06 Jan 2016
1 min 55 sec
Video Overview
Creators:
Tibetan & Himalayan Library
This is a video of Kesang from Garu Village in Chentsa singing a song called "On the Dark Rocky Mountain." This song is part of a collection of folk songs from the Rebgong cultural area.
འདི་ནི་བཀའ་དྲིན་རྗེས་སུ་དྲན་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་རྫ་མགོར་འབྲོང་བྲེ་སེར་སྐྱིད་པ་རྩྭ་རྩི་ཏོག་གི་དྲིན་དང་བྱ་བྱེའུ་མང་པོ་ནགས་སུ་སྐྱིད་པ་ནགས་སིལ་ཏོག་མང་པོས་བཀའ་དྲིན་ཡིན་པར་དཔེ་བྱས་ཏེ་འབངས་མི་སེར་ཐམས་ཅད་སྐྱིད་པ་གོང་དཔོན་པོའི་བཀའ་དྲིན་ཡིན་པ་བརྗོད་ཡོད།
- ༼ཡེ་་་ཡ་རེ་ཡ་རེ་་་་ཡ་རེ་ལེན་དགོ ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན་དགོ༽
- སྟོད་རྫ་རི་སྨུག་པོའི་ནང་ལོགས་ནས། །
- འབྲོང་བྲེ་སེར་གང་བདེ་གང་སྐྱིད་རེད། །
- རྩྭ་རྩི་ཏོག་བཀའ་དྲིན་མིན་རྒྱུ་ན། །
- འདི་འདྲ་བའི་སྐྱིད་ཅིག་གང་ན་ཡོད། །
- སྨད་ནགས་རི་ཕྱུག་མོའི་ནང་རོལ་ནས། །
- བྱ་མང་པོ་གང་བདེ་གང་སྐྱིད་རེད། །
- ནགས་གསེར་ལོ་བཀའ་དྲིན་མིན་རྒྱུ་ན། །
- འདི་འདྲ་བའི་སྐྱིད་ཅིག་གང་ན་ཡོད། །
- འདི་མི་རིགས་མང་པོའི་རྒྱལ་ཁབ་ན། །
- བུ་མང་པོ་གང་བདེ་གང་སྐྱིད་རེད། །
- གོང་དཔོན་པོའི་སྐུ་དྲིན་མིན་རྒྱུ་ན། །
- འདི་འདྲ་བའི་སྐྱིད་ཅིག་གང་ན་ཡོད། །
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན།