བཞག་འདི། །
- ཨཔ་བྲེ་གང་ཤི་བའི་ཁ་ཆེམས་ཨིན་པ་ཆ་བཞག་གེ །
- ཨཔ་བྲེ་གང་ལྟོ་ཚང་ཚེ་རིང་ཕུན་ཚོགས་ཀྱིས། །
- ཨཔ་བྲེ་གང་ཁྱོད་སོང་ཟེར་བའི་ལམ་རྒྱུགས་འདི། །
- ཨཔ་བྲེ་གང་གཏམ་ནོར་བུ་ཨིན་མ་བསམ་དེ་གིས། །
- ཨཔ་བྲེ་གང་རང་ཁོགས་པའི་ཧིང་ལུ་བཙུགས་བཞགས་གེ །
- ཨཔ་བྲེ་གང་སེམས་འཁྲུལ་བའི་མིག་ལས་འབབ་པའི་ཆུ། །
- ཨཔ་བྲེ་གང་ཆུ་རྒྱ་མཚོ་བཟུམ་སྦེ་འཁྱིལ་ཆི་ནུག །
- ཨཔ་བྲེ་གང་ས་འདི་ལས་མར་མར་འགྱོ་སོང་པ། །
- ཨཔ་བྲེ་གང་ལོག་མ་བལྟ་སེམས་ཀྱི་བཟོད་མ་ཚུགས། །
- ཨཔ་བྲེ་གང་སེམས་བཟོད་ལོ་ སེམས་བཟོད་ལོག་མེད་པར་ལོག་བལྟ་ཚེ། །
- ཨཔ་བྲེ་གང་གཡུས་མེ་མདའ་བསྒང་ནི་ལྷ་ཡུལ་འདྲ། །
- ཨཔ་བྲེ་གང་ཡར་ལྷ་ཡུལ་བཀྲ་མདངས་ཡལ་སོང་ནུག །
- ཨཔ་བྲེ་གང་ཤིང་ཙན་དན་ཤིང་ནི་ལྷ་ཤིང་འདྲ། །
- ཨཔ་བྲེ་གང་ལྷ་ཤིང་མགུ་ལས་སྐམ་སོང་ནུག །
- ཨཔ་བྲེ་གང་ཆུ་འཐུང་མི་གཟར་ནི་བདུད་རྩི་ཨིན། །
- ཨཔ་བྲེ་གང་ངེའི་བདུད་རྩི་དུག་ལུ་གྱུར་སོང་ནུག །
- ཨཔ་བྲེ་གང་ངེའི་ཡུམ་ཆེན་སངས་རྒྱས་བཟང་མོ་འདི། །
- ཨཔ་བྲེ་གང་སྐུ་འོ་བརྒྱལ་ཤོར་རུ་བལྟ་མི་མེད། །
- ཨཔ་བྲེ་གང་ལུས་མ་ཤི་དམྱལ་བའི་སྡུག་བསྔལ་ཅིག །
- ཨཔ་བྲེ་གང་ངེའི་ཡུམ་ཆེན་ཨ་མའི་མྱོང་དེས་སྦ། །
- ཨཔ་བྲེ་གང་གྲོགས་ཕོབ་སྦྱིས་སངས་སྔགས་བཟང་མོ་ལུ། །
- ཨཔ་བྲེ་གང་ངེའི་ཡུམ་ཆེན་སྐྱིད་སྡུག་བལྟ་གནང་མས། །
- ཨཔ་བྲེ་གང་གསོལཝ་ག་བཞེས་ཙམ་ལས་དྲང་གནང་མས། །
- ཨཔ་བྲེ་གང་ནན་ན་བའི་ནད་གཡོག་རྒྱུག་གནང་ཟེར། །
- ཨཔ་བྲེ་གང་ང་གཏམ་བཞག་མོ་ལུ་རྐྱབ་སོང་པ། །
- ཨཔ་བྲེ་གང་མོ་ཕོབ་སྦྱིས་གསང་སྔགས་བཟང་མོ་གིས། །
- ཨཔ་བྲེ་གང་ནོར་མེད་པའི་སྦ་སྒོར་ང་མི་སྐྱོང་། །
- ཨཔ་བྲེ་གང་བུ་མེད་པའི་གནར་མར་ང་མི་སྡོད། །
- ཨཔ་བྲེ་གང་བུམོ་རང་གཡུས་ཕྱོགས་ལུ་ལོག་པ། །
- ཨཔ་བྲེ་གང་གཟའ་དང་སྐར་མ་རྩིས་མི་དགོ །
- ཨཔ་བྲེ་གང་ཉིནམ་ད་རེས་ནངས་པར་གཉིས་ལུ། །
