Skip to main content Skip to search
19 Jan 2016
9 min
Video Overview
Creators: 
Sherig Dhentshog

༉  པདྨ་དགའ་ཚལ་ཆ་འོག་ བདེ་ཆེན་ཆོས་གླིང་ལས་ ཐུང་སེ་གིས་བཤད་མི་ནང་ བདེ་ཆེན་ཆོས་གླིང་གི་མིང་ཐོབ་ཐངས་འདི་ ཧེ་མའི་ཨ་རྒས་ཨང་རྒས་ཚུ་གི་ངག་རྒྱུན་ལྟར་དུ་འབད་བ་ཅིན་ དང་ཕུ་དང་ཕུ་འདི་ བདེ་ཆེན་ཆོས་གླིང་མེན་པར་ བདེ་སྐྱིད་གླིང་ཨིན་ཟེར་ བཤད་སྲོལ་ཡོདཔ་ཨིན་མས། དེ་སྦེ་ཨིན་དགོ་མི་རྒྱུ་མཚན་དེ་ཡང་ ནཝ་ཚཝ་མེད་ ཟ་འཐུང་ལོངས་སྤྱོད་ཡོདཔ་སྦེ་ དགའ་དགའ་སྐྱིད་སྐྱིད་སྦེ་སྡོད་སྡོདཔ་འབད་ནི་དེ་གིས་ བདེ་སྐྱིད་གླིང་ཟེར་ བཏགས་བཏགསཔ་ཨིནམ་སྦེ་བཤདཔ་མ་ཚད་ ངག་དབང་དྲག་པ་གིས་འབད་རུང་ ཧེ་མ་ཧེ་མ་ ཨ་རྒས་ཚུ་སྡོད་སའི་ས་ཆ་འཚོལ་འོང་པའི་སྐབས་ལུ་ ས་ཆ་ལེ་ཤ་འཚོལ་བའི་ནང་ལས་ བདེ་ཆེན་ཆོས་གླིང་དེ་ར་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་འོང་ནི་མས་ཟེར་ ས་ཆ་དེ་ནང་རང་ལོག་འོང་སྟེ་ཆགས་ཆགས་པའི་ལོ་རྒྱུས་བཤད་ནི་འདུག

Transcript search
No results found for this search
0 of 0
  • ཐུང་སི་
    Thungsi: ཡ་ལགས་སོ། ནཱ་ གཞུང་ལས་ ནཱ་སློབ་དཔོན་གཉིས་ འདི་བཟུམ་བསྐོར་ཏེ་ ནཱ་ལུ་བྱོན་ནུག་ལགས། འ་ནཱི་ ང་བཅས་རའི་ བདེ་ཆེན་གླིང་ལུ་ ག་དེ་སྦེ་ཆགས་སྟེ་ མིང་འབོ་ཡི་ག་གི་དོན་ལས་ ག་དེ་སྦེ་ཨིན་ན་ འདི་བཟུམ་འདྲི་བ་བཀོད་པ་བྱོན་ནུག།
  • ཐུང་སི་
    Thungsi: དྲི་བ་ ང་བཅས་ཚུ་གིས་ ཧེ་མ་ལས་ར་ འདི་བཟུམ་ ཨང་རྒས་ཨ་རྒས་ཚུ་གིས་ མ་ཤེས་པས། འདྲི་མ་ཤེས་པས། ང་བཅས་ཚུ་ ཧེ་མ་ཧེ་མ་ ང་འདི་ མར་ མོང་སྒར་ལུ་སྡོད་ཅི། ང་གི་མིང་འདི་ ཐུང་སི་ཟེར་ སླབ་ཨིན།
  • ཐུང་སི་
    Thungsi: ང་བཅས་འདི་ ག་ཏེ་འགྱོཝ་སྨོ་ཟེརཝ་ད་ ཡར་ བདེ་ཆེན་གླིང་ལུ་འགྱོ་ཨིན་ཟེརཝ་ད་ ཨ་ལོ་ བདེ་ཆེན་གླིང་འདི་མེན་ དང་ཕུ་དང་ཕུ་ ཨང་རྒས་ཨ་རྒས་ཚུ་གིས་ ང་བཅས་འདི་ ནཱ་ བདེ་ཆེན་གླིང་འདི་མིན་མིང་འདི་ ད་ལྟོ་འདི་ བདེ་ཆེན་གླིང་ཟེར་ སླབ་མས་ དང་ཕུ་དང་ཕུ་འབད་བ་ཅིན་ བདེ་སྐྱིད་གླིང་ཨིན་ཟེར་ སླབ་དེས་ལགས།
