Video Overview
Ap Dragang and Aum Lemo from Wachang sing a lozey ballad. Lozey are normally sung in the form of questions and answers in three different moods: befriending, antagonizing, and joyful. The ballad begins with befriending verses, goes on to antagonizing verses, and ends with either joyful or aspirational verses.
སྤ་རོ་ཝང་ལྕང་ལུ་ ཨཔ་བྲེ་གང་དང་ཨམ་གླེ་མོ་གཉིས་ བློ་ཟེ་བསྒྱུརཝ་ཨིན་མས། བློ་ཟེ་བསྒྱུར་བའི་སྐབས་ལུ་ཡང་ རྩང་མོའི་གླུ་གཞས་འཐེན་དོ་བཟུམ་སྦེ་ར་ དགའ་གླུ་ སྐྱོ་གླུ་ གཉེན་གླུ་ དགྲ་གླུ་ ཟེར་ཡོད་དོ་བཟུམ་སྦེ་ར་ བློ་ཟེ་ལུ་ཡང་དེ་སྦེ་འདུག དེ་སྦེ་ཡོད་པའི་ནང་ལས་ ཧེ་མ་ར་ ང་བཅས་སྤྱིར་བཏང་གིས་ གཞན་ཁ་ལས་འོང་མི་ལུ་ ག་ཏེ་ལས་འོང་ཡི་ ག་དེ་སྦེ་འོང་ཡི་ ག་ཏེ་འགྱོ་ནི་ལ་སོགས་པའི་དྲི་བ་དྲིས་ལན་འབད་དོ་བཟུམ་སྦེ་ར་ བློ་ཟེ་ལུ་བསྒྱུར་ཏེ་ ཧེ་མ་ར་ དྲི་བ་དྲིས་ལན་འབད་ཞིན་ན་ དེ་ལས་ སླབ་དགོ་པའི་གནད་དོན་ངོ་མ་གུ་འགྱོ་བའི་སྐབས་ དགའ་གླུ་ལས་འགོ་བཙུགས་ཏེ་ དགྲ་གླུ་ གཉེན་གླུ་ལ་སོགས་པ་བསྒྱུར་ཏེ་གཏངམ་ཨིན་པས།
- Khangkhu
- ཨཔ་བྲེ་གང་ལ་སོགས། ད་ད་ལྟོ་ ང་བཅས་ར་གི་ ལམ་སྲོལ་ནང་ལུ་ གཅིག་འདི་ བློ་ཟེ་ཨིན་ཟེར་ ཨ་རྟག་ར་སླབ་སྲོལ་ཡོདཔ་ཨིན།
- ཨཔ་བྲེ་གང་ད་དེ་ ཨིན་དགོ་མི་འདི་ཡང་ ད་ང་བཅས་ར་ བློ་ཟེ་བསྒྱུར་ནི་གི་ དུས་ཚོད་རེ་འདུག་པ།
- ཨཔ་བྲེ་གང་འ་ནི་ཡང་ན་ནི་ལོ་གསར་དུས་སྟོན་ དགའ་སྟོན་འབདཝ་ད་ ད་འདི་མེན་འདི་འབད་རུང་སྤྱི་གཏང་ང་བཅསའི་གཡུས་ག་ལུ་འབད་བ་ཅིན་ འ་ནི་སྦེ་ཉམས་དགའ་འདི་ད་རེས་ང་བཅས་རང་བཟུམ་སྦེ་འ་ནི་སྦེ་ཏེ་ཁམས་གཙང་ཏོག་ཏོ་འ་ནི་སྦེ་བཤལ་བའི་དུས་ལུ་ཡང་ཏེ་ང་བཅས་དང་ཕུག་ལས་བློ་ཟེ་དགའ་གླུ་ སྐྱོ་གླུ་ གཉེན་གླུ་ཟེར་འདི་ཚུ་རིམ་པ་གྲིག་འདི་གི་ ང་བཅས་ལམ་སྲོལ་ཡོདཔ་ཨིན།
- ཨཔ་བྲེ་གང་འ་ནི་འབད་ནི་འདི་གིས་ད་ད་ལྟོ་ཨམ་གླེ་མོ་དང་ང་བློ་ཟེ་མཁས་སྟས་ཐག་མཁས་བསྒྱིརཝ་དེ་ཅིག་བསྒྱིར་ད་གེ
- ཨམ་གླེ་མོད་ང་གིས་ཤེསཔ་བཅའཝ་མངམ་འདི་ག་ནི་ཡང་མི་ཤེས་ མ་ཤེས་རུང་ཁྱོད་ཀྱི་གཞི་ལན་ཅིག་ང་གིས་འབད་འོང་།
- ཨམ་གླེ་མོལྷོད་ཅིག་ག་ཅིག་ལྷོད་ཅིག་ག? རྨ་བྱ་རྒྱ་གར་ཤར་ལས་ལྷོད་ཅིག་ག ?