- ཨཔ་བྲེ་གང་བུམོ་རང་གཡུས་ཕྱོགས་ལུ་ལོགཔ་ཨིན་ལོ། །
- ཨཔ་བྲེ་གང་ས་འདི་ལས་མར་མར་འགྱོ་ས། །
- ཨཔ་བྲེ་གང་ནང་དོགས་པའི་འགྱོ་འགྲུལ་རྐྱབ་ས། །
- ཨཔ་བྲེ་གང་འཛོམས་བྲག་གུ་ལམ་ལས་བཙར་སོང་པ། །
- ཨཔ་བྲེ་གང་དབང་འདུས་བ་འགྱོ་ཐང་ལུ་ལྷོད། །
- ཨཔ་བྲེ་གང་བ་འགྱོ་ཐང་ནི་བྱེ་མའི་མཛོད། །
- ཨཔ་བྲེ་གང་ང་བྱེ་མའི་བྱེ་ཐང་བཤལ་སོང་པ། །
- ཨཔ་བྲེ་གང་ས་བོད་ཀྱི་བྱ་ཆེན་ངང་པ་འདི། །
- ཨཔ་བྲེ་གང་འགྱོ་རུང་གདང་ཐག་བརྣར་བརྣར། །
- ཨཔ་བྲེ་གང་སྡོད་རུང་གྱལ་སྐོར་ཤིག་ཤིག་སྦེ། །
- ཨཔ་བྲེ་གང་ཡར་གངས་ཆེན་བོད་ལུ་ཕུར་དེས་སྦ། །
- ཨཔ་བྲེ་གང་ང་དགེ་སློང་གཞོན་པའི་ཟླ་བ་གིས། །
- ཨཔ་བྲེ་གང་གཏམ་ལེན་ཅིག་བྱ་ལུ་འདྲི་སོང་པ། །
- ཨཔ་བྲེ་གང་ཁོ་བྱ་ཆེན་ངང་པ་སླབ་ཚད། །
- ཨཔ་བྲེ་གང་རྒྱ་ཚད་པའི་ངམ་འཕར་ལང་ཆེ་ཡི་ལོ། །
- ཨཔ་བྲེ་གང་ཆུ་སྔོན་མོའི་རྦ་བརླབ་གནམ་མཁར་འཐོར། །
- ཨཔ་བྲེ་གང་ང་བྱའུ་རྒྱལ་སྡོད་སའི་གནས་མེད་པ། །
- ཨཔ་བྲེ་གང་ལྷ་བྱ་བོད་ལུ་འཕུར་དོ་ལོ། །
- ཨཔ་བྲེ་གང་བྱ་མནོ་མི་ཨིན་མ་བོད་འཕུར་དེས། །
- ཨཔ་བྲེ་གང་མི་མནོ་ཅན་ཨིན་མ་རྒྱ་འགྱོ་དོ། །
- ཨཔ་བྲེ་གང་ཟམ་གསུམ་འཐུས་ཟམ་ལས་འགལ་བའི་ཚེ། །
- ཨཔ་བྲེ་གང་ང་ཡར་ཅིག་ཡར་རང་བལྟ་སོང་པ། །
- ཨཔ་བྲེ་གང་རྫོང་དབང་འདུས་ལྷའི་ཕོ་བྲང་མཇལ། །
- ཨཔ་བྲེ་གང་བླམ་ངག་དབང་རྣམ་རྒྱལ་གདན་ས་མས། །
- ཨཔ་བྲེ་གང་དཔལ་ཡེ་ཤེས་མགོན་པོའི་གནས་ཁང་མས། །
- ཨཔ་བྲེ་གང་སྲུང་མ་ར་བྲགཔ་སྤུན་གསུམ་བཞུགས། །
- ཨཔ་བྲེ་གང་ང་སྙན་ཁག་ར་བྲག་སྤུན་གསུམ་བཅོལ། །
- ཨཔ་བྲེ་གང་རྒྱབ་སྐྱོར་ཡེ་ཤེས་མགོན་པོར་ཞུ། །
- ཨཔ་བྲེ་གང་སྨོན་ལམ་ངག་དབང་རྣམ་རྒྱལ་བཏབ། །
- ཨཔ་བྲེ་གང་ཚེ་ད་རེས་བར་རྐྱེན་ཞི་བཅུག །
- ཨཔ་བྲེ་གང་ང་རྩེ་རང་རྒྱ་ལས་འཁོར་བའི་ཚེ། །
- ཨཔ་བྲེ་གང་མཇུག་དམ་པའི་ཆོས་དང་མཇལ་གྱུར་ཅིག །
