Skip to main content Skip to search
19 Jan 2016
5 min 11 sec
Video Overview
Creators: 
Sherig Dhentshog

The pounding of grains is one of the oldest traditions that exist today in the country. But the biggest concern now is that it is on the verge of dying out because of the invention of mills, making the work much easier. Normally two people would grind grains using pestle and mortar, but in this video three of them are sharing the workload.

 

༉  པདྨ་དགའ་ཚལ་མཁོ་ལོམ་རི་ལས་ སྒྲོལ་མ་བཟང་མོ་དང་འཇིགས་མེད་བཟང་མོ་གཉིས་ཀྱིས་ ཐངམ་རྡུངམ་ཨིན་པས། རེད་ལ་སོགས་པ་འབྲུའི་རིགས་བརྡུང་ནི་འདི་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ སྔོན་དང་ཕུ་ལས་ཡོད་པའི་ལུགས་སྲོལ་ཅིག་ཨིན་རུང་ ད་རེས་ནངས་པའི་འཕྲུལ་ཆས་ལག་ལེན་འཐབ་སྟེ་འཇམ་ཏོང་ཏེ་སྦེ་བརྡུང་མི་ལུ་བརྟེན་ ཧེ་མ་བཟུམ་སྦེ་ཐངམ་རྡུང་སྲོལ་གནམ་མེད་ས་མེད་ཅིག་མེདཔ་ཨིན། ཧེ་མ་གི་ལུགས་སྲོལ་འདི་ ཨ་ཙི་ཅིག་ལཱ་འབད་བའི་སྐབས་ལུ་ ཁེ་ཀོ་བཏོན་འབད་དགོ་ནི་དེ་གིས་ལཱ་ཁག་ཡོད་པའི་གུ་ལུ་ ད་རེས་ནངས་པར་འཕྲུལ་ཆས་ཀྱིས་འབད་བའི་བསྒང་ལས་ གནམ་མེད་ས་མེད་འཇམ་ཏོང་ཏོ་ཡོད་ནི་དེ་གིས་ སྔར་གྱི་ལུགས་སྲོལ་འདི་ ཉམས་འགྱོ་བའི་ཚ་གྱང་འདུག ལུགས་སྲོལ་འདི་ཡང་ མང་ཤོས་ཅིག་ མི་གཉིས་ཀྱིས་འབད་ ལག་ལྷི་ལག་ལེན་འཐབ་སྟེ་རྡུངམ་ཨིན་རུང་ མི་གསུམ་གྱིས་འབད་ཡང་རྡུང་སྲོལ་ཡོདཔ་ཨིན།

Transcript search
No results found for this search
0 of 0