Skip to main content Skip to search
27 Jan 2016
5 min 33 sec
Video Overview
Creators: 
Sonam Chophel, Khandu, Enchung Lhamo, Jamyang Lhamo

Ezay means "pickle," and "Nyergum" means “twenty-nine." Hence, according to this tentative etymology, one could suppose there are twenty-nine ingredients in this dish. In reality, however, only nine ingredients are in this recipe. The ingredients are:Fried dried red chili,Peppermint ,Tomato,Coriander,Spring onion,Ginger,Sichuan,Peppers and Salt.No one knows exactly why this pickle is called “Ezay Nyergum.” This Ezay is considered to be an exquisite dish. A key advice on how to prepare this dish is to only add salt when everything is ready to serve. 

 

སྤུ་ན་ཁ་ནོརཔ་སྒང་ལས་ རྡོ་བཀག་མི་དང་ཆ་རོགས་ཚུ་གིས་ ཨེ་རྫས་ཉེར་དགུམ་སྦྱོར་ཐངས་འདི་སྟོནམ་ཨིན་མས། ཨེ་རྫས་ཉེར་དགུམ་འདི་ ཡི་གུའི་སྡེབ་དང་འཁྲིལ་བ་ཅིན་ རྫས་སྦྱོར་ ༢༩ དེ་ཅིག་འོང་དགོ་ནི་ཨིན་པས། དེ་འབདཝ་ད་ ཁོང་གིས་སླབ་སྲོལ་ལུ་ ཨེ་རྫས་ཉེར་དགུམ་ཟེར་ སླབ་ཐངས་ཅིག་ལས་མ་གཏོགས་ རྫས་སྦྱོར་ལྷམ་པ་༩ ལས་བརྒལ་བླུགས་ནི་མེད་ ཟེར་བཤད་དོ་ཡོདཔ་མས། དེ་འབད་བ་ཅིན་ ཨེ་རྫས་ལུ་ཉེ་བར་མཁོ་བའི་རྫས་དགུ་ ཟེར་ཨིན་ན་ ཟེར་བ་ཅིན་ ད་ལྟོ་ ཁོང་གིས་སྦྱོར་ཐངས་ལུ་བལྟཝ་ད་ ཧེ་མ་ར་ ཨེ་མ་སྐམ་རྔོ་ཞིན་ན་ དེ་དང་ཅིག་ཁར་ གེ་ཆེ། ཨུ་ཤི་ལ། བླམ་བན་ད། ། སྒོགཔ། ས་སྒ། མཐིང་ངེ། ཚྭ། མར་ཁུ། འབདཝ་ད་ རྫས་སྦྱོར་མ་འདྲཝ་ ལྷམ་པ་༡༠ དེ་ཅིག་མཐོང་ནི་འདུག དེ་འབདཝ་ལས་ ཨེ་རྫས་ཉེར་དགུམ་ཟེར་ ག་ཅི་སྦེ་སླབ་ཨིན་ན་མི་ཤེས་པས། ག་དེ་སྦེ་ར་ཨིན་རུང་ ཁོང་གི་གཡུས་ཁར་ གནམ་མེད་ས་མེད་རྡིག་རྡིགམ་སྦེ་བརྩི་དོ་ཡོདཔ་བཞིན་དུ་ ཡུན་རིམོ་སྦེ་བཞག་ནི་ཨིན་པ་ཅིན་ ཚྭ་མ་བཏབ་པ་བཞག་ཞིན་ན་ ཟ་རནམ་ད་རྐྱངམ་ཅིག་ ཚྭ་བཏབ་སྟེ་འབད་རུང་ ཡང་ཅིན་ བསྲུ་ཇ་བླུགས་སྦེ་ཡང་ཟཝ་ཨིན་པས།

 