  • ཐུང་སི་
    Thungsi: ང་བཅས་འདི་ བདེ་སྐྱིད་གླིང་ཨིན། ང་བཅས་འདི་ ད་ལྟོ་ཏེ་ བདེ་ཆེན་གླིང་ཟེར་ སླབ་ཨིན་པས་ ད་ལྟོ་འདི་ བདེ་ཆེན་གླིང་ཟེར་སླབ་སྟེ་ ད་ལྟོ་ ང་བཅས་རའི་ དང་ཕུ་དེ་ ཨང་རྒས་ཨ་རྒས་ཚུ་གིས་ བདེ་སྐྱིད་གླིང་ཟེར་ སླབ་ཨིན། ང་བཅས་ཀྱི་ ཁྱེད་ཀྱི་བཟུམ་མིང་འདི་མེན་ ཤུལ་ལས་བཟོ་བཟོཝ་ཨིན།
  • ཐུང་སི་
    Thungsi: དང་ཕུའི་དེ་ གནམ་མེད་ས་མེད་ དགའ་དགའ་སྐྱིད་སྐྱིད་སྦེ་ གནམ་མེད་ས་མེད་ སྡུག་བསྔལ་འདི་བཟུམ་མེད་པར་ ནཱ་ལས་ བཟའ་ནི་འཐུང་ནི་ ག་ར་ནཱ་ལས་ཐོན་ དེ་བཟུམ་སྦེ་བརྟེན་བཞག་ཏེ་ གནམ་མེད་ས་མེད་ དགའ་དགའ་སྐྱིད་སྐྱིད་སྡོད་ཡི།
  • ཐུང་སི་
    Thungsi: འ་ནཱི་སྦེ་ནི་དེ་གིས་ བདེ་སྐྱིད་གླིང་ཟེར་མི་འདི་ ང་བཅས་ཀྱི་ བདེ་ཆེན་གླིང་ཨིན་ཟེར་ ད་ལྟོ་འདི་ བདེ་ཆེན་གླིང་སླབ་མས་ཟེར་ དེ་བཟུམ་སླབ་དེས། ཡ་ ཆོས་གྲོགས་ཀྱིས་གསུང་ཤིག
  • ངག་དབང་དྲག་པ་
    Ngawang Dakpa: ལགས་སོ་ལགས། སྐུ་གཟུགས་བཟང་པོ་ཟེར་ ཞུ་ནི། ང་ སྡོད་ས་འདི་ བདེ་ཆེན་གླིང་དགོན་པ་ འུང་སྤྱི་འོག་ཟེར་ས་ལས་ཨིན། ངེ་གི་མིང་ ངག་དབང་གྲགས་པ་ཟེར་ སླབ་ཨིན་ ལོ་དྲུག་བཅུ་རེ་དགུ་ཡར་སོང་ཡི།
  • ངག་དབང་གྲགས་པ་
    Ngawang Dakpa: འདི་སྦེ་ནི་དེ་གིས་ ནཱ་ སློབ་དཔོན་གཉིས་བྱོན་ནུག་ལགས། སློབ་དཔོན་གཉིས་བྱོནམ་ད་ ནཱ་རྒྱལ་རབས་ཀྱི་དོན་ལས་ དང་ཕུ་ བདེ་ཆེན་གླིང་འབོ་པའི་ཁུངས་ མཚོ་ཆགས་པའི་ཁུངས་དང་ ལྷ་ཁང་ཆགས་པའི་ དོན་དག་ལས་ཨིན་མས་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: ད་ གནམ་མེད་ས་མེད་ ང་བཅས་ཀྱིས་ ཧིང་སངས་ས་མི་ཤེས། ཨིན་རུང་ ཨ་པ་ཨ་མ་ རྒཔོ་ ཨ་རྒས་ཚུ་གིས་ སླབ་བྱིན་མི་དེ་ དེའི་ལོ་རྒྱུས་ཅིག་ ཞུ་ནི་ཨིན་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་ཕུ་ བདེ་ཆེན་གླིང་ཟེར་ འབོ་དགོ་པའི་ཁུངས་དེ་ ང་བཅས་འདི་ ཡར་ ཞིང་ཁ་ དུང་མིན་འུག་ལུ་ གཡུས་དུང་སྨན་མ་ལུ་སྡོད་ནུག་ལགས།
