11 Jan 2016
2 min 19 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "Tibet is like a Coral Rosary." This song is part of a collection of folk songs from the Rebgong cultural area.
འདི་ནི་རྒྱ་བོད་གཉིས་ཀྱི་ས་དབྱིབས་དང་འབྲེལ་ཏེ་བསྟོད་པ་བྱས་པ་ཞིག་རེད།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་དབུས་གཙང་གི་ས་དབྱིབས་ནི་དུང་དཀར་པོ་གཡས་སུ་འཁྱིལ་བ་དང་མཚུངས་ལ། ལྷ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས་གང་སར་མ་ཎི་ཡིག་དྲུག་གི་སྒྲས་ཁེངས་པ་དང་། སྨད་རྒྱ་ནག་ནི་ས་ཁོད་སྙོམས་ཤིང་ས་རྒྱ་ཆེ་བས་དངུལ་དཀར་གྱི་མེ་ལོང་དང་འདྲ་བ་བརྗོད་ཡོད།
- Tibet
- ༼ཡེ་་་ཡ་རེ་་་ཡ་ན་ཟླ་ཡ་རེ་ལེན༽
- སྟོད་དབུས་གཙང་དུང་དཀར་གཡས་འཁྱིལ་རེད།།
- འབུད་མི་དགོས་དུང་དཀར་རང་གྲགས་རེད།།
- སྨད་རྒྱ་ནག་དངུལ་དཀར་མེ་ལོང་རེད།།
- བཀར་མི་དགོས་མེ་ལོང་རང་གསལ་རེད།།
- བོད་གངས་ཅན་བྱུ་དཀར་ཕྲེང་བ་རེད།།
- འདོན་མི་དགོས་མ་ཎི་རང་འགྲུབ་རེད།།
- གླུ་དགའ་དགའ་འཇིག་རྟེན་རྩེད་གླུ་རེད།།