06 Jan 2016
2 min 3 sec
Video Overview
Creators:
Tibetan & Himalayan Library
This is a video of Wangchen Tso from Dola, Amdo singing a song called "The Morning Sun Shines on the Rocky Mountain." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་ན་བྲག་དམར་པོ་མཆོད་ཁྲི་རྩིག་འདྲ་ཡིན་པ་དང་བར་ན་སྤང་སེར་པོ་མར་ཁུ་འཁྱིལ་འདྲ་ཡིན་པ། སྨད་ན་ཆུ་གཙང་པོ་མཆོད་པ་འབུལ་འདྲ་ཡིན་ཞེས་རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་སྡུག་གིས་ཡར་དཀོན་མཆོག་ལ་མཆོད་པ་འབུལ་ཡོད།
- ༼ཨོ་ཡེ་་་་ཞང་ང་ཡ་རེ་ལེན་གོ༽
- ནངས་སྔ་མོ་ཉི་རྩེ་བྲག་ལ་ཕོག།།
- བྲག་དམར་པོ་མཆོད་ཁྲི་རྩིག་འདྲ་རེད།།
- ཉིན་གུང་ཉི་མ་སྤང་ལ་ཕོག།
- སྤང་སེར་བོ་མར་ཁུ་འཁྱིལ་འདྲ་རེད།།
- དགུང་ཕྱི་དྲོ་ཉི་མ་ཆུ་ལ་ཕོག།།
- ཆུ་གཙང་བོ་མཆོད་པ་འབུལ་འདྲ་རེད།།
- གླུ་ཤེས་ནི་མིན་ར་དགའ་ནི་ཡིན།