06 Jan 2016
4 min 34 sec
Video Overview
Creators:
Tibetan & Himalayan Library
This is a video of Kelsang Kyi from Nyinshuk Township in Chentsa singing a song called "Nothing Can Compare to a Parent's Kindness." This song is part of a collection of folk songs from the Rebgong cultural area.
འདི་ནི་དྲིན་ཕ་མ་གཙོ་བྱས་པའི་རང་ལ་དྲིན་ཆེ་བ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་བུ་བུ་མོ་ཆུང་ངུའི་དུས་སུ་དྲིན་ཕ་མས་བྲང་གི་ནུ་མས་གསོས་པ་དང་། ཅུང་ནར་སོན་རྗེས་སྦྲང་དཀར་རྩམ་པ་སོགས་ཟས་ཞིམ་པོས་གསོས་པས་དྲིན་ལན་འཇལ་ཐབས་མེད་པ་དང་། འགྲོ་བ་མིའི་རིགས་རྒྱབ་གྲང་ངར་ལ་འཕྲད་དུས་ལུག་མཚེར་མོའི་བལ་དང་པགས་པ་གྱོན་པ་དང་། ཁ་ལྟོགས་གིས་མནར་དུས་ལུག་མཚེར་མོའི་ཤ་དང་ཁྲག་ཟས་ནས་འགྲངས་པར་བྱས་པས་དྲིན་ལན་འཇལ་ཐབས་མེད་པ་བརྗོད་ཡོད།
- ༼ཨོ་ཡེ་་་ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- ཡུལ་ཕ་མའི་ཡན་ན་དྲིན་ཆེན་མེད།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- འདིས་སྔ་དྲོ་བྲང་གི་ནུ་མོས་གསོས།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- ཡང་ཕྱི་དྲོ་སྦྲང་དཀར་རྩམ་པས་གསོས།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- ཡུལ་ཕ་མའི་དྲིན་འདི་ཅི་ལྟར་འཇལ།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- གླུ་བར་མ་ཁྲོམ་པས་གནང་བ་ཞིག།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- ༼ཨོ་ཡེ་་་ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- ལུག་མཚེར་མོ་ཡན་ན་དྲིན་ཆེན་མེད།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- འདིས་སྔ་དྲོ་བལ་དང་པགས་པས་གསོས།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- འདིས་ཕྱི་དྲོ་ཤ་དང་ཁྲག་གིས་གསོས།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- ལུག་མཚེར་མོའི་དྲིན་འདི་ཅི་ལྟར་འཇལ།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽
- གླུ་ཤེས་ནི་མིན་ར་དགའ་ནི་ཡིན།།༼ལ་ལ་མོས་ཡང་འགྲོ་ཡེ་་་ཨ་ཞང་ཚོ། ཡེ་ཡ་རེ་ལེན༽