Skip to main content Skip to search
02 Feb 2016
7 min 21 sec
Video Overview
Creators: 
Sonam Tobgye, Sangay Tshomo

This is a story about the Religious King Norzang and a woman he loved. The story conveys the message that when two persons are in love, they always find a way to be together. In the past, there was a tradition of giving something to a loved one before parting ways. In this story, the beloved woman gives King Norzang a gold ring as a souvenir so that he would not forget her.  

 

མོང་སྒར་གླིང་མཁར་ལས་ འཇིགས་མེད་ཀྱིས་གཏང་མི་སྲུང་དེ་ འཇམས་དབྱངས་དང་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་ བསྟན་པ་བཙུགས་ནི་གི་དོན་ལུ་ གབ་ཐོབ་རྐྱབ་པའི་སྐོར་ལས་ཨིན་པས། དེ་ཡང་ སངས་རྒྱས་ཁོ་ར་ ཆོས་མ་མཛད་པའི་ཧེ་མ་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་གནང་ཞིནམ་ལས་རྐྱངམ་ཅིག་ ཆོས་བསྒྲུབས་ཏེ་སངས་རྒྱས་པའི་ལོ་རྒྱུས་སྦེ་བཤདཔ་ཨིན་པས། དེ་འབད་ནི་འདི་གིས་ ཁོ་གིས་གཏང་མི་སྲུང་དེ་ བདེན་པ་ཅིག་ཨིན་པ་ཅིན་ སངས་རྒྱས་ཧེ་མ་བྱུང་ཡི་ག་ ཆོས་ཧེ་མ་བྱུང་ཡི་ག་གི་དོགས་པ་ཡང་སེལ་ཚུགས་ནི་ཨིན་པས། ཨིན་རུང་ འཇིགས་མེད་ཁོ་ར་ཡང་དོགས་པ་ཟ་སུ་ཅིག་སྦེ་ ཨ་པ་དང་ཨ་རྒས་ཀྱིས་ འ་ནི་སྦེ་གསུངས་ནི་འདུག འ་ནི་འབདཝ་ད་ ཡང་ཅིན་ལེགས་ཤོམ་འོང་ ཡང་ཅིན་ཟོགཔ་འོང་ ཟེར་སླབ་ནི་འདུག།

 

Transcript search
No results found for this search
0 of 0
  • འཇིགས་མེད།/Jigme
