Video Overview
This used be popular story in eastern and central Bhutan though the heroine's name varies from version to version. In the story, a crow reveals to an old pregnant woman the existence of a fruit that cures all sicknesses and that can only be found in the garden of a demon. Her husband hears about the fruit, and sneaks into the garden to steal a piece. The demon catches him and makes a deal to let the man go on the condition that, if the baby is a girl, they would surrender her to him. When a girl is born, the demon demands the child, naming her Solong Gyalmo. Some storytellers in Bumthang name the girl character in the story Bumo Sing Sing Yangden. Eventually, she runs away.
སྲུང་འདི་ འབྲུག་ལུ་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ སྲུང་འདི་ནང་གི་ བུམོ་འདི་གི་མིང་འདི་ ལུང་པ་སོ་སོར་ལས་ཕར་ སོ་སོར་སྦེ་ སླབ་སྲོལ་ཡོདཔ་ཨིན། དེ་ཡང་དཔེར་ན་ ད་ལྟོ་ སྲུང་འདི་ནང་ལུ་ བུམོ་འདི་གི་མིང་ལུ་ སོང་ལོང་རྒྱལ་མོ་ཟེར་ཨིན་རུང་ བུམ་ཐང་ལས་ཕར་ སྲུང་འདི་བཏང་མི་ ལ་ལོ་གིས་ བུ་མོ་སྲིང་སྲིང་གཡང་སྒྲོན་ཟེར་ སླབ་ཐོག་ལས་ བཤད་སྲོལ་ཡོདཔ་ཨིན། དེ་མ་ཚད་ སྲུང་དེ་ ལུང་ཕྱོགས་སོ་སོར་དང་སྲ ུང་བཏང་མི་ རང་སོའི་ཉམས་མྱོང་དང་བསྟུན་ གཞི་གཅིག་གི་ཐོག་ལུ་ ནང་ནང་སྤྲོས་བ་མི་ འདྲ་བའི་ཐོག་ལས་ རིང་ཐུང་མ་འདྲ་བའི་སྲུང་ སྣ་ཁག་སོ་སོར་ལུ་ ལེ་ཤ་སྦེ་ཡོདཔ་ཨིན་པས། དེ་ཡང་ ད་ལྟོ་འདི་ནང་ཡོད་མི་དེ་ ཐུང་ཀུ་ཅིག་ཨིན་རུང་ བུམ་ཐང་ལས་ཕར་ ལ་ལོ་གིས་སྲུང་དེ་ རིངམོ་སྦེ་ སྲུང་འདི་ནང་ གཡག་གི་ལོ་རྒྱུས་ཚུ་ཡང་ བཙུགས་ཏེ་བཤད་སྲོལ་ཡོད་པའི་ ལོ་་རྒྱུས་འདུག། མ་གཞི་སྲུང་དེ་ བཟའ་གཅིག་གི་ཨ་ལུ་དེ་ སྲིན་མོ་གིས་ འབག་སོང་བའི་ཤུལ་ལུ་ བུམོ་དེ་གིས་ སྲིན་པོའི་ཁྱིམ་ནང་ལས་ བྱོག་འོང་བའི་སྐོར་ལས་ཨིན་པས།
- Shali
- ཡིད་མཐུན་སྤུན་དྲུག་:Yethuen Pindukདང་ཕུ་བུ་མོ་སོ་ལོང་རྒྱལ་མོ་ཟེར་ཅིག་སྡོད་སྡོདཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབུ་མོ་སོ་ལོང་རྒྱལ་མོའི་གཏམ་ཅིག་ བཤད་གེ་ཟེར་ཨིན།
- ཡིད་མཐུན་སྤུན་དྲུག་:Yethuen Pindukད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ ཨང་རྒས་ཅིག་ན་ཡི་ར་ ལོ་གསུམ་ཡར་སོངཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ན་ཡི་ར་དྲག་མ་བཏུབ་པར་ གནམ་མེད་ས་མེད་ ན་སྡོད་དེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ཨ་ཙི་ཅི་དྲག་སྟེ་ ཕར་ཚུར་སྦེ་ སྒོའི་རྩ་བར་ཐོན་ཏེ་ རྡོ་གཅལ་གུ་ རྩ་བར་སྡོད་སྡོདཔ་མས་ཨང་རྒས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ཨོ་ལ་ཅིག་ དར་ཤིང་ཅིག་ཡོདཔ་མས་ དར་ཤིང་ཅིག
