Video Overview
This song called "Tagoleyyo" has Tibetan lyrics, indicating its origin. The song expresses the sorrow of a person grows up and becomes an employee or servant. It speaks of different destinies, using metaphors such as that eggs laid by the same hen are indeed different in size and branches of one root have different lengths.
༉ འབྲུག་རྒྱལ་ཁབ་ཀྱི་ ས་ཕྱོགས་གཞན་ཚུ་ནང་འབད་བ་ཅིན་ གླུ་གཞས་ཤར་ལས་ཤར་བའི་སྐར་མ་ཟེར་མི་འདི་ སེམས་འཁྲུལ་བའི་གླུ་གཞས་ཅིག་སྦེ་འཐེན་དོ་ཡོདཔ་ཨིན་རུང་ པདྨ་དགའ་ཚལ་རྫོང་ཁག་ ག་ཤ་རི་གཡུས་ཚན་ནང་ལས་ རིན་ཆེན་གཡུ་སྒྲོན་གྱིས་འབད་བ་ཅིན་ ཤར་ན་ཤར་བའི་སྐར་མ་ཟེར་ གླུ་གཞས་འདི་ནང་ མི་ལུས་ཐོབ་རུང་ གཞན་གྱི་འཇར་རོགས་སྦེ་སྐྱེས་ནི་འདི་ སེམས་འཁྲུལ་བའི་གཞི་ཅིག་ཨིན་པས་ཟེར་ གླུ་གཞས་འདི་ཡང་ མི་གཞན་གྱི་འཇར་རོགས་སྦེ་སྐྱེ་མ་བཅུག་ཟེར་བའི་དཔེ་དང་བཅས་པའི་རྒྱན་ཚིག་གི་སྒོ་ལས་སྦེ་འགོ་བཙུགསཔ་མས། ད་རུང་འདི་ནང་ ཨའི་གིས་ མོ་རའི་ཨ་ལུ་འདི་སྦོམ་སོང་ཞིནམ་ལས་ མོ་ར་དང་མཉམ་ཅིག་སྡོད་ནི་མེད་པའི་སྐོར་ལས་བཤདཔ་ཨིན་པས་ དཔེར་ན་ཚིག་བཅད་དང་པ་འདི་གིས་ ཤར་ལས་ཤར་བའི་སྐར་མ། །མ་ཤར་ན་ཡང་དགའ་སོང་། །ཤར་ཚེ་རོགས་ཀྱི་སྐར་མ། །དེ་ལས་ ཚིགས་བཅད་གཞན་མི་འདི་ནང་ གངས་ལས་བབས་པའི་ཆུ་མོ། །མ་འབབ་ན་ཡང་དགའ་སོང་། །བབས་ཚེ་རོགས་ཀྱི་ཆུ་མོ། །དེ་ལས་ མཇུག་གི་ཚིགས་བཅད་འདི་གིས་ ཨ་མས་སྐྱེས་པའི་བུ་ཆུང་། །མ་སྐྱེ་ན་ཡང་དགའ་སོང་། །སྐྱེས་ཚེ་རོགས་ཀྱི་གཡོག་པོ། །སེམས་ཀྱི་སྐྱོ་རོགས་ཨིན་པས་ཟེར་ དོན་དག་ངོ་མ་འདི་སྟོནམ་ཨིན་པས།
- Pemagatshel
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:ཤར་ན་ཤར་བའི་སྐར་མ། །མ་ཤར་ནང་(རང་)གི་སྐར་མ། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:ཤར་ཚེ་རོགས་ཀྱི་སྐར་མ། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:ཤར་ཚེ་རོགས་ཀྱི་སྐར་མ། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:གངས་ལས་འབབ་པའི་ཆུ་མོ། །མ་འབབ་ན་ཡང་དགའ་སོང་། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:ཤར་(བབས་)ཚེ་རོགས་ཀྱི་ཆུ་མོ། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:ཤར་(བབས་)ཚེ་རོགས་ཀྱི་ཆུ་མོ། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:ཨ་མས་སྐྱེས་པའི་བུ་མོ། །མ་སྐྱེ་ན་ཡང་དགའ་སོང་། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:སྐྱེས་ཚེ་མི་ཡི་ཞོག་(གཡོག་)པོ། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:ཤར་(སྐྱེས་)ཚེ་རོགས་ཀྱི་ཆུ་མོ(གཡོག་པོ)། །སེམས་ཀྱི་སྐྱོ་རོགས་ཨིན་པས། །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:གསུང་དབྱངས་གསུང་དབྱངས་གསུང་དབྱངས། །གསུང་དང་ལེགས་པ་(གསུང་དབྱངས་ལེགས་མོ་)སྒྲིགས་ཤོག །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:གསུང་དང་ཨོཾ་མོ་མ་ཎི། །གསུང་དབྱངས་ལེགས་པ་(མོ་)སྒྲིགས་ཤོག །
- རིན་ཆེན་གཡུ་སྒྲོན་/ Rinchen Yedon:ལགས་སོ་ལགས།། །།