    ད་ལྟོ་ དང་ཕུ་ ཆོས་རྒྱལ་ནོར་བཟང་དང་ ཐུང་ལེམ་སྒྲོལ་མ་ཟེར་སྡོད་སྡོདཔ་མས། ཆོས་རྒྱལ་ནོར་བཟང་ཟེར་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཨ་རྟག་རང་ ཁོ་ནོར་འཚོ་བར་འགྱོ་དོ་ཡོདཔ་མས། ནོར་འཚོ་བར་འགྱོ་སྡོདཔ་ད་ ཉིནམ་ཅིག་ཟེརཝ་ད་ལུ་ བྱ་དཀརཔོ་དཀརཔོ་ཅིག་ལྷོད་དེས་ ཟེར་ཨིན་མས།
  • འཇིགས་མེད།/Jigme
    ཏེ་ འ་ནཱི་བྱ་གཅིག་ཁར་སྡོདཔ་ད་ལུ་ ནོར་ ཉིནམ་འཛུལ་སོང་སྟེ་ ཁོ་གི་ནོར་ བྱ་ལྟ་སྡོདཔ་ད་ ཉིནམ་འཛུལ་ཏེ་ དེ་ལས་ ཁྱིམ་ནང་ལྷོདཔ་ད་ ཨ་པ་དང་ཨའི་གིས་ཚོགས་བརྡ་བཏང་དོ་ཡོདཔ་མས། ག་ཅི་སྨོ་ ཁྱོད་ཀྱི་ནོར་ ཏེ་ ཁོ་གི་ཨ་ཞང་གིས་འདི་ ག་ཅི་ཚོགས་བརྡ་བཏངམ་སྨོ་ ཁོ་གི་ནོར་འདི།
  • འཇིགས་མེད།/Jigme
    ཏེ་ རྐངམ་ཚ་ ཨོམ་སྐམ་འོང་ཟེར་ འགྲོས་ཀྱིས་འབད་བདའ་འོང་འོངམ་ཨིན་ ཚོགས་བརྡ་མ་བཏང་ཟེར་ སླབ་སླབ་ཨིན་པས། ཏེ་ ཉིནམ་ཅིག་ཟེརཝ་ད་ བུམོ་ཅིག་ལྷོད་ལྷོདཔ་ཨིན་མས་འ་ནཱི་བྱ་ལུ་ འ་ནཱི་བྱ་ ང་ལུ་གནང་ ཟེར་སླབ་དོ་ཡོདཔ་མས། ཏེ་ མི་བྱིན་ངེའི་བྱ་ལེགས་ཤོམ་ཡོད་ མི་བྱིན་ ཟེར་སླབ་སླབ་མས། གནང་ས་ ཟེར་སླབ་སླབ་མས།
  • འཇིགས་མེད།/Jigme
    ཏེ་ བྱིན་སྦེ་ ད་ ང་བཅས་གཉིས་གཉེན་རྐྱབ་ནི་ ཟེར་སླབ་སླབ་ཨིན་པས། ཏེ་ གཉེན་རྐྱབ་སྦེ་ དེ་ལས་ བུམོ་ལུ་བྱིན་སྡོདཔ་ད་ ཏེ་ གཉིད་ལོག་སོ་ནུག་ཁོ་འདི་ ཏེ་གཉིད་ལོག་སྡོདཔ་ད་ལུ་ ཏེ་ མོ་གི་ ཕར་ལས་ཁྱིམ་ནང་ལས་ བུམོ་འདི་གི་ མོ་གི་ཨ་པ་གིས་ཤོག་ཟེར་ ལྷོད་དོ་ཡོདཔ་མས། ཤོག་ཟེར་སླབ་ད་ལུ་ ཏེ་ དབའི་ཆོས་རྒྱལ་ནོར་བཟང་ ང་འགྱོ་ནི་ འགྱོ་ནི་ཟེརཝ་ད་ལུ་
  • འཇིགས་མེད།/Jigme
    ཏེ་ གཉིད་ཚོར་ནི་མེད་པར་ ཨ་ གསེར་གྱི་མཛུབ་དཀྱི་བཏོན་ཏེ་ བཙུགས་བྱིནམ་སྦེ་ ཡར་སོང་སོངཔ་མས་ གཉིད་མ་ཚོར་བར་ བཀོ་བཞག་སྟེ་འགྱོ་སྦེ་ ཏེ་ གཉིད་ཚོར་བལྟཝ་ད་ལུ་མིན་འདུག་ ཟེར་ཨིན་མས། ཨ་ ག་ཏེ་ཡར་སོང་ཡི་ག་ ཡར་སོ་ནུག་སྨོ་ མོ་རའི་ཁྱིམ་ནང་ཟེར་ ཏེ་ ནོར་ཡང་མི་བལྟ་ང་ཟེར།