  • མངག་དབང་གྲགས་པ་
    Ngawang Dakpa: ཨ་རྒས་སྤུན་ཆ་དགུ་དེམ་ཅིག་སྡོད་ནུག། འ་ནཱི་ཨ་རྒས་སྤུན་ཆ་དགུཔ་གིས་ ས་འདི་ ནཱ་ས་ཆགས་ཏེ་གིས་ མི་ལང་ནི་མས་ཟེར་ ད་ལྟོ་ཏེ་ ས་མར་བལྟ་ འཚོལ་བར་འགྱོ་ནི་ཟེར་ དེ་ལས་ ཨ་རྒས་དགུཔ་འདི་ ཡར་ལས་མར་ བལྟ་འོང་ནུག་ལགས། ཡར་ རེམ་ལ་ལས་ཐོན་ཏེ།
  • ངག་དབང་གྲགས་པ་
    Ngawang Dakpa: ཡར་ རེམ་ལ་ལས་ དང་ཕུ་ ལམ་ཡང་རེམ་ལ་ལས་སྡོད་ནུག་ལགས། འ་ནཱི་ མི་ཀུར་རི་ཟེར་མི་ མི་རང་མེད་པར་ ནགས་ཚལ་སྦེ་སྡོད་ནུག་ལགས། འདི་ལས་འོང་། ནཱ་གི་རྭ་དགུ་ལ་ལྷོདཔ་ད་ ཁོང་གཉིས་ རྒྱགས་སྐལ་ག་ར་རྫོགས་ཏེ།
  • ངག་དབང་གྲགས་པ་
    Ngawang Dakpa: རྭ་དགུ་ལ་ཟེར་མི་ ས་ཆགས་འདི་ མིང་ཡང་མིན་འདུག་ལགས། འ་ནཱི་ ཤ་མུ་ཅིག་བཟའ་ནུག་ ཁོང་ཆ་ཁྱབ་ཀྱིས་ ཤ་མུ་བཟའ་སྟེ་ ཤ་མུ་གི་ རྭ་བཟི་སྟེ་འབད་མ་ཚུགས་ལས་ འུམ་ འ་ནཱ་ རྭ་དགུ་ལ་འབོ་གེ་ཟེར་ རྭ་དགུ་ལ་འབོ་སྟེ་འོང་ནུག་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: ད་ དེ་ལས་ ཡར་བལྟ་འོང་སྟེ་ ཡར་ དྲིལ་བུ་ཟེར་མི་ཅིག་ཡོད། ལམ་འདི་ལས་ཕོག་ནུག། དྲིལ་བུ་ལུ་ལྷོདཔ་ད་ དྲིལ་བུང་ཟེར་མེན་པར་ འདི་ནང་ལྷོདཔ་ད་ ལམ་སྦུག་ལས་ དྲིལ་བུ་ གཡུག་པ་ཆག་མི་ཅིག་ཐོབ་ནུག་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: ད་ དེ་ལས་ཏེ་ དྲིལ་བུ་ན་ཟེར་ དེ་ལས་ ཕར་ཁ་ཐུག་ལས་ཏེ་ ཚུར་བལྟ་འོངམ་ད་ ནགས་ཚལ་སྦེ་སྡོད་ནུག་ལགས། ད་ལྟོ་ བདེ་ཆེན་གླིང་ཆགས་ས་ལུ་ཏེ་ ནགས་ཚལ་སྦེ་སྡོད་ཞིནམ་ལས།
  • ངག་དབང་གྲགས་པ་
