06 Jan 2016
2 min 36 sec
Video Overview
Creators:
Tibetan & Himalayan Library
This is a video of Kelsang Kyi from Nyinshuk Township in Chentsa singing a song called "The Blue Sky is a Wheel with Eight Spokes." This song is part of a collection of folk songs from the Rebgong cultural area.
འདི་ནི་གླུ་ལེན་གྱི་བྱེད་སྒོ་མཇུག་རྫོགས་རྗེས་བཀྲ་ཤིས་འཇོག་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དགུང་སྔོན་པོ་འཁོར་ལོ་རྩེ་བརྒྱད་ལ་སྦྱར་ཏེ་བཀྲ་ཤིས་འཇོག་པ་དང་། ས་དོག་མོ་པད་མ་འདབ་བརྒྱད་ལ་སྦྱར་ཏེ་བཀྲ་ཤིས་འཇོག་པ། ར་ཐང་སྨུག་ཀ་བཞི་གདུང་བརྒྱད་ལ་སྦྱར་ཏེ་བཀྲ་ཤིས་འཇོག་པའི་གླུ་ཞིག་ཡིན།
- ༼ཨོ་ཡེ་་་་ཞང་ཡ་རེ་ཡ་རེ་ན་ལོ་་་ཟིན་འགྲིག་ཡ་རེ་ལེན༽
- དགུང་ཨ་སྔོན་འཁོར་ལོ༼ལོ་་་ཟིན་འགྲིག༽རྩེ་བརྒྱད་ལེན།།
- ངས་རྩེ་མོ་བརྒྱད་ཀྱི༼ལོ་་་ཟིན་འགྲིག༽བཀྲ་ཤིས་འཇོག།
- ༼ཨོ་ཡེ་་་་ཞང་ཡ་རེ་ཡ་རེ་ན་ལོ་་་ཟིན་འགྲིག་ཡ་རེ་ལེན༽
- ས་དོག་མོ་པད་མ༼ལོ་་་ཟིན་འགྲིག༽འདབ་བརྒྱད་རེད།།
- ངས་འདབ་མ་བརྒྱད་ཀྱི༼ལོ་་་ཟིན་འགྲིག༽བཀྲ་ཤིས་འཇོག།
- ༼ཨོ་ཡེ་་་་ཞང་ཡ་རེ་ཡ་རེ་ན་ལོ་་་ཟིན་འགྲིག་ཡ་རེ་ལེན༽
- ར་ཐང་སྨུག་ཀ་བཞི༼ལོ་་་ཟིན་འགྲིག༽གདུང་བརྒྱད་རེད།།
- ངས་གདུང་མ་བརྒྱད་ཀྱི༼ལོ་་་ཟིན་འགྲིག༽བཀྲ་ཤིས་འཇོག།
- གླུ་ཤེས་ནི་མིན་ར༼ལོ་་་ཟིན་འགྲིག༽དགའ་ནི་ཡིན།།