  • འཇིགས་མེད།/Jigme
    ཁྱིམ་ནང་ནོར་བདའ་འབག་སྦེ་ ནངས་པ་ལས་ ང་ནོར་མི་བལྟ་ ངེའི་ཨམ་སྲུའི་རྟིང་བདའ་འགྱོ་ནི་ཟེར་ ཡར་སོང་ནུག་ ཁོ་གིས་འགྱོཝ་ད་ལུ་ ཕར་ ཤིང་ གནམ་མེད་ས་མེད་ ཤིང་སྦོམ་ཅིག་གིས་ ལམ་མ་བཏང་ ཟེརཝ་མས་ལོ། མ་བཏང་པར་སྔུ་སྟེ་ ལོ་གསུམ་དེ་ནང་སྔུ་སྟེ་ལུས་ཡི་ཟེར་སླབ་ཨིན་པས་ཁོ།
  • འཇིགས་མེད།/Jigme
    དེ་ལས་ ཤིང་ལྟོ་ཚང་གིས་ དབའི་ ཁྱོད་ཀྱི་སྦོ་ལོགས་ཁར་ མི་གནགཔ་ཁྱི་གནགཔ་ཅིག་ལྷོད་ནུག སྔུ་སྟེ་དཀའཝ་དཔྱད་ཅི་ཁོ་ ལོ་གསུམ་ཡར་སོ་ཡི་ གཏང་ད་ ཟེར་སླབ་ད་ལུ་ གཉིད་ཚོར་བལྟཝ་ད་ལུ་ ཁོ་གིས་མིག་ཏོ་བཙུམ་སྡོད་དེ་ མིག་ཏོ་ཁ་བརྒྱངས་བལྟཝ་ད་ལུ་ ལམ་བཏང་སྟེ་ཡོདཔ་ལས་ འགྱོ་ཡི་ལོ་ ཨ་ན་ལས་ ཨ་ན་ལས་འགྱོ་སྦེ་ ད་རུང་རང་ བྱག་གནམ་མེད་ས་མེད་བྱག་སྦོམ་འཕྱད།
  • འཇིགས་མེད།/Jigme
    ཨ་ནཱ་ ད་རུང་ ལོ་གསུམ་ལུས་སོ་ཡི་ ཟེར་སླབ་ཨིན་མས་སྔུ་སྟེ་ཁོ་ ཨེའི་ དེ་ལས་ དབའི་ མི་གནགཔ་ཁྱི་གནགཔ་ཅིག་ལྷོད་ནུག ཁྱོད་ཀྱི་སྦོ་ལོགས་ཁར་ ལམ་གཏང་ད་ཟེར་ བྱག་ལྟོ་ཚང་གིས་སླབ་སྦེ་ བཏང་ཡི་ལོ། དེ་ལས་ འགྱོ་ཡི་ལོ་ཁོ་ འགྱོ་སྦེ་ གནམ་མེད་ས་མེད་ ཕར་ལྷོད་ནི་འབདཝ་ད་ལུ་ མཆེཝ་གནམ་ཁ་ལུ་བཙུགས་བཙུགསཔ་ ས་ལུ་བཙུགས་བཙུགསཔ་ སྦོམ་ ཁ་བརྒྱངས་སྡོད་སྡོདཔ་ཅིག་འཕྱད་དེ་ ཨའེ་་་་ འ་ནཱ་ལུ་ ང་བཟའ་ནི་ཨིན་མས་སྨོ་ཟེར་ ཨ་ནཱ་ལུ་ལོ་གསུམ་སྔུ་ཡི་ ཟེར་ཨིན་མས་ཁོ་གིས།
  • འཇིགས་མེད།/Jigme