    Ngawang Dakpa: ས་ཟུར་ས་ཟུར་ས་བསྐོར་ནུག་ལགས། འ་ནཱ་ཏེ་ གནམ་མེད་ས་མེད་ ཆུ་ མཚོ་ལུ་ཡང་ གླང་པོ་ཆེ་ མཚོ་གླང་ ག་ར་ཡོདཔ་ཨིན་པས་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: དེ་ལས་ མོང་སྒར་ལས་སོང་སྟེ་ མོང་སྒར་ལུ་ལྷོདཔ་ད་ལུ་ཡང་ ཡར་ཧ་མ་ཏ་ལའི་ ཨ་རྒས་གཅིག་ ཁ་སླབ་ནི་མེད་པར་ རྨོངས་འགྱོཝ་ལས་ ཁ་སླབ་མ་བཏུབ་པར་ དེ་ལས་ཡང་ ལོག་འོང་སྟེ་ ཚུར་བལྟ་འོང་སྟེ་ ཕར་ལས་ རྒྱབ་ལས་སྦེ་ ཕར་བོན་ཐོང་རི་ཟེར་ཡོད། ཕར་ ལྷོདཔ་ད་ཏེ་ ག་སྐོམ་ཏེ་འབད་མ་ཚུགས་པས་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: ཏེ་ ཁ་སྐོམ་འབད་མ་ཚུགས་ ཆུ་མེད་པར་ རྡོ་གུ་ལས་ ཆུ་ཐོན་སྡོད་མི་དེ་ ལྕེ་གིས་བལྡག་སྟེ་ འཐུང་ནུག། འདི་ལས་ཏེ་ བོན་ཐོང་རི་ཟེར་ ལྕེ་གིས་བལྡགཝ་ལས་ བོན་ཐོང་རི་ཟེར་ སླབ་ནུག་ འདི་ལས་ཡར་བལྟ་ ལོག་ནཱ་གི་ཟོར་ལུ་ སོང་བལྟཝ་ད་ རྒྱ་མཐོང་མས། རྒྱ་གར་ལུ་ལྷོད་ནི་མས། འདི་ལས་ཏེ་ མི་བཏུབ་པས་ཟེར་ལོག་སྟེ།
  • ངག་དབང་གྲགས་པ་
    Ngawang Dakpa: འདི་ལས་ཏེ་ འ་ནཱི་བསྐོར་ཏེ་བལྟཝ་ད་ ཕར་ཟོར་ལས་ ནཱ་གི་ཟོར་ལས་བལྟཝ་ད་ ས་ཐང་མཐོང་ནུག་ལགས། དེ་ལས་ཏེ་ བདེ་སྐྱིད་གླིང་ཟེར་ས་ སྐྱིད་ཏོང་ཏོ་འོང་ནི་མས་ཟེར་ ལོག་སྟེ་སོང་ནུག་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: དེ་ལས་ ལོག་སོང་སྟེ་ ཡར་གྱི་བློ་སླབ་སྟེ་ ཡ་ འདི་བཟུམ་འདུག་ཟེརཝ་ད་ འུམ་ འགྱོ་གེ་ ས་སྐྱིདཔ་འདུག། བདེ་སྐྱིད་གླིང་ཟེར་མི་འདི་ དགའ་ཏོག་ཏོ་འདུག་ འདི་ནང་སྐྱིད་ནི་ཨིན་མས་ཟེར་ འདིའི་མར་ལྟ་ ཨ་རྒས་ཚུ་འོང་ནུག་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: དེ་ལས་ ཨ་རྒས་ཚུ་ ས་ལེན་ཏེ་ དེ་ལས་ ས་ལེན་འབད་ དེ་སྦེ་འབད་དེ་འགྱོཝ་ད་ འདི་ཁའི་མི་ཚུ་ཏེ་ བྱོག་འགྱོ་དོ་ཡོདཔ་མས་ཟེར་ ད་ བྱོག་འགྱོ་ནི་ཨིན་མས་ཟེར་ མཁོ་ཆེ་ཅིག་བཏང་ནུག་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: དེ་ལས་ འ་ནཱི་ མཁོ་ཆེ་བཏང་སྟེ་ ནཱ་ལུ་འོང་། ཧེ་མ་ དྲུང་པ་མིན་འདུག། མཁོ་ཆེ་གིས་ བདག་འཛིན་འབད་དེ་ དེ་སྦེ་སྡོད་ནུག་ལགས། ད་ ནཱ་ ནཱ་ལྷོདཔ་ད།
  • ངག་དབང་གྲགས་པ་