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་ནཱི་ དར་ཤིང་གུ་ལས་ ཨོ་ལ་ ཨ་ཨ་ཟེར་ སྐད་རྐྱབ་ཅིག་ར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་ནཱི་ ཨོ་ལ་སྐད་རྐྱབ་ས་ལས་ རྒུན་འབྲུམ་ཅིག་བུད་སོང་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ཁོ་གིས་ འ་ནཱི་ རྒུན་འབྲུམ་འཐུ་བཟའ་ད་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་ནཱི་ ཨང་རྒས་ན་མི་འདི་ ཧིང་སངས་ས་ར་དྲག་སོང་ནུག།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ཨ་རྒས་ལོག་ལྷོད་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukདབའི་ ཁྱོད་ན་སྟེ་ ལོ་གནམ་མེད་ས་མེད་ མངམ་སོང་ཡི། ད་རིས་ ག་དེ་སྦེ་དྲག་ཅི་ཟེརཝ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukལ་་་ང་ད་རིས་རྡོ་གཅལ་ནང་ཐོན་ ཉིནམ་སྲོ་སྡོདཔ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨོ་ལ་སྐད་རྐྱབ་ཅིག་ར་ ཏ་མ་ རྒུན་འབྲུམ་ཅིག་བུ་ད་འོང་སྟེ་ འདི་བཟའཝ་ད་དྲག་སོང་ཟེརཝ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་་ཨ་རྒས་ཀྱིས་ ཨོ་ལ་བདའ་ཡར་སོང་།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨོ་ལ་བདའ་ཡི་ར་ ཨོ་ལ་བདའ་ཟུན་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁྱོད་ཀྱིས་ རྒུན་འབྲུམ་གྱི་ རྡོག་མ་ ག་ཏེ་ལས་འབག་འོང་ཡི་ཟེརཝ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁྱེད་ཚུ་གིས་མི་ཐོབ་ ང་བཅས་ཕར་ སྲིན་ཡུལ་ལས་འབག་འོང་ཡི་ཟེར་ སླབ་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukདབའི་ ང་གིས་ ག་ཅི་མི་ཐོབ་ནི་ ཐོབ་འོང་འགྱོ་ནི་ཟེར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་རྒས་ཀྱིས་ འབག་འགྱོ་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukཕད་ཅུང་ཅིག་འབག་སོང་སྟེ་ སྲིན་མོའི་གཡུས་ཀྱི་ ལྡུམ་རེ་ལས་ རྒུན་འབྲུམ་གཏོགས་ཏེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཕད་ཅུང་ཅིག་ནང་འདེགས་ཏེ་ ཁོ་གིས་འབག་འོངམ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁོ་གི་ཕད་ཅུང་ཐགཔ་ཆད་དེ་ སྲིནམོ་གྱིས་ ཤེས་ཆེ་ནུ
- ཡིད་མཐུན་སྤུན་དྲུག་:Yethuen Pindukའེང་་་་འེང་ ཁྱོད་་ངེ་གི་ཨརཝ་རྐུ་སྦེ་ འགྱོ་སྡོད་ནུག།