    དེ་ལས་ དབའི་ གཏང་ད་ མི་གནགཔ་ཁྱི་གནགཔ་ཅིག་ལྷོད་ཅི་ ཁོ་དེ་ནང་ གཏང་ད་ལམ་ཟེར་ སླབ་སླབ་ཨིན་པས། དེ་ལས་ ཏེ་ གཉིད་ མིག་ཏོ་ཁ་བརྒྱངས་བལྟཝ་ད་ལུ་ ལམ་བཏང་སྟེ་ཡོདཔ་ལས་འགྱོ་འགྱོ་མས། འགྱོ་སྦེ་ ཕར་ལྷོདཔ་ད་ ཨང་རྒས་ཅིག་ཆུ་སྐྱེལ་སྡོད་ནུག་ ཟེར་སླབ་ཨིན་མས། ཨང་རྒས་ཆུ་སྐྱེལ་སྡོད་སར་ ཨང་རྒས་ལུ་ ཆུ་སྐྱེལཝ་ཨིན་ན་ ཟེརཝ་ད་ ཨིན། འཐུང་ནི་གི་སྨོ་ ག་ཅི་གི་སྨོ་ ཟེརཝ་ད་ མེན་ ཐུང་ལེམ་སྒྲོལ་མ་ཟེར་མི་ མི་གནགཔ་ཁྱི་གནགཔ་དང་གཅིག་ཁར་གཉེན་རྐྱབ་སྟེ་ སྒྲིབ་ཕོག་ནུག ཁྲུས་བསང་འབད་དོ་ ཟེར་སླབ་སླབ་ཨིན་མས།
  • འཇིགས་མེད།/Jigme
    ཡ་ ཨང་རྒས་སྒུགས་སྒུགས་ཟེར་ གསེར་གྱི་མཛུ་དཀྱི་བཏོན་ཏེ་ དེ་ལས་ འ་ནཱི་ཆུ་ཟངས་ནང་ན་ལས་ཕར་ བཀོ་བཀོཝ་ཨིན་མས་ཁོ་གིས་ ཏེ་ ཕར་ལྷོདཔ་ད་ ཆུ་བླུགསཔ་ད་ལུ་ ཐུང་ལེམ་སྒྲོལ་མ་གིས་ མཛུ་དཀྱི་གིས་སྐད་རྐྱབ་དོ་ཡོདཔ་མས་ ཀྲང་ཀྲང་ཀྲང་ཟེར་སྐད་རྐྱབ་ད་ལུ་ ཨང་རྒས་སྒུགས་སྒུགས་ ག་ཅི་ཅིག་འདུག་ ཟེར་སླབ་ད་ལུ་ ཏེ་ འ་ནཱི་གསེར་གྱི་མཛུ་དཀྱི་ ངོ་ཤེས་ཤེསཔ་ཨིན་མས། དེ་ལས་ ལག་པར་བཙུགས་སྦེ་ ཏེ་ འ་ནཱ་ལས་ ད་ ང་འདི་ཁྲུས་བསང་ཡང་མི་འབད་ད་ ཟེར་སླབ་སླབ་ཨིན་མས།
  • འཇིགས་མེད།/Jigme
    ཏེ་ ཕྱི་རུ་འཐོན་ཏེ་གླུ་འཐེན་དོ་ཡོདཔ་མས་ གླུ་གཞས་འཐེན་ཏེ་སྡོདཔ་ད་ལུ་ དབའི་ ཐུང་ལེམ་སྒྲོལ་མ་ ག་ཅི་གླུ་གཞས་འཐེན་སྨོ་ ནམ་དང་ནམ་རང་མ་འཐེན་པར་ཟེར་ མོ་རའི་ཨ་པ་གིས་ཚོགས་བརྡ་བཏང་དོ་ཡོདཔ་མས། ཨ་པ་ ཏེ་ མི་གནགཔ་ཁྱི་གནགཔ་ཅིག་ལྷོད་པ་ཅིན་ ག་དེ་སྦེ་བཞག་ནི་སྨོ་ ཟེར་སླབ་ད་ལུ་ བྱ་རོགས་བཟོ་བཞག་ནི་འོང་ ཟེར་སླབ་དོ་ཡོདཔ་མས། ཨའེ་་་་ ཨ་པ་གིས་མི་བྱིན་ནི་མས་སྨོ་ཟེར་ དེ་ལས་ད་རུང་ ཉིནམ་ཅིག་ཟེརཝ་ད་ ད་རུང་གླུ་གཞས་འཐེན་ ཏེ་ ག་དེ་སྦེ་བཞག་ནི་ མི་གནགཔ་ཁྱི་གནགཔ་ལྷོད་པ་ཅིན་ཨ་པ་ ཟེར་སླབ་ད་ལུ་
  • འཇིགས་མེད།/Jigme
