11 Jan 2016
2 min 57 sec
Video Overview
Creators:
Tibetan & Himalayan Library
This is a video of Kelsang Kyi from Nyinshuk Township in Chentsa singing a song called "The Grassland is Home to Livestock." This song is part of a collection of folk songs from the Rebgong cultural area.
འདི་ནི་འབྲུ་མོའི་བཞོ་དབྱངས་ཞེས་དབྱངས་རྟ་ཁྱད་པར་བ་ཞིག་ལ་དྲངས་ནས་བླངས་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་འབྲོག་རི་སྨུག་པོ་ཞིག་གི་སླས་འདབས་ན་འོ་མ་གཏེར་བཞིན་འཇོ་བའི་འབྲི་མོའི་དྲིན་ལན་དྲན་པ་དང་། སྦྲ་ཁྱིམ་དྲོན་མོ་ཞིག་གི་གོ་ཁ་ན་གྱ་ཙེ་གོམ་པོའི་ལག་འཇུ་དང་བྲང་གི་ནུ་མོས་ལྟོགས་སྐོམ་གྱི་ངུ་ཁ་གཅོད་པའི་བྱམས་བརྩེའི་མ་ལོ་དྲན་པར་བརྗོད་པའི་གླུ་ཞིག་ཡིན།
- འབྲོག་རི་སྨུག་པོ་ཕྱུགས་ཀྱི་ཕ་ས་ནས།།
- ཕྱུགས་གཡང་གཏེར་བཞིན་འཇོ་བའི་སླས་འདབས་ནས།།
- ཐོལ་དཀར་འབྲི་མོ་ཞིག་གི་དྲིན་ལན་དྲན།
- ཐོལ་དཀར་འབྲི་མོ་ཞིག་གི་དྲིན་ལན་དྲན།
- དགོ་་་་་་་་
- ཕ་གཞིས་སྦྲ་ཁྱིམ་དྲོན་མོའི་གོ་ཁ་ནས།།
- གྱ་ཙེ་གོམ་པའི་ལག་འཇུ་འཛུམ་གྱིས་བསུས།།
- ལྟོགས་སྐོམ་ངུ་ཁ་བྱམས་པའི་ནུ་ཞོས་བཅད།།
- བརྩེ་བའི་དྲིན་ཆེན་ཨ་མ་སྙིང་ནས་དྲན།
- དགོ་་་་་་