- ཨཔ་བྲེ་གང་ད་འ་ནཱ་ལས་ ཁོ་མར་ ནཱ་ལས་ཀྱི་ ཆདཔ་འབག་སྟེ་ དང་ཕུག་ཏེ་ ཨ་ནཱི་ ཁྲིམས་ཀྱི་ཆདཔ་ མཐར་ཤུབ་མཐར་ཤུབ་ཟེར་མི་འདི་ཚུ་ ད་ལྟོ་ རྣམ་ཐར་ནང་ཡོད་མི་འདི་ཚུ་དང་ ཅོག་རང་འཐད་པས། ཁོ་མཐར་ལུ་ཤུབ་ མར་དབང་འདུས་ལས་མར་ བཏང་མས་པ་དབང་འདུས་ལུ།
- ཨཔ་བྲེ་གང་ས་འདི་ལས་མར་མར་འགྱོ་བའི་ཚེ། །
- ཨཔ་བྲེ་གང་ཞག་གསུམ་འགྲུལ་པའི་ངལ་གསོ་སྦེ། །
- ཨཔ་བྲེ་གང་ཟླ་གསུམ་ལམ་གྱི་འགྱོ་ཆས་ལེན། །
- ཨཔ་བྲེ་གང་ལོ་གསུམ་ཁྲིམས་ཀྱི་ཆད་པ་འབག ། །
- ཨཔ་བྲེ་གང་ང་རྩི་རང་རྒྱ་ལུ་ལྷོད་སོང་ཚེ། །
- ཨཔ་བྲེ་གང་ངོ་ཤེས་གནམ་དང་ས་ལས་མེད། །
- ཨཔ་བྲེ་གང་འགྲུལ་ཤེས་ཆུ་དང་མེ་རང་མས། །
- ཨཔ་བྲེ་གང་མི་རང་ཁ་རོགས་ཀྱིས་མ་ཤེས། །
- ཨཔ་བྲེ་གང་རོགས་ཁ་རང་གིས་མ་གོ །
- ཨཔ་བྲེ་གང་ཟས་ཙམ་པའི་འགྲུལ་ལམ་ཆད་སོངམ་ལས། །
- ཨཔ་བྲེ་གང་ཚོར་མི་མེད་པའི་འོ་བརྒྱལ་ཅིག །
- ཨཔ་བྲེ་གང་རང་གཞོན་པའི་ཟླ་བ་ཤོར་བའི་ཚེ། །
- ཨཔ་བྲེ་གང་ཚེས་སྔོན་མའི་ལས་དབང་སྒོམ་སྡོད་ཅིག །
- ཨཔ་བྲེ་གང་ཞག་གྲངས་ཟླ་བ་ཕུལ། །
- ཨཔ་བྲེ་གང་ཟླ་གྱང་ལོ་གིས་རྫོགསཔ་ལས། །
- ཨཔ་བྲེ་གང་བུ་རང་གཡུས་ཕྱོགས་ལུ་ལོག་དགོ་པས། །
- ཨཔ་བྲེ་གང་མི་ཡུལ་ལེན་ཅིག་མ་བསྐོར་བར། །
- ཨཔ་བྲེ་གང་རང་གཡུས་དྲིན་ཅིག་མི་ཚོར་བས། །
- ཨཔ་བྲེ་གང་རང་གཡུས་ཞིང་ཁམས་དགའ་དང་ཅིག །
- ཨཔ་བྲེ་གང་ངེའི་ཡུམ་ཆེན་ཨ་མ་དྲན་དང་གཉིས། །
- ཨཔ་བྲེ་གང་སེམས་ཚབ་ཚུབ་འབད་བའི་ཚ་གྱང་གིས། །
- ཨཔ་བྲེ་གང་རྐངམ་རྡོ་གི་སྤོག་རུང་མ་ཚོར་བས། །
- ཨཔ་བྲེ་གང་གཡུས་འཆི་མེད་ལྷ་ཁང་ལྷོད་སོང་ཡི། །
- ཨཔ་བྲེ་གང་ཁ་ཞིམ་པའི་ཟས་དང་མ་ཕྱདཔ་ལས། །
- ཨཔ་བྲེ་གང་སེམས་འཁྲུལ་བའི་གཏམ་ཅིག་གོ་ཆི་ཡི། །
- ཨཔ་བྲེ་གང་ངེའི་ཡུམ་ཆེན་སངས་རྒྱས་བཟང་མོ་འདི། །
- ཨཔ་བྲེ་གང་ལུས་ནད་ཀྱི་སྒོར་རུང་དྲག་ཅིག་སྦ། །
- ཨཔ་བྲེ་གང་ཡུམ་མི་རྟག་འཆི་བ་ཐུག་ཆི་ནུག །
- ཨཔ་བྲེ་གང་གཡུས་མེ་མདའ་བསྒང་ནི་ལྷ་ཡི་ གཡུས་མེ་མདའ་བསྒང་ལུ་འགྱོ་རུང་། །
- ཨཔ་བྲེ་གང་སེམས་དགའ་རུང་ཨ་མ་འབོ་ནི་མེད། །