- ཨམ་གླེ་མོརྨ་བྱ་སྐྱིད་པའི་ཡབ་ཡུམ་ཁམས་བདེ་ག ?
- ཨམ་གླེ་མོརྨ་བྱ་སྐྱིད་པའི་ཕ་ཡུལ་དུས་བདེ་ག ?
- ཨམ་གླེ་མོརྨ་བྱ་འཚེཝ་རྣམ་སུམ་ག་ཅི་ཡོད ?
- ཨམ་གླེ་མོལྷོད་ཅིག་ག་ཅིག་ལྷོད་ཅིག་ག ?
- ཨམ་གླེ་མོཤོང་ཤོང་བོད་ཁམས་གཡུས་ལས་ལྷོད་ཅིག་ག ?
- ཨམ་གླེ་མོཤོང་ཤོང་ཡབ་ཡུམ་ཁམས་བདེ་ག ?
- ཨམ་གླེ་མོཤོང་ཤོང་ཕ་ཡུལ་དུས་བདེ་ག ?
- ཨམ་གླེ་མོཤོང་ཤོང་འཚེཝ་རྣམ་སུམ་ག་ཅི་ཡོད ?
- ཨམ་གླེ་མོལྷོད་ཅིག་ག་ཅིག་ལྷོ་ཅིག་ག ?
- ཨམ་གླེ་མོའཚོ་མ་བྱང་ལས་ལྷོད་ཅིག་ག ?
- ཨམ་གླེ་མོའཚོ་མ་ཡབ་ཡུམ་ཁམས་བདེ་ག ?
- ཨམ་གླེ་མོའཚོ་མ་ཕ་ཡུལ་དུས་བདེ་ག?
- ཨམ་གླེ་མོའཚོ་མ་འཚེཝ་རྣམ་སུམ་ག་ཅི་ཡོད་ལོ?
- ཨཔ་བྲེ་གངད་འ་ནི་བཟུམ་སྦེ་ཁྱོད་ཀྱི་ང་ག་ལས་འོང་ཡི? ག་ཅི་འབད་དོ་ཟེར་བའི་འདྲི་བ་སྦེ་འདྲི་བ་ཅིན།
- ཨཔ་བྲེ་གངའ་ནི་གི་ལན་ལུ་ཅིག་ ང་གིས་ལན་སྦེ་སླབ་གེ་ཟེར།
- ཨཔ་བྲེ་གངཉན་ཅིག་མཉམ་རོགས་གཞོན་མ། །གསན་ཅིག་སྨན་ཆུ་བུ་མ། །
- ཨཔ་བྲེ་གངརྨ་བྱ་རྒྱ་གར་ཤར་ལས་འཐོནའི་གོ །
- ཨཔ་བྲེ་གངརྨ་བྱ་སྐྱིད་པའི་ཡབ་ཡུམ་ཁམས་ཡང་བཟང་། །
- ཨཔ་བྲེ་གངརྨ་བྱ་སྐྱིད་པའི་ཕ་ཡུལ་དུས་ཡང་བདེ། །
- ཨཔ་བྲེ་གངལམ་འཚེ་བ་རྣམ་སུ་ག་ཅི་ལུ་འཚེ། །
- ཨཔ་བྲེ་གངལམ་འཚེ་བ་རྣམ་སུ་ཚད་པ་འཚེ། །
- ཨཔ་བྲེ་གངང་ཚད་པ་འཚིག་རུང་མ་བལྟ་བ། །
- ཨཔ་བྲེ་གངགདོང་སྒྲོ་ཟུང་༼གཟུགསམ༽གཅིག་འབག་འདི་གིས། །
- ཨཔ་བྲེ་གངསྨོན་ཆུ་འཕྱད་པར་འཐོནའི་དགོ །
- ཨཔ་བྲེ་གངང་འཐོནའི་གོ་ཅིག་འཐོནའི་གོ །
- ཨཔ་བྲེ་གངཤོང་ཤོང་བོད་ཁམས་གཡུས་ལས་འཐོནའི་དགོ །
- ཨཔ་བྲེ་གངཤོང་ཤོང་སྐྱིད་པའི་ཡབ་ཡུམ་ཁམས་ཡང་བཟང་། །ཾ
- ཨཔ་བྲེ་གངཤོང་ཤོང་སྐྱིད་པའི་ཕ་ཡུལ་དུས་ཡང་བདེ། །
- ཨཔ་བྲེ་གངལམ་འཚེ་བ་རྣམ་སུ་ག་ཅི་ལུ་འཚེ། །
- ཨཔ་བྲེ་གངལམ་འཚེ་བ་རྣམ་སུ་ལྷ་བ་འཚེ། །
- ཨཔ་བྲེ་གངལམ་ལྷ་བ་འཚོ་རུང་མ་བལྟ་བ། །
