06 Jan 2016
4 min 6 sec
Video Overview
Creators:
Tibetan & Himalayan Library
This is a video of Kesang from Garu Village in Chentsa singing a song called "A Good Horse is Just like a Brother." This song is part of a collection of folk songs from the Rebgong cultural area.
འདི་ནི་ཕ་མ་སྤུན་མཆེད་ཀྱི་ཚབ་ནི་བྱ་དངོས་གཞན་གཅིག་གིས་ཀྱང་བྱེད་མི་ཐུབ་པ་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་རང་གི་རྒྱབ་རི་དང་འདྲ་བའི་ཕ་དང་དཔུང་ཡ་དང་འདྲ་བའི་སྤུན། ལག་ཟུང་འདྲ་བའི་མ་བཅས་ཀྱི་བཀའ་དྲིན་ནི་གཞལ་མཐའ་མེད་པ་དང་བྱ་དངོས་གཞན་གཅིག་གིས་ཀྱང་ཚབ་བྱེད་མི་ཐུབ་པ་བརྗོད་ཡོད།
- ༼ཡེ་་་ཡ་རེ་ཡ་རེ་་་་ངས་ཡ་རེ་ལེན༽
- རི་མཐོན་པོ་ཞིག་ལ་ཕ་འདང་བཞག །
- ཕ་དགོས་པའི་བསམ་པ་མ་སྐྱེས་ར། །
- ཙག་བསེར་བུས་དེད་ནས་རི་ལ་སོང་། །
- ཙག་བསེར་བུས་འདི་གྱོན་མི་ཟེར་གི །
- ཕ་དགོས་པའི་བསམ་པ་དེ་ནས་སྐྱེས། །
- རྟ་འདོ་བ་ཞིག་ལ་སྤུན་འདང་བཞག །
- སྤུན་དགོས་པའི་བསམ་པ་མ་སྐྱེས་ར། །
- དགྲ་ནག་པོས་རྗེས་ནས་ད་སྡོད་ཟེར། །
- རྟ་འདོ་བས་མ་འདུག་མི་ཟེར་གི །
- སྤུན་དགོས་པའི་བསམ་པ་དེ་ནས་སྐྱེས། །
- ཆུ་གཙང་བོ་ཞིག་ལ་མ་འདང་བཞག །
- མ་དགོས་པའི་བསམ་པ་སྐྱེས་ར། །
- ལྟོགས་སྐོམ་པས་དེད་ནས་ཆུ་ཁར་སོང་། །
- ཆུ་གཙང་བོས་མ་འཐུང་མི་ཟེར་གི །
- མ་དགོས་པའི་བསམ་པ་དེ་ནས་སྐྱེས། །