Transcript search
No results found for this search
0 of 0
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ད་ང་བཅས་ར་ཏེ་ ཨེ་རྫས་དུང་པའི་སྐབས་སུ ནོརཔ་སྒང་གི་ཨེ་རྫས་ཉེར་དགུམ་ཟེར་མི་འདི་ ཏེ་འ་ནཱེ་འབད་རྡུངམ་ཨིན་མས་ལགས།
    while preparing the Ezay called Nyergyum of Norbgang, they have got types of spicies to be added ie
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    འ་ནཱི་ ཨེ་མ་འདི་བླུག་པའི་ལགས། རྟིང་མ་འདི་ཨེ་མ་བླུག། དེ་ལས་དགོད་ཆད་འདི་བླུག། དེ་ལན་ཨུ་ཤི་ལ་བླུག། དེ་ལས་ བླམ་བན་ད་བླུག་ཨིན་ལགས། ཨོང་ལ།
    chili,dgudched,peepermint,tomato,
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    དེ་ལས་འོད་སི་ལ། དེ་ལས་ ཨ་ཕ་གི་སྒོགཔ་དང་འོད་སི་བླུག་དོ་ལ། དེ་ལས་ས་སྒ་ཨིན་ལ། དེ་ལས་ཐིང་ངེ་འབད་བའི་ཤུལ་ལན་
    corrinder and onion, ginger and pepper
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ཏེ་དེ་ལས་ འདི་ཚུ་སྤུས་ཙ་སྦེ་ ལེགས་ཤོམ་འབད་བཞག་ ཧུམ་ཆི་ཆི་བཟོ་ ཏེ་ཚ་ཅིག་ཡ་བཏབ་སྦེ་ སྤུས་ཙ་སྦེ་ བཟོ་ཚརཝ་ཅིག་
    then it must well-kept and need to add some salt and make nicely
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ཏེ་དེ་ལས་ འདི་མཇུག་བསྡུཝ་ད་ཏེ་ དེ་ལས་ འ་ནཱི་ མར་ཁུ་འདི་ དྲོད་བཏགས་སྦེ་ ཏེ་འདིའི་ཁ་ལས་ མར་ཨ་ཙིག་ཅི་བླུག་སྦེ་
    after that need to heat oil and add little to it
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ཏེ་དེ་ལས་ ཞབ་ཞབ་ཞབ་ཞབ་འབད་ར་ རྡུང་ཚར་ཞིནམ་ན་ལས་་ཏེ་ དེ་ལས་ཨེ་རྫས་ཡང་ སྤྱ་རྩིས་འགྲོས་བཟུམ་སྦེ་
    then need to pound properly where final product of ezay will be
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    སྤུད་ཙ་སྦེ་ ཧུམ་ཐང་ཐང་སྦེ་ འགྱོ་སྦེ་འབད་བསྒང་ལས་ ནོརཔ་སྒང་གི་ ཨེ་རྫས་ཉེར་དགུམ་ཟེར་མི་འདི་ འ་ནཱེ་སྦེ་ཞུཝ་མས་ཟེར་ ཞུ་ནི་སྦེ་ཨིན་ལགས།
    perfect with oily and tasty that,s commonly called as "Ezay Nyergyum"
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ད་འབདན་ དེ་ལ་ ཨེ་རྫས་ཅིག་བརྡུང་སྦེ་ ཕུལ་གེ་ནུག་ ང་བཅས་ཀྱི་ ཞིམ་ཏོག་ཏོག་སྦེ།
    now we are going to prepare tasty ezay and made offer
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ཏེ་ད་ ང་བཅས་ནཱ་ལུ་ཏེ་ རོགས་རྒྱལ་བ་གོངམ་ལེགས་ཤོམ་ཚུ་བྱོན། ཕྱི་ལས་མགྱོནམ་རྡིག་རྡིགམ་ སག་སག་རྡིག་རྡིག་ཚུ་ག་ར་ལེགས་ཤོམ་སྦེ་ གཡུས་ཁ་བྱོན་
    when ever noble ancestors and exquisite guest visit our village
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ཏེ་ནོརཔ་སྒང་གི་ཨེ་རྫས་ཉེར་དགུམ་ཟེར་མི་འདི་ འ་ནཱེ་སྦེ་བརྡུང་ཕུལཝ་མས་ཟེར་ ཞུ་ནི་ཨིན།
    we the people of Norbgang pound and prepare Nyergyum Ezay and made offer
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    རྫས་སྦྱོར་ཚུ་ པུ་ར་(ཆ་མཉམ)ཚང་སྦེ་བླུག་སྦེ་འབད་ སྒོགཔ། ས་སྒ། ཐེང་ངེ་ ཏེ་དེ་ལས་ འ་ནཱི་ཚུ་ པུ་ར་ཚང་སྦེ་ ཨེ་མ་ དེ་ལས་ཞིམ་རྩི་ རྫས་སྦྱོར་པུ་ར་ དར་ཚི། བླམ་བན་ད་ གེ་ར་འ་ནཱེ་སྦེ་ ལེགས་ཤོམ་འབད་བཟོ་སྦེ་
    adding all spicies like onion,ginger,peeper,chili,cheese,tomato, together
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    དེ་ལས་ ཨ་ཙི་རེ་དུམ་གྲ་དུམ་གྲ་རེ་འབད་བའི་ཤུལནི་ དེ་སྤྲོ་བ་བསྐྱེད་དེ་ ངེས་ངེ་ཐེ་ངེས་སྦེ་ བླམ་སློབ་དཔོན་ལེགས་ཤོམ་ཚུ་ལུ་ཏེ་ ག་ར་ཐུགས་དགྱེས་པའི་བྱ་བ་སྦེ་ ལེགས་ཤོམ་སྦེ་ཏེ་ ནོརཔ་སྒང་གི་ཨེ་རྫས་ཉེར་དགུམ་ཟེར་མི་འདི་
    then little amount with interest and appriciation of spiritual teacher and their good deeds the Norbgang Ezay called nyergyum is
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ང་བཅས་ནཱ་ ཤ་ག་བ་ཡང་ཏེ་ ཤ་ཕགས་ཤ་ ནོར་ཤ་ ག་བ་ཡང་ཏེ་ ནཱི་ཕངམ་སྦེ་ དེ་སག་སག་རྡིག་རྡིག་སྦེ་ རྫས་སྦྱོར་ཚངམ་སྦེ་ བླུག་སྦེ་ཏེ་ ག་ར་གསོལ་གསོལ་གཏོད་གཏོད་སྦེ་ ཤ་བ་ཡང་བརྗིད་སྦེ་ འ་ནཱེ་སྦེ་ དྲངས་ཨིན་ཟེར་ ཞུ་ནི་ཨིན་ལགས།
    as comparing to beef, pork, and all this ezay has got so many spices which it was consider special then meet. that,s why we made offer.
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ཏེ་ང་བཅས་གཉིས་ཀྱི་ཁ་ཐུག་ལས་ ནོརཔ་སྒང་གི་ ཨེ་རྫས་ཉེར་དགུམ་ཟེར་མི་འདི་ འ་ནཱེ་སྦེ་ བཟོ་མས་ཟེར་ ཞུ་ནི་ཨིན་ལགས།
    so on my behalf and my friend that's all about nyergyum ezay of Norpgang
  • རྡོ་བཀག་མི་དང་སྡེ་ཚན། Dokami & Groups
    ང་བཅས་ཀྱི་ ཨེ་རྫས་འདི་ འ་ནཱེ་སྦེ་ཨིན་ལགས།
    our Ezay is like what we have mention.