06 Jan 2016
2 min 24 sec
Video Overview
Creators:
Tibetan & Himalayan Library
This is a video of Khyungdo from Garu Village in Tsekhok singing a song called "Pity the Motherless Orphan." This song is part of a collection of folk songs from the Rebgong cultural area.
འདི་ནི་དྲིན་མ་ལོ་མེད་པའི་དྭ་ཕྲུག་གི་སྐྱོ་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཕྱུགས་ཟོག་མང་པོ་རྫ་ན་འཚོ་དུས་མ་ཡོད་པ་རྣམས་ཀྱིས་མ་ངུར་བུ་ངུར་དང་མ་འབའ་བུ་འབའ་བྱས་ཏེ་མ་བུ་མཉམ་དུ་རྩྭ་ཆུ་ལ་རོལ་བ་དང་མ་མེད་པ་རྣམས་མིག་མཆི་མ་འཁོར་བཞིན་སེམས་སྐྱོ་བས་གདུང་བཞིན་ཁེར་འགྲོ་ཁེར་འདུག་གིས་མ་དྲན་པའི་ངུ་ངུར་དང་ཁེར་འབའ་བྱེད་ཀྱིན་ཡོད། ཁྱིམ་བཟའ་མི་ཚང་མ་ལྷན་དུ་འཛོམས་དུས་དྲིན་ཕ་མ་དང་ནང་བུ་ཕྲུག་ཅན་ཚང་མ་དགའ་དགའ་སྤྲོ་སྤྲོ་ཡིན་པ་དང་ཕ་མ་མེད་པའི་དྭ་ཕྲུག་རྣམས་ཀྱི་མིག་མཐར་མཆི་མ་འཁོར་རེ་སྙིང་རྗེ་བོ་ཞིག་ཡིན་པ་བརྗོད་ཡོད།
- ༼ཨོ་ཡེ་་་་་ཡ་རེ་ཡ་རེ་ཡ་རེ་ལེན། ཡ་རེ་ཟེར་ར་གླུ་ཞིག་ལེན༽
- བོད་གངས་ཅན་ཁ་བའི་ཡུལ་ལྗོངས་ནས།།
- ནངས་སྐྱ་རེངས་སྐྱ་མདའ་ལངས་དུས་སུ།།
- བོད་ཁ་བའི་ནོར་མང་རྫ་ལ་དེད།།
- མ་ཡོད་ནས་མ་ངུར་བུ་ངུར་བྱོས།།
- མ་མེད་པའི་བེའུ་ཕྲུག་འདབས་ན་ཡོད།།
- དྲིན་ཨ་མ་དྲན་ནས་འོ་མ་དྲན།།
- མིག་མཆི་མ་འཁོར་ཏེ་སྙིང་རེ་རྗེ།།
- དགོང་ཕྱི་དྲོ་ས་རྩ་རུབ་དུས་སུ།
- བོད་ཁ་བའི་ལུག་མང་འདབས་ལ་བསྐྱིལ།།
- མ་ཡོད་པས་མ་འབའ་བུ་འབའ་བྱས།།
- མ་མེད་པའི་ལུག་ཆུང་མཐའ་ན་ཡོད།།
- དྲིན་ཨ་མ་དྲིན་གི་འོ་མ་དྲན།།
- རྒྱབ་ཚ་དཀར་འཇོལ་ལེ་སྙིང་རེ་རྗེ།།
- དགོང་ཕྱི་དྲོ་ས་མདོག་རུབ་དུས་ན།།
- བོད་ཁ་བའི་བཟའ་ཚང་གོ་ཁ་ཚོགས།།
- མ་ཡོད་ནས་མ་འབོད་བུ་འབོད་བྱས།།
- མ་མེད་པའི་ད་ཕྲུག་ཕྱི་ན་ཡོད།།
- དྲིན་ཨ་མ་དྲན་གི་འོ་མ་དྲན།
- མིག་མཆི་མ་ཤུར་རེ་སྙིང་རེ་རྗེ།།
- གླུ་ཤེས་ནོ་འདི་མོ་ཏག་ཏག་རེད།།