06 Jan 2016
1 min 53 sec
Video Overview
Creators:
Tibetan & Himalayan Library
This is a video of Takdo from Topden Township in Chentsa performing a song called "Sing the First Song for the Snow Land." This song is part of a collection of folk songs from the Rebgong cultural area.
འདི་ནི་གངས་ལྗོངས་སམ་རང་གི་ཕ་ས་ཕ་ཡུལ་ལ་དགའ་བ་དང་དུང་བ། རང་གི་ཕ་ས་ཕ་ཡུལ་སྐྱིད་པར་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་གངས་རིའི་གཟི་མདངས་ཀྱིས་ཕྱུག་པའི་གངས་ལྗོངས་ཧ་ཅང་སྐྱིད་པ་དང་ཚེ་འདི་ཕྱིའི་སྐྱབས་དང་དཔུང་གཉེན་དུ་གྱུར་པའི་བླ་མ་བཟང་པོ་བཞུགས་ན་ལྷག་ཏུ་སྐྱིད་པར་བརྗོད་པའི་གླུ་ཞིག་ཡིན།
- ༼ཨོ་ཡེ་་ཡ་རེ་ཡ་རེ་་་ངས་ཡ་རེ་ལེན་གོ༽
- གླུ་དང་པོ་གངས་ལྗོངས་ཡུལ་ལ་ལེན།།
- གངས་གཟི་མདངས་ཅན་པོ་ཡུལ་ལ་ལེན།།
- སེང་གཡུ་ལོ་ཅན་པོ་ཕེབས་དང་ན།།
- སེམས་དགའ་བའི་སྐྱིད་གླུ་ཐེངས་གསུམ་ལེན།།
- གླུ་བར་མ་འགྲོས་དབྱངས་འདུག་བདེ་བྱེད།།
- ༼ཨོ་ཡེ་་ཡ་རེ་ཡ་རེ་་་ངས་ཡ་རེ་ལེན་གོ༽
- གླུ་གསུམ་པ་མཆོད་གསུམ་བོད་ལ་ལེན།།
- འདི་ཚོགས་ཁྲོམ་པའི་དཀྱིལ་ལ་ལེན།།
- རྗེ་བླ་མ་བཟང་བོ་ཕེབས་དང་ན།།
- སེམས་དགའ་བའི་སྐྱིད་གླུ་ཐེངས་གསུམ་ལེན།།
- གླུ་ཤེས་ནི་མིན་ར་དགོད་ཁ་སློང་།།