- ཨཔ་བྲེ་གངང་འབན་འཁོར་ཟུང་གཅིག་འབག་འདི། །
- ཨཔ་བྲེ་གངཁྱོད་མཉམ་རོགས་ཕྱེད་༼འཕྱད༽པར་འཐོནའི་གོ །
- ཨཔ་བྲེ་གངང་འཐོནའི་གོ་ཅིག་འཐོནའི་གོ །
- ཨཔ་བྲེ་གངའཚོ་མ་གཡུས་བཟང་ཁྲོམ་ལས་འཐོནའི་དགོ །
- ཨཔ་བྲེ་གངའཚོ་མ་སྐྱིད་པའི་ཡབ་ཡུམ་ཁམས་ཡང་བཟང་། །
- ཨཔ་བྲེ་གངའཚོ་མ་སྐྱིད་པའི་ཕ་ཡུལ་དུས་ཡང་བདེ། །
- ཨཔ་བྲེ་གངལམ་འཚེ་བ་རྣམ་སུ་ག་ཅི་ལུ་འཚོ། །
- ཨཔ་བྲེ་གངལམ་འཚོ་བ་རྣམ་སུམ་གོམ་པ་འཚེ། །
- ཨཔ་བྲེ་གངང་གོམ་པ་འཚེ་རུང་མ་བལྟ་བ། །
- ཨཔ་བྲེ་གངང་གསུང་སྙན་ཟུང་གཅིག་འབག་འདི། །
- ཨཔ་བྲེ་གངཁྱོད་མཉམ་རོགས་ཕྱེད་༼འཕྱད༽པར་འཐོནའི་ཟེར་སླབ་ནི་ཨིན། །
- ཨམ་གླེ་མོད་དེ་སྦེ་ཨིན་པ་ཅིན་ ད་ཁྱོད་ང་ཕྱེད་༼འཕྱད༽པ་འཐོནའི་པ་ཅིན་ ད་ང་དགྲ་ཆུང་ཀུ་ཅིག་ཟུར་བཙུགས་ད་གེ་ནམ་ཁྱོད་ལུ།
- ཨམ་གླེ་མོརི་ཨ་གསལ་མི་བསལ་གསལ་བའི་རི། །
- ཨམ་གླེ་མོགསལ་བའི་རི་ལས་མར་བལྟ་ཚེ། །
- ཨམ་གླེ་མོཐང་སྦོམ་ཡང་མི་སྦོམ་དཔལ་མི་ཐང་། །
- ཨམ་གླེ་མོཆུང་ཡང་མི་ཆུང་དཔལ་མི་ཐང། །
- ཨམ་གླེ་མོཐང་དཔལ་མི་ཐངགི་སྦུག་ལུ། །
- ཨམ་གླེ་མོམཚོ་སྦོམ་ཡང་མི་སྦོམ་མེ་ལོང་ཙམ། །
- ཨམ་གླེ་མོཆུང་ཡང་མི་ཆུང་མེ་ལོང་ཙམ། །
- ཨམ་གླེ་མོམཚོ་མེ་ལོང་ཙམ་གྱི་སྦུག་ལས། །
- ཨམ་གླེ་མོཤིང་རིང་རང་མི་རིང་ཆུ་༼ཁྱུ༽གང་ཙམ། །
- ཨམ་གླེ་མོའཐུང་ཡང་མི་འཐུང་ཆུ་གང་ཙམ། །
- ཨམ་གླེ་མོཤིང་ཆེ་གང་ཙམའི་གུ་ལུ། །
- ཨམ་གླེ་མོབྱ་སྦོམ་ཡང་མི་སྦོམ་ཐད་མཐེ་བོངམ་ཙམ། །
- ཨམ་གླེ་མོཆུང་ཡང་མི་ཆུང་མཐེ་བོངམ་ཙམ། །
- ཨམ་གླེ་མོབྱ་ང་རའི་ཤོ་སྒྲོ་གཡས་པའི་འོག །
- ཨམ་གླེ་མོཐགས་ཁལ་ལྔ་ཡང་ཐགས་ཁལ་ཡོད། །
- ཨམ་གླེ་མོབྱ་ང་རའི་ཤོ་གྲོ་གཡོན་པའི་འོག །
- ཨམ་གླེ་མོབལ་ཁལ་ལྔ་ཡང་འཁལ་ཁལ་ཡོད། །
- ཨམ་གླེ་མོབྱ་ང་རའི་གཞུང་བྲས་སྟོང་སྟོང་ན། །
- ཨམ་གླེ་མོཐོག་དལ་ཁལ་ལྔ་ཡང་དལ་ཁལ་ཡོད། །
- ཨམ་གླེ་མོབྱ་ང་རའི་ཀོལ་མའི་དུང་ཅུང་ནང་། །