    ལྟག་ཀོ་ལུ་ ཤིང་རྟ་འཁོར་ལོ་སྒྲིག་ རྐང་མར་ལྕགས་བཀལ་བཞག་ནི་འོང་ཟེརཝ་ད་ ཨའེ་་་་ ཨ་པ་གིས་ གཉེན་མི་བྱིན་ནི་མས་སྨོ་ཟེར་མནོ་མནོཝ་མས། དེ་ལས་ ད་རུང་ གླུ་གཞས་འཐེན་དོ་ཡོདཔ་མས། གླུ་གཞས་འཐེན་ཏེ་ ཉིནམ་གསུམ་འཐེནམ་ད་ལུ་ མི་གནགཔ་ཁྱི་གནགཔ་ཅིག་ལྷོད་པ་ཅིན་ ག་དེ་སྦེ་བཞག་ནི་སྨོ་ཨ་པ་ ཟེར་སླབ་ད་ལུ་ ཡ་ ང་བཅས་གསུམ་གྱི་ བྱ་རོགས་འབད་བཞག་ནི་འོང་ ཟེར་སླབ་སླབ་ཨིན་མས།
  • འཇིགས་མེད།/Jigme
    དེ་ལས་ ཨ་པའི་ཕྱག་དབང་ལུ་འཁྱིད་འགྱོ་དོཝ་མས། ཏེ་ ལག་རྒྱན་བཀལ་ ལྷྭམ་བཙུགས་ ཏེ་ ཆུ་འཁྱུ་སྦེ་ ཕར་ཨ་པ་ཁྲི་གུ་བཞུགསཔ་ད་ལུ་ རྨགཔ་གི་དབང་ལུ་ འབད་མ་ཚུགས་པར་ ཨ་པ་འདི་ ཨ་ཞང་ ཁྲི་ལས་མར་གང་རྐྱལ་སྦེ་ཡར་སོང་ཡི་ ཟེར་ཨིན་མས། ཡ་ བཏུབ་བཏུབ་ ཡ་ ད་ ནཱ་ལྷོད་ཅི་ བཏུབ་པས་ཟེར་ ཏེ་ ཨ་པ་གིས་ག་ཅི་ཡང་སླབ་ནི་མིན་འདུག་ག་ ཟེར་སླབ་ནུག ནངས་པ་ག་ཏེ་ཡང་འགྱོ་གེ་ཟེར་མི་སླབ་པས་ག་ ཟེརཝ་ད་
  • འཇིགས་མེད།/Jigme
    ཉ་གཟུང་པར་འགྱོ་གེ་ ཟེརཝ་མས་ ངེའི་ཨ་ཞང་གིས་ཟེར་ རྨག་པ་དགའ་དགའཝ་མས་ ཏེ་ ཡ་ ཨ་ཞང་གིས་ ཨ་པ་གིས་ ཁྱོད་གསད་ནི་གི་གནས་སྐབས་ཨིན། མར་ཆུའི་ཟུར་ཁ་ལུ་ གནམ་མེད་ས་མེད་ རྡོ་སྦོམ་ཅིག་ཡོད་ ཨ་པ་ཆུའི་ནང་ན་འཛུལཝ་ཅིག་ ཁྱོད་ འ་ནཱི་རྡོ་སྦོམ་ཐོག་ཁར་འཛེགས་སྡོད་སྨེ་ ཁྱོད་ཟ་ནི་ཟེར་ སྦུལ་འཐོན་འོང་སྨེ་སྦུལ་ ཟེར་སླབ་སླབ་མས། ཁོ་གི་ཐུང་ལེམ་སྒྲོལ་མ་ ཁོ་གི་ཨམ་སྲུ་གིས།
  • འཇིགས་མེད།/Jigme
    དེ་ལས་ ཆུ་ནང་ན་ཀྲིག་ཀྲི་འཛུལཝ་ད་ སྐད་ཚར་གསུམ་རྐྱབ་ད་ལུ་ ཡར་རྡོ་སྦོམ་ཐོག་ཁར་འཛེགས་སྡོདཔ་ད་ལུ་ གནམ་མེད་ས་མེད་ སྦུལ་སྦོམ་ཐོན་ཏེ་ འ་ནཱི་རྡོ་མཐའམ་བསྐོར་ཏེ་བསྐོར་གསུམ་རྐྱབ་སྟེ་ ཁོ་ཆུའི་ནང་ན་ཀྲིག་ཀྲི་འཛུལཝ་ད་ རྩ་བར་བབས་སྦེ་ དྲྭཝ་གྲ་སྒྲིག་འབད་སྡོད་སྨེ་ ཟེར་སླབ་སླབ་ཨིན་མས། ཏེ་ ཆུའི་ནང་ན་ཀྲིག་ཀྲི་འཛུལཝ་ད་ དྲྭཝ་གྲ་སྒྲིག་འབད་སྡོདཔ་ད་ ཨ་ཞང་འཐོན་དེས་ལོ།
