06 Jan 2016
2 min 39 sec
Video Overview
Creators:
Tibetan & Himalayan Library
This is a video of Tsering Jyi from Yonru Village in Chentsa singing a song called "The Banquet of the Azure Sky." This song is part of a collection of folk songs from the Rebgong cultural area.
འདི་ནི་སྟོན་མོ་སོགས་ཀྱི་ཐོག་ཏུ་དུས་རྒྱུན་ལེན་བཞིན་པའི་གླུ་ཞིག་ཡིན། སྟོན་མོའི་དུས་བཟང་གི་ཉིན་མར་གླུ་ལེན་དགོས་པ་བརྗོད་ཡོད།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོན་མོའི་དུས་བཟང་གི་ཉིན་མོེར་གླུ་ལེན་གར་རྩེད་བྱེད་དགོས་པ་དང་དགའ་དགའ་སྐྱིད་སྐྱིད་བྱེད་དགོས་པ་བརྗོད་ཡོད།
- ཡེ་་་་ཡ་རེ་་ཡེ་་་་་འགྲོ་ཡ་རེ་ལེན་གོ་
- དགུང་སྔོན་པོ་ཚང་གི༼འགྲོ༽སྟོན་མོ་རེད།།
- ང་འབྲུག་ཆུང་སྟོན་མོ༼འགྲོ༽ཡོང་ནི་རེད།།
- འབྲུག་ད་རེས་མི་གྲགས༼འགྲོ༽ནམ་རེས་གྲགས།།
- གླུ་བར་མ་སྐྱུར་ར༼འགྲོ༽གཞུག་མ་ལེན།།
- ཕ་ཨ་ཁུ་ཚང་གི༼འགྲོ༽སྟོན་མོ་རེད།།
- ང་གླུ་མ་སྟོན་མོ༼འགྲོ༽བོ་ནི་ཡིན།།
- གླུ་ད་རེས་མི་ལེན༼འགྲོ༽ནམ་རེས་ལེན།།
- གླུ་ཤེས་ནི་མིན་ར༼འགྲོ༽དགོད་ཁ་སློང་།།