- ཨམ་གླེ་མོསྨན་རྩི་དར་དང་དུད་ཕུད་དོམ་པ་སྨན་རྩི་བཅུ་དགུ་ཡོད། །
- ཨམ་གླེ་མོཆུ་ཁོལ་མཁས་ཡོད་ན་མཁས་ཤོས་ ཁོལ་མཁས་མེད་ན་བཞག་ད་ལོ། །
- ཨཔ་བྲེ་གངད་དེ་སྦེ་རང་བྱའི་སྐོར་ལས་སླབ་དགོཔ་ཨིན་པ་ཅིན།
- ཨཔ་བྲེ་གངཏེ་བྱ་འདི་ཡང་ ཉན་ཅིག་མཉམ་རོགས་གཞན་མ། །
- ཨཔ་བྲེ་གངགསན་ཅིག་སྨན་ཆུ་བུ་མ། །
- ཨཔ་བྲེ་གངརི་ཨ་གསལ་མི་གསལ་གསལ་བའི་རི། །
- ཨཔ་བྲེ་གང,ཨ་མཐོང་མི་མཐོང་མཐོང་པའི་རི། །
- ཨཔ་བྲེ་གངརི་མཐོང་པའི་རི་ལས་མར་བལྟ་ཚད། །
- ཨཔ་བྲེ་གངཐང་སྦོམ་ཡང་མི་སྦོམ་དཔལ་མི་ཐང་། །
- ཨཔ་བྲེ་གངཆུང་ཡང་མི་ཆུང་དཔལ་མི་ཐང། །
- ཨཔ་བྲེ་གངཐང་དཔལ་མི་ཐང་གི་སྦུག་ལུ། །
- ཨཔ་བྲེ་གངམཚོ་སྦོམ་ཡང་མི་སྦོམ་མེ་ལོང་ཙམ། །
- ཨཔ་བྲེ་གངཆུང་ཡང་མི་ཆུང་མེ་ལོང་ཙམ། །
- ཨཔ་བྲེ་གངམཚོ་མེ་ལོ་ཙམ་གྱི་སྦུག་ལུ། །
- ཨཔ་བྲེ་གངཤིང་སྦོམ་ཡང་མི་སྦོམ་ཆུ་གང་ཙམ། །
- ཨཔ་བྲེ་གངཆུང་ཡང་མི་ཆུང་ཆུ་གང་ཙམ། །
- ཨཔ་བྲེ་གངཤིང་ཆུ་གང་ཙམ་གྱི་སྟོད་ཤིང་གུ །
- ཨཔ་བྲེ་གངབྱ་སྦོམ་ཡང་མི་སྦོམ་མཐེ་བོངམ་ཙམ། །
- ཨཔ་བྲེ་གངཆུང་ཡང་མི་ཆུང་མཐེ་བོངམ་ཙམ། །
- ཨཔ་བྲེ་གངབྱ་ཁྱོད་རའི་ཤོ་སྒྲོ་གཡས་པའི་འོག །
- ཨཔ་བྲེ་གངསྐུདཔ་ཁལ་ལྔ་བརྒྱད་པའི་མདའ་གཞུ་ཡ ?
- ཨཔ་བྲེ་གངསྐུདཔ་ཁལ་ལྔ་བརྒྱད་པའི་མདའ་གཞུ་འདི། །
- ཨཔ་བྲེ་གངམདའ་རྒྱདཔ་ཡའདི་རྒྱདཔ་རང་ཨིན། །
- ཨཔ་བྲེ་གངསྐུདཔ་ཁལ་ལྔ་བརྒྱད་པའི་མདའ་གཞུ་འདི། །
- ཨཔ་བྲེ་གངང་འཚོ་མ་རྒ་བ་རྐྱབ་གེ །
- ཨཔ་བྲེ་གངབྱ་ཁྱོད་རའི་ཤོ་སྒྱོ་གཡོན་པའི་འོག །
- ཨཔ་བྲེ་གངཟམ་ཁལ་ལྔ་བརྒྱད་ཀྱི་བོད་ཐག་ཡ ?
- ཨཔ་བྲེ་གངང་ཐག་མཁས་ཅན་གྱི་བུ་རྒྱུད་ཨིན། །
- ཨཔ་བྲེ་གངཟམ་ཁལ་ལྔ་བརྒྱད་ཀྱི་བོད་ཐག་འདི། །
- ཨཔ་བྲེ་གངངའི་ཡུམ་ཆེན་ཨ་མ་ཁལ་གེ །
- ཨཔ་བྲེ་གངབྱ་ཁྱོད་རའི་རྒྱད་པའི་རྒྱད་ཚིག་གུ །
- ཨཔ་བྲེ་གངཐོག་ཁས་ཁས་ལྔའི་འདལ་སི་ཡ?