    Ngawang Dakpa: དཔེ་གླིང་མཚོ་ཟེར་ སླབ་མི་འདི་ གནམ་ས་མེད་ས་མེད་ ཤིང་མེད་པར་ འ་ནཱི་སྡོད་ནུག། མི་གིས་ བལྟ་ར་མ་ཚུགས་མི་ སྡོད་ནུག། ཆུ་སྦོམ་ཧེ་མ་ དེ་ལས་ འདི་ཏེ་ དཔེ་གླིང་ཟེར་ཡང་ སླབ་མས་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: ད་ ཡར་ལས་མར་འདི་ ཁོང་ཚུ་སྡོད་ས་ལུ་ཡང་ པད་གླིང་མཚོ་ཟེར་མི་ཅིག་སྡོད་སྡོདཔ་ཨིན་མས། ཡར་ གདུང་སྨན་མ་ ལྟག་ལུ་སྡོདཔ་ཨིན་པས། འདི་ལས་ཏེ་ པད་གླིང་མཚོ་ཟེར་སླབ་ལས་ པད་གླིང་མཚོ་ཟེར་ སླབ་པའི་ཁུངས་ཡང་འདི་ཨིན་མས། འདིའི་མཚོ་ལུ་ཏེ་ བདུད་འཚུབ་ཅན་སྡོད་ནུག། ག་ཅི་ཡང་འབད་མ་ཚུགས་པར་ དེ་ལས་ཏེ་ མར་ལས་ རྒྱ་གརཔ་གིས།
  • ངག་དབང་གྲགས་པ་
    Ngawang Dakpa: དོན་ཤོངས་དབུ་ཛ་ཟེར་མི་ འཁྱིག་འོང་སྟེ་ འ་ནཱི་མི་ཚུ་གིས་ མཁོ་ཆེ་ཚུ་གིས་ འཁྱིད་འོང་སྟེ་ དེ་ལས་ཏེ་ མཚོ་ལུ་ལྷོདཔ་ད་ རྡོ་བཙོ་སྟེ་ དེ་སྦེ་འབད་དེ་ འ་ནཱི་བདུད་ མགུ་ཏོག་དགུ་པ་ཅིག་ཐོན་སོང་། ཡར་མེ་ཏོག་ལ་ཟེར་ས་ལས་ཐོན་འགྱོ་ནུག། འདི་ལུ་ཡང་ ལ་སྤེད་སོང་སྟེ་ མར་གོང་རི་ལུ་ འཛུལ་ནུག་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: གོང་རི་ལུ་འཛུལ་ཏེ་ འདི་ལས་ཏེ་ དེ་ཡང་སོང་སྟེ་ མཚོ་ ཨ་ཙི་ཅིག་ འཇམ་ཅུག་ཅུ་སོང་། དེ་ལས་ཏེ་ མཚོ་ཡར་ལས་ཐོན་སོང་ཞིནམ་ལས་ཏེ་ ཤིང་རྡོ་ག་ར་སྐྱེས་སྟེ་སྡོད་ནུག་ལགས། འདི་ལས་ཏེ་ འ་ནཱི་ ཡར་སྡོད་ཞིནམ་ལས་ཏེ་ ང་བཅས་ལྷོདཔ་ད་ འདི་ལྷོདཔ་ཨིན་ཟེར་ པད་གླིང་མཚོ་ཟེར་ དེ་སྦེ་སྡོད་ནུག་ལགས། དེ་ལས་ པད་གླིང་མཚོཟེར་ སླབ་ད་ཡང་།
  • ངག་དབང་གྲགས་པ་
    Ngawang Dakpa: བརྒྱུད་པ་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་མི་ག་ར་ པད་གླིང་ཧོངས་ལས་ཨིན་མས་ལགས། པད་གླིང་ཧོངས་ལས་འབད་ནི་དེ་གིས་ དེ་སྦེ་བཞག་ཞིནམ་ལས་ཏེ་ དེ་སྦེ་བཞག་སྟེ་ལྷོད་ནུག་ལགས། དེ་ལས་ཏེ་ ནཱ་གི་ས།
  • ངག་དབང་གྲགས་པ་
