Video Overview
Rabsal is the term for window frame in Bhutanese house carpentry. The song “Rabsal with Gold Carving” talks about three types of window frames that are made of carved gold, carved silver and carved turquoise. The lyrics say that behind the window frame of carved gold sits the lama; behind the window frame of carved silver sits the ruler; and behind the window frame of carved turquoise sit the benevolent parents. The lyrics also instigates young people to offer dances of joy before the windows behind which those figures sit. This is a joyful song that generally attracts an audience during festivals in which singing and dancing are enjoyed.
༉ རབ་གསལ་གསེར་གྱི་པ་ཏྲ་དེ་ཡང་ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིནམ་ད་ འ་ནི་བཟུམ་གྱི་གླུ་གཞས་ཚུ་ གླུ་དེབ་ཚུ་ནང་ཡང་མ་ཚུད་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ཡང་ལྷབ་ནི་མེད་འབདཝ་ད་ ཧེ་མའི་ཕམ་རྒས་ཤོས་ཚུ་མེད་པའི་བསྒང་ལས་ དེ་ཚུ་ ཉམས་དང་ཉམས་བཞིན་དུ་ཡོད་པ་གིས་མ་ཚད་ མ་འོངས་པ་ལུ་འདི་ གོ་རང་མི་གོ་ནི་ཨིན་པས། གླུ་གཞས་འདི་ བརྩམས་མི་ག་ཨིན་ན་མ་ཤེས་ཏེ་ར་འབད་རུང་ དཔྱད་དེ་བལྟ་བ་ཅིན་ ག་ནི་བ་འཇོན་ཐང་ཅན་ དཔའ་རྩལ་ཅན་གྱི་མི་ ཀུན་བཟང་ ཟེར་མི་དེ་གི་ཁྱད་ཆོས་ལུ་གཞི་བཞག་སྟེ་བརྩམས་བརྩམས་ཅིག་ཨིན་པས། དེ་ཡང་ མཚན་ལྡན་བླམ་དང་ དབང་ཆེན་དཔོན་པོ་ དྲིན་ཆེན་ཡབ་ཡུམ་འབད་སར་འགྱོ་བའི་འགྱོ་ཐངས་འདི་ ཀུན་བཟང་གཞོན་པའི་འགྲོ་ཐངས་ཤེས་ཤེས་ཟེར་ ཀུན་བཟང་ཟེར་མི་དོ་གི་འཇོན་ཐངས་དང་དཔའ་རྩལ་ལུ་ དཔའ་ཉམས་བསྐྱེད་པའི་ཚིག་ཚུ་འཐོན་ནི་འདུག།
- དབྱངས་འཛོམས། Yangzomརབ་གསལ་ལ་གསེར་གྱི་ལ་པ་ཏྲ་ལ་དགའ་བ་ལ། །སྭོ་མཚན་ལྡན་བཞུགས་ས་སོང་དོ་དགའ་བ་ལ། །The golden carvings on the window look so cheerful. This is where the Precious One lives.
- དབྱངས་འཛོམས། Yangzomའབྲེལ་ཏེ་དཀའ་ལ་འབྲེལ་མེད་སྐྱིད་ལ། །ཀུན་བཟང་གཞོན་པའི་འགྲོ་ཐང་ཤེས། །ཀུན་བཟང་གཞོན་པའི་འགྲོ་ཐང་ཤེས་ཤེས། །Going apart is hard, to stay together is such a nice feeling. The youthful Kuenzang knows how to walk.
- དབྱངས་འཛོམས། Yangzomརབ་གསལ་ལ་དངུལ་གྱི་པ་ཏྲ་དགའ་བ་ལ། །སྭོ་དབང་ཆེན་བཞུགས་ས་སོང་དོ་དགའ་བ་ལ། །The silver carvings on the window look so cheerful. This is where the Powerful One lives.
- དབྱངས་འཛོམས། Yangzomའབྲེལ་ཏེ་དཀའ་ལ་འབྲེལ་མེད་སྐྱིད་ལ། །ཀུན་བཟང་གཞོན་པའི་འགྲོ་ཐང་ཤེས། །ཀུན་བཟང་གཞོན་པའི་འགྲོ་ཐང་ཤེས་ཤེས། །Going apart is hard, to stay together is such a nice feeling.he youthful Kuenzang knows how to walk.
- དབྱངས་འཛོམས། Yangzomརབ་གསལ་ལ་གཡུ་ཡི་པ་ཏྲ་དགའ་བ་ལ། །སྭོ་དྲིན་ཆེན་བཞུགས་ས་སོང་དོ་དགའ་བ་ལ། །The turquoise carving on the window looks so cheerful. This is where the Benevolent One resides.
- དབྱངས་འཛོམས། Yangzomའབྲེལ་ཏེ་དཀའ་ལ་འབྲེལ་མེད་སྐྱིད་ལ། །ཀུན་བཟང་གཞོན་པའི་འགྲོ་ཐང་ཤེས། །ཀུན་བཟང་གཞོན་པའི་འགྲོ་ཐང་ཤེས་ཤེས། །Going apart is hard, to stay together is such a nice feeling. The youthful Kuenzang knows how to walk.