- ཨཔ་བྲེ་གངབྱ་ཁྱོད་རའི་ཐོག་ཁས་ལྔཔ་འདི། །
- ཨཔ་བྲེ་གངང་རྒྱུ་དུ་ཕྱུགཔོ་པའི་བུ་རྒྱུད་ཨིན། །
- ཨཔ་བྲེ་གངཐོག་ཁལ་ལྔ་དང་བརྒྱད་པུ་ང་འདལ་གེ །
- ཨཔ་བྲེ་གངབྱ་ཁྱོད་རའི་ཀ་ལྐོ་མའི་གི་བ་ལུ། །
- ཨཔ་བྲེ་གངབློ་ཟེ་དར་དང་བཅོ་བརྒྱད་ བློ་ཟེ་རྒྱ་དང་བཅོ་བརྒྱད། །
- ཨཔ་བྲེ་གངགདངས་འདི་རྟོགསཔ་བཅུ་དགུ་ཡ ?
- ཨཔ་བྲེ་གངརིག་པ་མཁས་མི་བླཽ་ཨོང་ སོ་དང་སེན་མོ་གཉིས་ཀྱིས་འཁལ་མི་དགོ །
- ཨཔ་བྲེ་གངང་བློ་དང་རིག་པ་གཉིས་ཀྱིས་འཁལ་གེ་་ཟེར་སླབ་ནི།
- ཨམ་གླེ་མོའུམ་་་་ད་ཁྱོད་ནི་འཁལ་བ་ཅིན་ ང་ཁྱོད་ལུ་ འཁལ་མ་དགོཔ་ཅིག་ གསོལཝ་བཏབ་གེ་ནོ་དེ་འབད་བ་ཅིན།
- ཨམ་གླེ་མོབུམོ་ཕུན་ཚོགས་པད་མི་དུམ་རྭ། །
- ཨམ་གླེ་མོདགའཝ་ལྕང་ཤིང་དར་གྱི་ལྕུག་གུ །
- ཨམ་གླེ་མོབཅགན་རྩ་ལས་བཅག་གོ་མ་བདེ། །
- ཨམ་གླེ་མོབཞགན་ཁོག་པའི་ཧིང་དང་ཆ་འདྲ། །
- ཨམ་གླེ་མོཕར་ཉི་མ་ཤར་གྱི་གཡུས་ཁ། །
- ཨམ་གླེ་མོདགའཝ་སྙིང་རྗེ་གསེར་གྱི་ཐ་ཁུག །
- ཨམ་གླེ་མོབལྟ་བའི་ངོ་རི་མ་ལེགས་རུང་། །
- ཨམ་གླེ་མོསེམས་དང་ཡིད་ལས་མརྗེད་མ་སོང་ལོ། །
- ཨམ་གླེ་མོད་ཁྱོད་གཉེན་ཅིག་འཚོལ་ད་དགོ་པས།
- ཨཔ་བྲེ་གངད་ཁྱོད་གཉེན་ཅིག་འཚོལ་བ་ཅིན་ ཏེ་ང་གིས་ཡང་ ཁྱོད་ལུ་ རྒྱབ་སྐྱོར་སྦེ་འཚོལ་གེ་ཟེར་ སླབ་ནི་ཨིན། ད་གཉེན་གྱི་ལན་འདི་ རྒྱབ་སྐྱོར་ཅིག་ཨིན་མས་པ།
- ཨཔ་བྲེ་གངདབའི་ཉན་ཅིག་མཉམ་རོགས་གཞོན་མ། །
- ཨཔ་བྲེ་གངགསན་ཅིག་སྨན་ཆུ་བུ་མ། །
- ཨཔ་བྲེ་གངརྒྱ་་ཕྱུག་པའི་མར་ངོ་རྒྱལམོ་འདི། །
- ཨཔ་བྲེ་གངའགྱོན་དོ་པ་ འགྱོན་དོ་པ་གཉིས་ལས་སྤར་མ་ཐལ། །
- ཨཔ་བྲེ་གངསྡོདན་གསེར་མའི་ཉ་མོ་སྡོད་མ་སྟེར། །
- ཨཔ་བྲེ་གངཡར་རྒྱ་་ན་དམག་ལུ་བཀའ་མེད་ག ?
- ཨཔ་བྲེ་གངཡར་ཇོ་བོ་བྱེད་ རྒྱ་ནག་དམག་ལུ་ཇོ་མེད་ག ?
- ཨཔ་བྲེ་གངཇོ་བོ་བྱེད་བྱེད་རྒྱལ་པོ་བཀའ་མེད་ག ?