    Ngawang Dakpa: འདི་འཚོལ་ཏེ་ ནཱ་ལུ་འབད་དེ་ ད་ ནཱ་ལྷ་ཁང་ནང་ལྷོད་འོང་ལགས། ད་ ལྷ་ཁང་ཡང་ ངབཅས་ཀྱིས་ འ་ནཱི་ གནམ་སེད་ས་མེད་མི་ཤེས། མ་ཤེས་རུང་འ་ནཱི་ འ་ནཱི་འདི་ ཧེ་མ་འོངམ་ད་ ལྷ་ཁང་ཡང་ ཁོང་ཚུ་གིས་ གཅིག་ཁར་འབག་འོང་སྟེ་ མར་ལས་ཡར་བལྟ་ ཇོ་མོ་གཙང་ཁ་ཟེར་ས་ ལྷ་ཁང་འུང་ཟེར་ སླབ་ཨིན་ ད་ལྟོ་ཡང་།
  • ངག་དབང་གྲགས་པ་
    Ngawang Dakpa: དེ་ལུ་ཡང་ ལྷ་ཁང་ཅིག་ དེ་ཁར་ གུ་རུ་རིན་པོ་ཅིག་ ཞུ་འབག་འོང་སྟེ་ གུ་རུ་རིན་པོ་ཆེ་ ད་ལྟོ་ཡང་ ནཱ་ལུ་ཡོད་ལགས། དེ་སྦེ་ནི་དེ་གིས་ ནཱ་ལུ་འབག་ ལྷ་ཁང་ ནཱ་ལུ་བཞེངས་ མཁོ་ཆེ་གིས་སྦེ་ བཞེངས་ནུག་ལགས། ཡར་ མེ་ཏོག་ལ་ཟེར་སར་བཞེངས་ནུག། འདབ་མ་སྤུག་སྟེ་ ཡར་ དགོན་པ་འུང་ཟེར་ས་ཡང་ བཞེངས་ནུག་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: ད་ མཇུག་ལུ་ལྷོདཔ་ད་ མཁོ་ཆེའི་ རྟིང་བདའ་དྲུང་པ་ཅིག་ལྷོད་ནུག་ལགས། འ་ནཱི་ དྲུང་པ་དེ་ དང་པ་ར་ བདེ་ཆེན་གླིང་གི་ དྲུང་པ་ རིན་འཛིན་རྡོ་རྗེ་ དྲུང་པ་ཟེར་མི་ཅིག་ལྷོད་ནུག་ལགས། འ་ནཱི་ རིན་འཛིན་རྡོ་རྗེ་ དྲུང་པ་གིས་ཏེ་ འ་ནཱི་ལྷ་ཁང་འདི་ ཁོ་གིས་ བཞེངས་བཞེངསམ་ཨིན་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: ད་ གནམ་ལོ་དང་ དེ་ཚུ་འདི་མི་འདུག་ ཧ་ལམ་ མི་རབས་མི་རབས་སྦེ་དེ་ འ་ནཱི་འགྱོ་འགྱོཝ་ཨིན་ལགས། ད་ པད་གླིང་མཚོ་འདི་ཡང་ འ་ནཱེ་སྦེ་ ད་ལྟོའི་ ཤིང་འདི་ཚུ་ བདག་འཛིན་འབད་དེ་ གཞུང་གིས་ བདག་འཛིན་འབད་མི་ཡང་ ཧེ་མ་གནམ་མེད་ས་མེད་ ལེགས་ཤོམ་ར་ཡོད་ལགས། མཚོ་ལུ་འགྱོ་ཡང་ མ་ཚུགས་པར་ མཐའ་འཁོར་ལུ་ ཤིང་སྐྱེས་སྟེ་ ནགས་ཚལ་ ཆུའི་རྐ་ག་ཏེ་ལུ་ཡང་ དེ་སྦེ་ཡོད།
  • ངག་དབང་གྲགས་པ་
    Ngawang Dakpa: དེ་ལས་ དེའི་མཇུག་ལུ་ ནཱ་ལྷོདཔ་ད་ ང་བཅས་རའི་ གཞུང་ལས་ འདི་ལུ་ཏེ་ ཨ་རིང་བཏུབ་ནི་མས་ཟེར་ འ་ནཱི་ལུ་ ཨ་རིང་བཏུབ་ནི་མས་ཟེར་ ས་འབད་བཅུག་སྟེ་ དྲུང་པ་ཅིག་གིས་ འབད་བཅུག་སྟེ་ དེ་སྦེ་བཞགཔ་ལས་ འདིའི་མར་བལྟ་ ཕར་ལས་ཚུར་ལས་ སྐམ་ཞིང་འབད་དེ་ འ་ནཱི་ཆུ་འདི་ སྐམ་སོང་ཡི་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: འ་ནཱི་ ཆུ་སྐམ་འགྱོ་མི་ཡང་ མ་པ་ ང་བཅས་ཀྱི་མེན་ གཞུང་ལས་ར་འབད་དེ་གིས་ སྐམ་སྐམ་ཨིན། དེ་སྦེ་ནི་དེ་གིས་ ང་བཅས་འདི་ ད་ལྟོ་ཏེ་ ང་བཅས་ཡང་ ཧ་གོ་མི་སེར་ཡང་ གཞུང་གི་ཡང་ བཀའ་གནང་སྟེ་ ད་ལྟོའི་ པད་གླིང་མཚོ་ཟེར་ སླབ་མི་འདི་ བདག་འཛིན་འབད་ནིའི་ཟེར་ གཞུང་ལས་བཞག་ཞིནམ་ལས་ ང་བཅས་ཚུ་གིས་ཡང་ ས་དང་ག་ཅི་ཨིན་རུང་ཡང་།
  • ངག་དབང་གྲགས་པ་
    Ngawang Dakpa: ཡོད་རུང་བརྐོ་བཞག་ནི་ དེ་སྦེ་བཞག་བཞགཔ་ཨིན་ལགས། ད་ ནཱ་ གཡུས་ཁའི་ནང་ན་འདི་ སའི་མིང་འདི་ སླབ་དགོཔ་ག་ཅི་སྦེ་ཟེར་བ་ཅིན་ ནཱ་ མར་ཚྭ་ལ་ཟེར་ སླབ་མི་འདི་ ཧེ་མ་ ནད་ཅིག་ཐོན་ཐོནམ་ཨིན་མས་ལགས། ནད་ཅིག་ཐོན་ཏེ་ དེ་སྦེ་ནི་དེ་གི་ ནཱ་ མཁོ་ཆེ་འཐུང་བའི་ ཆུ་རང་ཨིན་ལགས། མར་ མཁོ་ཆེ་ཆུ་ཟེར་མི་ཅིག་ཡོད།
  • མངའ་དབང་དྲག་པ་
    Ngawang Dakpa: འདི་ལས་ཏེ་ འགྱོ་མ་ཚུགས་པར་ འཚོལ་ཏེ་མཐོང་ནི་དེ་གིས་ ན་སྡོདཔ་ད་ མཐོང་ནི་དེ་གིས་ ཆུ་ཅིག་ཡོད། མར་ཚྭ་ལ་རི་ཟེར་ དེ་ལས་ མཇུག་ལས་ཏེ་ མར་ཚྭ་ལ་ཆུ་ཡང་མེདཔ་ལས་ མཁོ་ཆེ་གི་ ཁོ་འཐུང་བའི་ཆུ་ འཐུང་མ་བཅུགཔ་ལས་ དེ་ལས་ མར་ ད་ལྟོའི་ ཆུ་གསརཔ་སྦེ་མི་ཅིག་ཡོད་ལགས། འ་ནཱི་འདི་ ཁོང་ཚུ་གིས་ འཚོལ་ཏེ་མཐོང་བའི་ ཆུ་གསརཔ་ཟེར་མི་ཨིན་ལགས།
  • ངག་དབང་གྲགས་པ་
    Ngawang Dakpa: ད་ ནཱ་ དགོན་པ་འུང་ཟེར་མི་འདི་ ད་ཅི་ བླ་མ་གིས་ ཞུ་མི་བཟུམ་ར་ཨིན། དགོན་པ་འུང་ཟེར་ སླབ་མི་འདི་ ཨང་རྒས་ དགོན་པ་ཨ་ནེ་ཅིག་ཡོད།་ ཧེ་མ་ཐང་ཅིག་ར་འདུག་ལགས། འ་ནཱི་ ཨང་རྒས་གཅིག་གིས་ ཕར་སོང་ཞིནམ་ལས་ཏེ་ ཨང་རྒས་ཅིག་གིས་ ཨང་རྒས་དགོན་པ་ཟེར་ ཡར་དགོན་པ་བཙུགས་སྟེ་ ཡར་སྤོ་ཏོ་གུ་སོང་ནུག
  • ངག་དབང་གྲགས་པ་
    Ngawang Dakpa: དགོན་པ་འུང་ཟེར་ དགོན་པ་འུང་འབོ་དགོ་མི་དེ་ དོན་དག་འདི་ཨིན་ལགས། མ་པ་ ངེ་གི་ཧོངས་ལས་དེ་སྦེ་ དེམ་ཅིག་ཞུ་ནི་ཨིན་ལགས།