06 Jan 2016
2 min 35 sec
Video Overview
Creators:
Tibetan & Himalayan Library
This is a video of Kesang from Garu Village in Chentsa singing a song called "Please Little Dragon Sing the First Song." This song is part of a collection of folk songs from the Rebgong cultural area.
འདི་ནི་མི་གཞན་ལ་གླུ་ལེན་པར་སྐུལ་བའི་གླུ་ཞིག་རེད།
གླུ་འདིའི་ནང་དོན་གཙོ་བོ་ནི་གླུ་བ་དེ་འབྲུག་ཆུང་དང་ཁུ་བྱུག་ལ་དཔེ་བྱས་ཏེ་འུ་གཉིས་ཀྱིས་གླུ་ལེན་རེས་བྱེད་ཅེས་སྐུལ་བའི་གླུ་ཞིག་ཡིན།
- ༼ཡེ་་་ཡ་རེ་་་་ངས་ཡ་རེ་ལེན༽
- གླུ་འགོ་མ་འབྲུག་ཆུང་ཁྱོད་ཀྱིས་ལོངས། །
- སྒྲ་དེ་ལ་ཉན་ན་ངས་གཅིག་ལེན། །
- སྒྲ་མཉམ་གི་བསམ་ན་མཉམ་དུ་ལེན། །
- གླུ་བར་མ་ཁུ་བྱུག་ཁྱོད་ཀྱི་ལོངས། །
- སྐད་དེ་ལ་ཉན་ན་ངས་གཅིག་ལེན། །
- དབྱངས་མཉམ་གི་བསམ་ན་མཉམ་དུ་ལེན། །
- གླུ་རྗེས་མ་ན་ཟླ་ཁྱོད་ཀྱིས་ལོངས། །
- སྐད་དེ་ཉན་ན་ངས་གཅིག་ལེན། །
- སྐད་མཉམ་གི་བསམ་ན་མཉམ་དུ་ལེན། །
- གླུ་ཤེས་ནི་མིན་ཡང་རྩེད་དགའ་ཡིན། །