- ཨཔ་བྲེ་གངཡར་ཇོ་བོ་བྱེད་རྒྱལ་པོ་བཀའ་ཡོདན། །
- ཨཔ་བྲེ་གངརྒྱ་ནག་དམག་ལུ་ཇོ་ཡོད་ཟེརན། །
- ཨཔ་བྲེ་གངཁྱོད་བཀའ་དང་ཇོ་ཀོ་བསྡུ་སྟེ། །
- ཨཔ་བྲེ་གངརྒྱ་ཕྱུག་པའི་མ་ངོ་རྒྱལམོ་འདི། །
- ཨཔ་བྲེ་གངགནམ་བྱཱར་སུ་གནམ་ལུ་འཕུར་ནི་ཅིག །
- ཨཔ་བྲེ་གངདགུན་སུ་ཚང་ལུ་འཛུལ་ནི་ཅིག །
- ཨཔ་བྲེ་གངངེའི་བྱི་ཅུང་རྐང་ཐང་དྲང་ནི་ཅིག །
- ཨཔ་བྲེ་གངཁྱེད་རྒྱ་ན་དམག་གིས་འབད་ན་མས། །
- ཨཔ་བྲེ་གངང་དགའ་ཚོར་་ག་ལས་ ང་དགའ་ཚོར་སེམས་ལས་མི་བརྗེད། །
- ཨཔ་བྲེ་གངམཇུག་དྲིན་ལན་ཆོས་ཀྱི་མཇལ་གེ་ཟེར་སླབ་ནི་སྦེ་ཨིན།།
- ཨམ་གླེ་མོད་ང་གིས་ དྲིན་ལན་མཇལ་ཚུགས་ག་མི་ཚུགས་ག་མ་ཤེས་ ད་ང་གིས་ཡང་ ཁྱོད་ཀྱི་ཅིག
- ཨམ་གླེ་མོརྩཝ་ས་ལུ་བཙུགས་པའི་གོན་ཅུང་འདི། །
- ཨམ་གླེ་མོརྩཝ་ས་ལས་འཐོན་ཚེ་ལེགས་མི་ལེགས། །
- ཨམ་གླེ་མོཨུ་ཐག་བལྟ་ཚེ་དུང་འདྲ་བས། །
- ཨམ་གླེ་མོམེ་ཏོག་བལྟ་ཚེ་གསེར་འདྲ་བས། །
- ཨམ་གླེ་མོའདབ་མ་བལྟ་ཚེ་གཡུ་འདྲ་བས། །
- ཨམ་གླེ་མོརྡོག་མ་བལྟ་ཚེ་ནོརཔ་འདྲ་བས། །
- ཨམ་གླེ་མོནོརཔ་མགོ་མཇུག་ཨིན་མ་ང་མ་ཤེས། །
- ཨམ་གླེ་མོལག་ལུ་ལེན་མ་མི་མགྱོགས་ག་ལོ། །
- ཨཔ་བྲེ་གངཉན་ཅིག་མཉམ་རོགས་གཞན་མ། །
- ཨཔ་བྲེ་གངགསན་ཅིག་སྨན་ཆུ་བུ་མ། །
- ཨཔ་བྲེ་གངཁྱོད་སྒོགཔ་དང་འོད་སི་བར་ལས། །
- ཨཔ་བྲེ་གངགན་ཅུང་ཁྱུ་གང་ཅནམ་འདི།
- ཨཔ་བྲེ་གངང་གཅིག་ང་གཅིག་ཟེར་མི་གིས། །
- ཨཔ་བྲེ་གངབསམ་དང་རྒྱས་ཀྱིས་མ་ཁྱབ་ཡ ?
- ཨཔ་བྲེ་གངང་གཅིག་ང་གཅིག་ ཁྱོད་གོན་ཅུང་གོན་ཅུང་ཟེར་རུང་། །
- ཨཔ་བྲེ་གངཀུན་གྱིས་སྤྱོད་བའི་རང་བཞིན་ཨིན། །
- ཨཔ་བྲེ་གངཆང་དཔག་༼སྤགས༽ཆང་དཔག་༼སྤགས༽ཟེར་རུང་། །
- ཨཔ་བྲེ་གངབྱོ་ལྷ་ཚྭ་དང་ཨེ་མ་ཨིན། །
- ཨཔ་བྲེ་གངཤར་པའི་སྨན་ཆུ་ནང་ལས། །
- ཨཔ་བྲེ་གངའོད་སི་པད་ཅ་མ་རྒྱགན། །
- ཨཔ་བྲེ་གངགོན་ཅུང་ཆང་དཔག་༼སྤགས༽བསྒྱིར་བ་དོན་དག་མིན་འདུག་མེད་ན ?