- ཨཔ་བྲེ་གང་མདངས་དཀར་རུང་གཉེན་གྲོགས་བལྟ་ནི་མེད། །
- ཨཔ་བྲེ་གང་གཡུས་མེ་མདའ་བསྒང་གི་ཕ་ཡུལ་ནང་། །
- ཨཔ་བྲེ་གང་མི་འགྱོ་འགྲུལ་སྒོ་ལས་ཆད་མི་འདི། །
- ཨཔ་བྲེ་གང་བླམ་ངག་དབང་རྣམ་རྒྱལ་བཀའ་ཆད་མས། །
- ཨཔ་བྲེ་གང་སེམས་སྐྱོ་བའི་ངང་ནས་དམ་ཆོས་དྲན། །
- ཨཔ་བྲེ་གང་གནས་ཡ་མཚན་ཅན་གི་ན་ལན་ཌ། །
- ཨཔ་བྲེ་གང་བླམ་རྒྱབ་བ་ཤཱཀྱ་གདན་ས་ལུ། །
- ཨཔ་བྲེ་གང་ཆོས་དམ་ཆོས་རང་གིས་གྲུབན། །
- ཨཔ་བྲེ་གང་ཆོས་རྒྱགས་བླ་མའི་གནང་འོང་། །
- ཨཔ་བྲེ་གང་ཚེས་ད་རེས་བར་ཆད་བསལ་ནི་དང་། །
- ཨཔ་བྲེ་གང་མཇུག་ཐར་པའི་ལམ་སྣ་འདྲེན་ནི་གཉིས། །
- ཨཔ་བྲེ་གང་ང་ཕ་མའི་དྲིན་ལན་འཇལ་ནི་ལུ། །
- ཨཔ་བྲེ་གང་ལོ་གསུམ་མཚམས་ལུ་འཛུལ། །
- ཨཔ་བྲེ་གང་མཚམས་ཁང་རས་ཀྱིས་བསྡམས། །
- ཨཔ་བྲེ་གང་སྦུག་སྒོ་བབ་ཤནམ་རྐྱང་། །
- ཨཔ་བྲེ་གང་ཐུན་སྒོ་འཇིག་རྟེན་དབང་ཕྱུག་གཏང་། །
- ཨཔ་བྲེ་གང་ཐུན་བར་དྲག་དམར་བསྙེན་ཁ་བཅོལ། །
- ཨཔ་བྲེ་གང་ཐུན་མཇུག་ཤེས་རབ་སྙིང་པོ་བསྡུ། །
- ཨཔ་བྲེ་གང་གནམ་མཐོ་རང་གཏོར་རུ་རི་དེ་གྱུར། །
- ཨཔ་བྲེ་གང་གཏོར་ཆུ་རྒྱ་མཚོ་འཁྱིལ་ཏེ་ཡོད། །
- ཨཔ་བྲེ་གང་ངེའི་བདག་གི་ཡབ་ཡུམ་གཉིས་པོ། །
- ཨཔ་བྲེ་གང་ལུས་བྱ་དང་ཕོ་མོ་སྤྲུལ་ཏེ། །
- ཨཔ་བྲེ་གང་གཏོར་རུ་བཟའ་བ་ཤོག་སྨ་རེ། །
- ཨཔ་བྲེ་གང་སངས་མཉམ་ཅིག་རྒྱས་བའི་སྨོན་ལམ་ཅིག །
- ཨཔ་བྲེ་གང་དགོནམ་ན་ལེན་ཌ་ལུ་བཏབ་བཞག་གེ་ཟེར། །
- ཨཔ་བྲེ་གང་ད་ཁོ་ལུ་ འ་ནཱི ཏེ་ང་བཅས་ར་ བླ་མའི་ བཀའ་ཆད་ཅིག་ཕོགས། རྫོང་ནང་ལས་ ཁྲིམས་ཀྱི་ཆད་པ་ཕོགས་འབདཝ་ད་ ང་བཅས་ར་ མི་འདི་ཏེ་ ཚེ་ད་རེས་ཀྱི་ དོན་དག་སྒྲུབ་མ་ཚུགས་འབད་བ་ཅིན་ འ་ནཱེ་ལས་ ཚེ་ཕྱི་མ་གི་ཆོས་འདི་ སེམས་ལུ་འདྲེན་དགོ་ཟེར་བའི་ བརྡ་མཚན་འདི་ དགེ་སློང་གཞོན་པའི་ཟླཝ་ ཁོ་རང་ལུ་ འ་ནཱེ་སྦེ་ བཏོན་ཡི་ཟེར་ ཁོ་གི་ ལུང་དྲངས་འདི་ ཁོ་ར་གིས་ བཤད་བཞག་མི་དེ་ འ་ནཱེམ་ཅིག་ཨིན་མས་ཟེར་ ཞུ་ནི་ཨིན།