- ཡིད་མཐུན་སྤུན་དྲུག་:Yethuen Pindukགསད་ར་བསད་ནི་ བཟའ་ར་བཟའ་ནི་ཟེར་ སྲིནམ་ོགིས་བདའ་འོངམ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་ང་འདི་བཟུམ་མི་སྦེ་ ད་ལྟོ་ ཨང་རྒས་གཟུགས་མ་བདེ་བ་ཡོད། ཁྱོད་ཀྱི་ རྒུན་འབྲུམ་བཟའ་ཞིནམ་ལས་ འ་ནཱི་ན་མི་དེ་ དྲག་སོང་ཡི།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཏེ་འ་ནཱི་ལས་ འ་ནཱི་གིས་ གནམ་མེད་ས་མེད་ཕན་ཐོགཔ་ལས་ ང་ལེན་པར་འོང་ཡི་ཟེར་ སླབ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཡ་ཡ་ མི་བཟའ་ བུམོ་ཡོད་པ་ཅིན་ ང་བཅས་འབག་ནི་ བུ་ཡོད་པ་ཅིན་ ཁྱོད་བཞག་ཟེར་ ཁ་སླབ་སླབམས་ སྲིནམོ་དང་ཅིག་ཁར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་་དེ་ལས་ ཁོ་ རྒུན་འབྲུམ་འབག་སྟེ་ ཁྱིམ་ནང་ལྷོད་དེ་
- ཡིད་མཐུན་སྤུན་དྲུག་/ Yethuen Pindukརྒུན་འབྲུམ་བྱིན་ཞིནམ་ལས་བྱིན་ཏེ་ ཧེང་སྐལ་སྦྱིན་བསངས་ཏེ་་ གཡུས་ཁའི་ རེ་རེ་གཉིས་གཉིས་བྱིན། ན་མི་ཚུ་ཡངདྲག་དྲག་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ བུམོ་ཅིག་སྐྱེས་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ བུམོ་འདི་ སྲིནམོ་གིས་ འབག་འོང་ཟེར་གཡིབ་སྟེ་ སྟེང་ཐོག་ལུ་ར་ གཡིབ་བཞག་བཞགཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukགནམ་མེད་ས་མེད་ སྟེང་ཐོག་ལུ་ར་གཡིབ་བཞག་སྟེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ མོ་འདི་རྒྱན་ཆ་ར་ གནམ་མེད་ས་མེད་བཏགས་བཏགསཔ་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྱི་རུ་ ཀོ་མ་ རྒྱབ་ཐག་ གཡེར་ཁ་བཟུམ་བཏགས་བཞག་བཞགཔ་ ས་ལེ་སོ་ལེ་སྦེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukབུ་མོ་སོ་ལོང་རྒྱལ་མོ་ གསོལཝ་བཞེས་བར་འབྱོན་ཟེརཝ་ད་ སྟེང་ཐོག་ལས་མར་ སོར་སོར་བྱོན་ཏེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukགསོལཝ་བཞེས་ཞིནམ་ལས་ ཧིང་སངས་ས་སྦེ་ མོ་སྟེང་ཐོག་ལུ་ར་ གཡིབ་བཞག་བཞགཔ་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ དབའི་ ཨ་ལོ་སྐྱེས་ནིའི་དུས་ཚོད་རན་ཆེ་ཡི།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབུ་ཨིན་ན? བུམོ་ཨིན་ན་ བལྟ་བར་སོང་ཟེར་ སྲིནམོ་གིས་ སྦྱངམ་ཅིག་བཏང་བཏངམ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབཏངམ་ད་ སྦྱངམ་འདི་ ཁ་སྐོམ་ཏེ་ ཧ་ལམ་ཅིག་ལས་ ནོར་གྱི་བྱང་ས་ལྷོདཔ་ད་ལུས་སོང་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁུངས་བཀལ་མ་ཚུགས་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་དོ་རུང་ ཀ་ཤ་ཅིག་བཏང་བཏང་མས། ཀ་ཤ་བཏངམ་ད་ཡང་ ལྟོཝ་བཀྱེས་ཀ་སྐོམ་ཏེ་ རྩ་བཟའ་བར་སོང་སྡོད་ད་ ལྷོད་མ་ཚུགས་པར་ ལུས་སོང་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukད་རུང་ རོ་ཁྱི་ཅིག་བཏང་བཏང་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukརོ་ཁྱི་བཏངམ་ད་ལུ་ རོ་ཁྱི་གི་འདི་ ཕོཝ་སྐམ་ཏེ་ར་ལྷོད་དེ་ ཁྱིམ་ནང་འོང་སྟེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁོ་གིས་ སྒོའི་རྒྱབ་ཁར་སྡོད་སྦེ་ མ་ཤེསཔ་སྦེ་ བལྟཝ་ཨིན་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་ནཱི་ བུ་མོ་སོ་ལོང་རྒྱལ་མོ་ སྟེང་ཐོག་ལས་ཐོན་ས་ རོ་ཁྱི་གིས་མཐོང་མཐོངམ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཏེ་རོ་ཁྱི་གིས་ བརྡ་འཕྲོད་དེ་ ཁོ་ཕར་སོང་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་ བུམོ་འདུག་ཟེར་སླབ་ད་ དེ་ལས་ སྲིནམོ་ལྷོད་ལྷོདཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབུམོ་ཡོད་པ་ཅིན་ ང་ལུ་ བྱིན་ནི་གི་ ཁ་ཚིག་ཨིན། བུ་ཨིན་པ་ཅིན་ ཁྱོད་བཞག་ཟེར་ སླབ་ཅི་མེད་ན་
- ཡིད་མཐུན་སྤུན་དྲུག་:Yethuen Pindukག་ཅི་སྦེ་གཡིབ་སྨོ་ཟེར་ བུ་མོ་སོ་ལོང་རྒྱལ་མོ་སྲིནམོ་གིས་འཁྱིད་ཡར་སོང་ནུག།
- ཡིད་མཐུན་སྤུན་དྲུག་:Yethuen Pindukའཁྱིད་ཞིནམ་ལས་ དེ་ལས་ ཕར་ཁོང་གི་ གཡུས་ཁར་ཁྱིམ་ནང་ ལྷོད་ལྷོདཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁྱིམ་ནང་ལྷོད་དེ་ དེ་ལས་ སྲིནམོ་གིས་ ལྡེ་མིག་ཆག་པ་ཅིག་བྱིནམ་མས་ལོ།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཡ་ ད་འབདན་ ཁྱོད་ཀྱིས་ ཁྱིམ་ནང་ གཉེར་ཚང་བཟུང་སྨ་རེ། ང་བཅས་ཀྱི་ སྒྲོམ་ག་ར་ འ་ནཱ་འ་ནཱ་ཨིན་ཟེར་ སླབ་སྟེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukལྡེ་མིག་བུ་ཆ་མཉམ་ མོ་ བུ་མོ་སོ་ལོང་རྒྱལ་མོ་ལུ་ སྤྲོད་བཞགཔ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཏེ་སྲིནམོ་ཚུ་ ཆ་མཉམ་ཤ་འཚོལ་བར་འགྱོཝ་མས་ལོ་ ལོག་སྟེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཤ་འཚོལ་བར་སོང་སྡོདཔ་ད་ མོ་གིས་ ལྡེ་མིག་ཕྱེ་ཡི་ཕྱེ་ཡི་བལྟཝ་ད་ མི་ལྟེམ་ལྟེམ་འདུག་ཟེར་ཨིན་པས་
- ཡིད་མཐུན་སྤུན་དྲུག་:Yethuen Pindukམི་ཚུ་ བཟུང་ཡི་ར་འབག་ཅི་ར་ བསྡམས་བཞག་བཞགཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukམི་ཆ་མཉམ་ མི་ཡུལ་ལུ་ ལོག་སོང་ཟེར་ བཏང་ད་ནུག། བུ་མོ་སོ་ལོང་རྒྱལ་མོ་གིས་ བཏང་ཡི་ར་བཏང་ཡི་ར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukད་རུང་སྒྲོམ་ཅིག་ཕྱེ་བལྟཝ་ད་ བྱི་རུ་ གཟི་ལེ་ཤཱ་འདུག་ཟེར་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་་མོ་གིས་ གཟི་འདི་ཚུ་ ཧེམ་ཅུང་ནང་བཙུགས་སྟེ་ འབག་འོང་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukའོངམ་ད་སྲིནམོ་གིས་ ཡ་ལ་མ་ ཁྱོད་ ངེ་ཁྱིམ་ནང་ གཉེར་ཚང་བཟུང་སྟེ་སྡོད་ཟེརཝ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཤ་ཆ་མཉམ་བཏང་ཚར་ནུག། ངེ་བྱི་རུ་ཡང་ འབག་ཆེ་ནུག་ཟེར་ བདའ་འོང་འོངམ་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukསྲིནམོ་གིས་ བདའ་འོང་སྟེ་འབདཝ་ད་ བདའ་ཟུན་ནི་འབདཝ་ད་ མོ་གིས་ བྱི་རུ་བཀོ་བཀོཝ་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྱི་རུ་བཀོཝ་ད་ སྲིནམོ་འདི་ ཡ་ལ་འ་ནཱི་ བྱི་རུ་འཇམ་ཏོང་ཏོ་མེད་ཟེར་ བྱི་རུ་ཐུག་སྡོདཔ་ད་ མོ་གིས་ མདོང་ཁར་མགྱོགས་སུ་ཅིག་སྦེ་ བྱོག་འགྱོ་འགྱོཝ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་ད་རུང་ བདའ་འོང་སྟེ་ བདའ་ཟུན་ནི་འབད་ཏེ་ ལ་རེ་ལ་རེ་བརྒལ་ཏེ་ བད་ཟུན་ནི་འབདཝ་ཅི་ བྱི་རུ་བཀོ་་ཡི་ར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukགཏོར་བཞགཔ་ད་ བྱི་རུ་ཐུག་སྡོདཔ་ད་ མོ་བྱོག་འོང་སྟེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཧ་ལམ་ཅིག་ཁར་ལྷོདཔ་ད་ ལམ་ཁར་ ཨང་རྒས་ཅིག་གི་ གསོབ་ཕུད་བཞག་ནུག་ཟེར་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukམོ་གིས་ འ་ནཱི་ ཨང་རྒས་ཀྱི་ གསོབ་གྱོན་ ཁརཝ་ཅིག་བཤེད་སྦེ་སྡོད་སྡོདཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདབའི་ཨང་རྒས་ག་ཅི་འབདཝ་སྨོ་ཟེར་ཁྱོད་ཟེར་ འདྲི་འདྲིཝ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་མ་བུ་ ང་རྒསཔ་ དེ་སྦེ་ ལམ་འགྱོ་དོ་ཟེར་ སླབ་སླབ་མས་ ཨང་རྒས་ཀྱིས་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ན་ལས་ཕར་ ག་ཡང་མ་འགྱོ་ག་ག?ཟེར་ བུམོ་ཅིག་མ་འགྱོ་ག་ཟེར་ སླབ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukམེད་སྨ་རེ་ མ་མཐོང་སྨ་རེ་ ང་བཅས་འདི་ མིག་ཏོག་མེད་ རྣ་ཅོ་མེད་ཟེར་ སླབ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདབའི་ ད་ལྟོ་ རྐང་རྗེས་སོང་ནུག། ཁྱོད་དེ་མེན་ག་ཟེར་ བཟུང་ནི་འབདཝ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་མ་ མ་བཟུང་སྨ་རེ་ ང་བཅས་འདི་མེན་སྨ་རེ། རྒསཔ་སོང་ཡི་ཟེར་ སླབ་ནུག་ མོ་གི་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ དེ་སྦེ་བསྐོར་ཏེ་ ལོག་ཁྱིམ་ནང་ལྷོད་ཚུགས་ཏེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ མོ་ ཨང་རྒས་དང་ ཨ་རྒས་གཅིག་ཁར་ དགའ་བའི་དགའ་སྤྲོ་ སྐྱིད་བའི་སྐྱིད་སྤྲོ་འབད་སྡོད་ཅི་ཟེར་ ཨིན་པས་ལགས།