- ཨམ་གླེ་མོཨིན་པས་དོན་དག་མི་འདུག ད་དོན་དག་ཡོདཔ་ཅིག་སླབ་ད་གེ་ནུག།
- ཨམ་གླེ་མོམཐོཝ་རྒྱ་་ཤི་ལ་ལས། །
- ཨམ་གླེ་མོསྐརམ་་གཡུ་བཅུ་དྲུགམ་ཅིག །
- ཨམ་གླེ་མོནཱ་་མཇལ་དགོ་བསམ་ལུ་ཡོད་པ། །
- ཨམ་གླེ་མོལམ་སྐོར་ལམ་ས་མཐའ་རིང་ཚེ། །
- ཨམ་གླེ་མོདུས་ནམ་ཡང་མཇལ་བའི་ཐབས་མི་འདུག་ལོ། །
- ཨམ་གླེ་མོརྒྱ་་ཁམས་པ་ཁམས་པའི་ངལ་གསོ་སྦེ། །
- ཨམ་གླེ་མོཁམས་པ་ཁམས་པའི་གཡུས་ལུ་བཞུགས། །
- ཨམ་གླེ་མོང་ཤ་ཕྲག་ཅན་གྱི་བྱི་ཅུང་འདི། །
- ཨམ་གླེ་མོལམ་འགྱོ་དེ་བླ་མ་བལྟ་སོང་གེ །
- ཨམ་གླེ་མོའགྱོ་དེ་བླ་མའི་ཤུལ་ལུ། །
- ཨམ་གླེ་མོརང་སེམས་ཁུ་བྱུག་སྔོན་མ། །
- ཨམ་གླེ་མོངེ་སེམས་ལྷ་ཤིང་ཤུགཔ། །
- ཨམ་གླེ་མོང་ལྷ་ཤིང་གཉིས་ཀྱི་ཞལ་བྲས་འདི། །
- ཨམ་གླེ་མོཡར་ལྷ་ཤིང་གཅིག་ལུ་བཏབ་པ་ཅིན་ལོ། །ང་ཁྱོད་ལུ་གསོལཝ་བཏབ་ཨིན་ད་ང། ཧ་ཧ།
- ཨཔ་བྲེ་གངད་ཁྱོད་ཀྱིས་ གསོལཝ་བཏབན་ ང་གིས་ གཅིག་ཁར་བསྒཽམ་དགོཔ་འོང་ཏེ།
- ཨཔ་བྲེ་གངད་དེ་འབདན་ ཉན་ཅིག་མཉམ་རོགས་གཞོན་མ། །
- ཨཔ་བྲེ་གངགསན་ཅིག་སྨན་ཆུ་བུ་མ། །
- ཨཔ་བྲེ་གངཁྱོད་གཏང་དེབ་ཧ་ལོ་མེ་ཏོག་འདི། །
- ཨཔ་བྲེ་གངབྱཱར་ཡང་ཤར་ཅིག་དགུན་ཡང་ཤར། །
- ཨཔ་བྲེ་གངབྱཱར་སུ་གང་དཀར་སྟོད་ལུ་ཤར། །
- ཨཔ་བྲེ་གངདགུན་སུ་ཆུ་མའི་རབ་ལུ་ཤར། །
- ཨཔ་བྲེ་གངདུས་བརྟན་ཀྱང་རྒྱལ་པོའི་ལྡུམ་རྭ་ཤར། །
- ཨཔ་བྲེ་གངབུམོ་ལེགས་པའི་མེ་ཏོག་གདོང་ལུ་ཤར། །
- ཨཔ་བྲེ་གངསྒརཔ་་སྐྱོང་བའི་མེ་ཏོག་ཁོང་ལུ་ཤར། །
- ཨཔ་བྲེ་གངའཛོམསན་གྱལ་སྐོར་གཅིག་ལུ་མི་ཤར་ཡི ?
- ཨཔ་བྲེ་གངཤརན་ཤར་དགོཔ་བདེན་བདེན་ཡར་སོང་ཡི། །
- ཨཔ་བྲེ་གངད་མེ་ཏོག་ཚོས་ཁ་མ་ཡལཝ་ལས། །
- ཨཔ་བྲེ་གངསྤང་ལེགས་པའི་ཐང་ལས་བཅག་སྟེ། །
- ཨཔ་བྲེ་གངཡར་ལྷ་ཁང་ཁྲ་མོ་ཕུལ། །
- ཨཔ་བྲེ་གངརྒྱུ་འབྲལ་ཐོག་མེད་པའི་སྨོན་ལམ་ཅིག །
- ཨཔ་བྲེ་གངཡར་ལྷ་ཁང་ཁྲ་མོ་བཏབ་བཞག་གེ་ཟེར་སླབ་ཨིན། །
- ཨམ་གླེ་མོད་ཁྱོད་བཏབ་པ་ཅིན་ ང་བཏབ་བཤད་ད་ནི་ད།
- ཨམ་གླེ་མོད་དེ་འབད་བ་ཅིན་ ས་ནཱ་ལས་ཡར་ཡར་འགྱོ་ས། །
- ཨམ་གླེ་མོཡར་བལྟ་རྫོང་དུང་གི་ཨ་ལོང། །
- ཨམ་གླེ་མོད་ནམ་གསེར་གྱི་སྤ་པྲ་༼པ་ཏྲ༽། །