  • འཇིགས་མེད།/Jigme
    དབའི་ ཉ་མ་ཐོན་ག་ ཟེར་སླབ་ད་ མེད་མེད་ མ་ཐོན་སྨེ་ཨ་ཞང་ ཟེརཝ་ད་ ཡ་ འགྱོ་གེ་ཏེ་ཁྱིམ་ནང་ ཟེར་ཡར་སོ་ནུག ལམ་ཚོད་ཅིག་ཁར་ལྷོདཔ་ད་ ད་རུང་སླབ་དོ་ཡོདཔ་མས། ང་བཅས་གཉིས་ ནངས་པར་ཤ་བདའ་བར་འགྱོ་ནི་སྨེ་ ཟེར་སླབ་སླབས་ཨིན་མས། ཏེ་ ཨ་པ་གིས་ག་ཅི་ཡང་སླབ་ནི་མིན་འདུག་ག་ ཟེརཝ་ད་ ནངས་པར་ཤ་བདའ་བར་འགྱོ་གེ་ ཟེརཝ་མས་ ངེའི་ཨ་པ་གིས་ཟེར་ དགའ་དགའཝ་མས་ཁོ།
  • འཇིགས་མེད།/Jigme
    ཏེ་ འགྱོ་ནུག་ཏེ་ དབའི་ ཨ་པ་གིས་ ཁྱོད་གསད་ནི་གི་གནས་སྐབས་རང་འབདཝ་མས་སྨེ་ཟེར་ ཡར་ ནགས་ཚལ་ཤིང་སྦོམ་ཅིག་ཡོད་ ཨ་པ་ཕར་སྤོག་ཏོག་བརྒལཝ་ཅིག་ ཁྱོད་ འ་ནཱི་ཤིང་ཐོག་ཁར་འཛེགས་སྡོད་སྨེ་ ཟེར་སླབ་སླབ་ཨིན་མས་ཁོ་གི་ཨམ་སྲུ་གིས་ དེ་ལས་ ཏེ་ ཡར་འགྱོ་སྦེ་ ཕར་བརྒལཝ་ཅིག་ ཁྱོད་འ་ནཱ་སྡོད་སྨེ་ སླབ་དོ་ཡོདཔ་མས། དེ་ལས་ ཕར་བརྒལཝ་ཅིག་ ཤིང་ཐོག་ཁར་འཛེགས་སྡོད་སྡོདཔ་མས།
  • འཇིགས་མེད།/Jigme
    དེ་ལས་ ཕར་ སྐད་ཚར་གསུམ་རྐྱབ་ད་ སྟག་འཐོན་འོང་སྨེ་ སྟག་དམརཔོ་ སྦོམ་ཅིག་ཐོན་ཏེ་ ཁྱོད་འཛེགས་མི་ཤིང་ བསྐོར་ར་རྐྱབ་འོང་སྨེ་ ཟེར་སླབ་དོ་ཡོདཔ་མས། ཏེ་འ་ནཱི་ཤིང་བསྐོར་ཏེ་ བསྐོར་གསུམ་རྐྱབ་སྦེ་འགྱོཝ་ད་ལུ་ རྩ་བར་ལྷོད་སྦེ་ མདའ་གྲ་སྒྲིག་འབད་སྦེ་སྡོད་སྡོདཔ་མས་ཁོ་གིས། ཡ་ ཤ་མ་འཐོན་ག་ ཟེར་སླབ་ནུག མེད་མེད་ མ་འཐོན་ཨ་ཞང་ ཟེར་སླབ་ད་ ཡ་ འགྱོ་གེ་ཏེ་ ད་ ཡ་ ང་བཅས་གཉིས་ ནངས་པར་ ཕྱད་མདའ་རྐྱབ་ནི་སྨེ་ང་བཅས་གཉིས་ ཟེར་སླབ་དོ་ཡོདཔ་མས་ཨ་ཞང་གིས།
  • འཇིགས་མེད།/Jigme