- ཨམ་གླེ་མོདགོན་གསར་དགའ་སའི་ལྷ། །
- ཨམ་གླེ་མོཟུར་རི་ཟངས་མདོག་དཔལ་རི། །
- ཨམ་གླེ་མོཨོ་རྒྱན་གུ་རུ་གདན་ས། །
- ཨམ་གླེ་མོསྤྱན་རས་གཟིགས་ཀྱི་སྤྲུལ་པ། །
- ཨམ་གླེ་མོད་ང་བཅས་མཉམ་རོགས་གཉིས་ཀུ། །
- ཨམ་གླེ་མོདཀར་མེ་ཟུང་གཅིག་འབག་སྟེ། །
- ཨམ་གླེ་མོརྒྱུ་སངས་ཅིག་རྒྱལ་པའི་སྨོན་ལམ་བཏབ་ད་གེ་ལོ། །
- ཨཔ་བྲེ་གངདབའེ་ཉན་ཅིག་མཉམ་རོགས་གཞོན་མ། །
- ཨཔ་བྲེ་གངགསན་ཅིག་སྨན་ཆུ་མུ་མ། །
- ཨཔ་བྲེ་གངཁྱོད་སྨོན་ལམ་བཏབ་དགོ་མནོཝ། །
- ཨཔ་བྲེ་གངཡིད་ལུ་ཡོད་རུང་། །
- ཨཔ་བྲེ་གངལུས་དད་པ་ཅན་གྱི་ ལུས་དད་པ་མེད་པའི་བཞུགསཔ་ཕྱག་འཚལ། །
- ཨཔ་བྲེ་གངསེམས་མུ་གེ་མེད་པའི་བསྐཽར་ར་རྐྱབ། །
- ཨཔ་བྲེ་གངརྒྱ་དང་བོད་ལས་བསྐོར་མི་དགོ །
- ཨཔ་བྲེ་གངདེ་ལས་ཡ་མཚན་ཆེཝ་ཅིག །
- ཨཔ་བྲེ་གངས་ནི་ལས་ཕར་ཕར་བལྟ་ས། །
- ཨཔ་བྲེ་གངཕར་ཤར་ཕྱོགས་རིའི་རྩེ་ལུ། །
- ཨཔ་བྲེ་གངམར་རི་མཇུག་དར་དཀར་འོད་ལི་ནང། །
- ཨཔ་བྲེ་གངམཁའ་འགྲོ་ཡུམ་གྱི་གནས་བསྐོར་ཡོད། །
- ཨཔ་བྲེ་གངཕྱག་དང་མཆོདཔ་ཕུལ་སའི་ཨིན། །
- ཨཔ་བྲེ་གངཕྱག་དང་མཆོདཔ་ཕུལ་དགོ་ན། །
- ཨཔ་བྲེ་གངན་ལས་ཕུལ། །
- ཨཔ་བྲེ་གངཡར་རི་གུ་ཟངས་མདོག་དཔལ་རི། །
- ཨཔ་བྲེ་གངགཏན་འཇགས་གཞའ་རི་སྣ་ལྔ་སྤུབས་ས། །
- ཨཔ་བྲེ་གངབླམ་ཨོ་རྒྱན་པད་མའི་གདན་ས་ཨིན། །
- ཨཔ་བྲེ་གངཕ་བླ་མ་ཨོ་རྒྱན་པད་མ་འདི། །
- ཨཔ་བྲེ་གངཕྱག་གཡས་པ་རྡོ་རྗེ་དྲིལ་བུ་བསྣམས། །
- ཨཔ་བྲེ་གངགཡོན་པ་དངུས་དཀར་མེ་ལོང་བསྣམས། །
- ཨཔ་བྲེ་གངདཔལ་འབྲུག་པའི་ཆོས་འཁོར་བསྐོར་དེ་ས། །
- ཨཔ་བྲེ་གངཁྱོད་གཡུས་ཀྱི་སྨན་ཆུ་བུ་མ། །
- ཨཔ་བྲེ་གངཆོས་ཞུ་ནི་ཁར་ཡར་སོང་གེ་མེན་ན ?
- ཨམ་གླེ་མོབཏུབ་ད་ནི་ཁར་འགྱོ་རུང་བཏུབ་ ནི་ཁར་འགྱོ་བ་ཅིན་ ད་ང་གིས་ ཁྱོད་ལུ་དགྲ་་གླུ་ ཆུང་ཀུ་ཅིག་བཏང་བལྟ་དགོ་པས།
- ཨམ་གླེ་མོགཟི་མིག་ཏོ་བཅུ་གཉིསམ་ནོར་བུའི་གཟི། །
- ཨམ་གླེ་མོཁྱོད་དཀར་ཤལ་ལེགས་པའི་དུས་ཚོད། །
- ཨམ་གླེ་མོབུམོ་རང་གིས་སྐེ་སྲུང་འབད་ཡི་བ། །
- ཨམ་གླེ་མོཐག་པ་གྱང་སྒྲིང་ཤོར།
- ཨཔ་ཚི་ཚིང་འཐོནའི་གོ་ཅིག་འཐོནའི་གོ །