    ཏེ་ ཨ་པ་གིས་ ག་ཅི་ཡང་མི་སླབ་པས་ག་ ཟེར་སླབ་ད་ ནངས་པར་ཕྱད་མདའ་རྐྱབ་གེ་ ཟེར་སླབ་སྨེ་ ཨ་ཞང་གིས་ ཏེ་ ཨ་པ་གིས་ ཁྱེད་གཉིས་ག་དེ་སྦེ་ཉལཝ་སྨོ་ ཟེར་འདྲི་བ་ཅིན་ ཏང་ཏང་ ཏོང་ཏོང་ གྲཱའོ་གྲཱའོ་ གྲཱའོ་གྲཱའོ་འབད་ཉལཝ་ཨིན་ ཟེར་སླབ་སྨེ་ ཟེར་སླབ་སླབ་ཨིན་མས། དེ་སྦེ་སླབ་ད་ལུ་ ཏེ་ བུམོ་ཁྱེད་གཉིས་ ག་དེ་སྦེ་ཉལཝ་སྨོ་ ཟེར་སླབ་ད་ལུ་ ཏང་ཏང་ ཏོང་ཏོང་ གྲཱའོ་གྲཱའོ་ གྲཱའོ་གྲཱའོ་འབད་དེ་ཉལཝ་ཨིན་ཟེར་ ཏེ་ སླབ་ནུག རྨགཔ་གིས་ ཨ་ཞང་ལུ་ལྟ་སྟེ།
  • འཇིགས་མེད།/Jigme
    ཡ་ ཨ་ཞང་ ཨ་པ་གིས་ ག་ཅི་ཡང་སླབ་ནི་མིན་འདུག་ག་ ཟེརཝ་ད་ལུ་ ནངས་པར་ཕྱད་མདའ་རྐྱབ་གེ་ཟེརཝ་མས་ ངེའི་ཨ་ཞང་གིས་ ཟེར་སླབ་ནུག དབའི་ ཕྱད་མདའ་ག་དེ་འབད་གདོང་ལེན་འབད་ནི་ ཨ་པ་གི་ཕྱད་མདའ་གདོང་ལེན་འབད་མི་ཚུགས། ང་གིས་གནམ་གྲུ་བཟོ་ནི་ ཁྱོད་ཀྱིས་ཁུར་ཆ་བསྡམ་སྨེ་ ཆོས་རྒྱལ་ནོར་བཟང་ ཟེར་སླབ་སླབ་ཨིན་མས།
  • འཇིགས་མེད།/Jigme
    དེ་ལས་ བུམོ་ གཞན་མི་ ཐུང་ལེམ་སྒྲོལ་མ་གིས་ གནམ་གྲུ་བཟོ་ ཏེ་ གཞན་མི་ ཁུར་ཆ་བསྡམས་ཏེ་ ཁོང་གཉིས་ གནམ་ཀྲིག་ཀྲི་ལངམ་ཅིག་ བྱོག་འགྱོ་འགྱོཝ་ཨིན་མས། ཨ་མི་རི་ཀ་ལས་ ཡར་ འགྱོ་འགྱོཝ་ཨིན་མས། ཨ་མི་རི་ཀ་འགྱོ་ འགྱོ་སྟེ་ ཁོང་གཉིས་གནམ་གྲུ་ལུ་བསྡམ་ཏེ་ ཨ་མི་རི་ཀ་ལུ་འགྱོ་ ཏེ་ ད་ལྟོ་ དཔེ་འབད་བ་ཅིན་ ང་བཅས་ཀྱིས་ ཨ་མི་རི་ཀའི་གནམ་གྲུ་ཟེར་ གནམ་གྲུ་[ཁག་ཏང་ཨ་ཐུར་?] ཨ་བུག་ལས་དུ་པ་འཐོན་མི་ཅིག་ འགྱོཝ་ཨིནམ་མེན་ན།
  • འཇིགས་མེད།/Jigme
    འ་ནཱི་འདི་ ཨ་མི་རི་ཀའི་གནམ་གྲུ་ ཟེར་མི་འདི་ ནཱ་ལས་ཕར་ལྟ་ ཆོས་རྒྱལ་ནོར་བཟང་དང་ ཐུང་ལེམ་སྒྲོལ་མ་ བྱོག་སྟེ་ཨ་མི་རི་ཀ་འགྱོ་འགྱོཝ་གི་ ཨ་མི་རི་ཀ་ལུ་འགྱོ་འགྱོཝ་གི་ དོན་ཚན་འདི་འ་ནཱི་ཨིན་ཟེར་ ཞུ་ནི་ཨིན་ལགས། བཀའ་དྲིན་ཆེ། དེམ་ཅིག་ཨིན་ལགས།། །།