05 Aug 2019
6 min 57 sec
Audio Overview
Creators:
Tashi Gyel
བླ་མ་ཞིག་སྡེ་བར་ཞུས་ན་ཅི་ལྟར་ཞུ་དགོས་པ་གཞོན་རབས་པ་རྣམས་ལ་བཤད།
这是至年轻人关于如何迎请活佛入村的忠告
This speech details for younger generations how to invite a reincarnated Lama to a village.
ལོ་ལོན་རྣམས་ཀྱི་སེམས་སུ་ད་ལྟའི་གཞོན་རབས་པ་རྣམས་ཀྱིས་རང་སྡེ་བར་བླ་ཞིག་ཞུས་ན་སྲོལ་རྒྱུན་དུ་ཅི་ལྟར་ཞུ་དགོས་པ་གསལ་བོ་ཞིག་ཤེས་ཀྱིན་མེད་སྙམ་ནས་གཏམ་འདི་བཤད་པ་ཡིན་ཏེ། དེ་ཡང་དང་ཐོག་བླ་མའི་མདུན་དུ་ཅི་ལྟར་ཞུ་རྒྱུ་དང་། བླ་མ་ཕེབས་ནས་ཡོང་དུས་ཅི་ལྟར་བསུ་བ་བྱེད་རྒྱུ། ད་དུང་བླ་མ་ཕྱིར་ཕེབས་དུས་ཅི་ལྟར་སྐྱེལ་མ་བྱེད་དགོས་པ་སོགས་རིམ་པ་བཞིན་དུ་བརྗོད་ཡོད།
老人们觉得现在的年轻人不懂得如何按照传统方式迎请活佛入村。因此,这是他们对年轻一代的忠告。首先,交代了如何邀请活佛的相关事宜。其次,说明了如何迎接活佛的到来。最后,介绍了活佛回去时如何送行等。
- འོད་སྲུང་།བླ་མ་སྐྱེས་ཆེན་དམ་པ།
- ཤོག་ཀ་འདིས་ཞུས་དགོས་པ་རེད།
- ཤོག་ཀ་འདིས་ཞུས་ན།
- བླ་མ་སྐྱེས་ཆེན་དམ་པ་ཐོག་དང་པོར།
- སྔུན་ན་བསྙེན་སེར་འབུལ་དུ་འགྲོ་དགོས།
- བསྙེན་སེར་འབུལ་དུ་སྡེ་བ་དེའི་སྡེ་དཔོན་འདྲ་བ་དང་།
- དེ་འདྲའི་རྒན་པ་འདྲ་བོ།
- དེ་འདྲའི་མི་འགའ་རེ་སོང་སྟེ་ཁོང་ལ།
- བླ་མ་རྣམ་པ་ཁྱེད་ཚང་ཕེབས་དགོས།
- ཉི་མ་འདིར་ཕེབས་དགོས་ཟེར།
- དེ་ལྟར་བཤད་ན་ཁོང་རྣམ་པས།
- ཡ་་་ཞེས་ཞལ་ལན་མཛད་པ་ཞིག་དང་།
- ཞལ་ལན་མི་མཛད་པ་གཉིས་ཡོད།
- དེ་ཡིན་ན་ད་ཐེངས་ཁོ་ཕེབས་མི་ཐུབ་གི་ཟེར་ན།
- ཡང་རྗེས་ནས་ཞུ་རུ་འགྲོ་དགོས།
- རྗེས་ནས་ཞུ་རུ་འགྲོ་དགོས་ན་ཡང་དེ་རེད།
- ཁ་བཏགས་བཟུང་ནས་སོང་སྟེ་ཕྱག་འཚལ་བ་དང་།
- ཐོད་པ་ཐང་ལ་བརྒྱབ་ནས་ཡང་ཞུ་དགོས།
- ཞུ་དགོས་ན་ཉི་མ་འདི་ལ།
- ཁོ་ཡོང་ཟེར་བ་རེད།
- དེ་ལྟར་བཤད་ན་དེའི་སྟེང་ནས།
- ཤོག་ཀ་དེས་མི་དམངས་ལ་བརྡ་བརྒྱབ་སྟེ།
- རང་རང་གིས་ཉིན་མོ་དེར་གོན་པ་ཡག་པོ་གྱོན་ནས་ཤོག་ཟེར།
- རང་རང་གི་མཇལ་དར་ཁྱེར་ཏེ།
- ཁ་བཏགས་ཁྱེར་ནས་མཇལ་དུ་ཤོག་ཟེར།
- དེ་ལྟར་བཤད་ན།
- ཤོག་ཀ་ཡི་ཞབས་ཞུ་བ་རྣམས་ཀྱིས་ལམ་དཀར་འཐེན་པ་རེད།
- ལམ་དཀར་ཟེར་བ་འདི།
- ལམ་དཀར་ཟེར་བ་འདི་ལམ་དཀར་པོ་འཐེན་དགོས་པ་རེད།
- ད་སྐབས་ཀྱི་མི་ཚོའི་རྒྱུ་ཡོད་ཟེར་ནས།
- ཕྲུག་གཏོང་པ་འདྲ་བ་དེ་དགོས་པ་མ་རེད།
- གོས་དཀར་པོ་གཏོང་དགོས་པ་རེད།
- གོས་དཀར་པོ་བཏང་ན།
- དཔེར་འཇོག་རྒྱུ་ན།
- ཁྱོད་ཀྱིས་ལེ་དབར་ཅི་འདྲ་རིང་བོ་བཏང་ན་དེ་ཆོག་པ་རེད།
- དཔེར་འཇོག་རྒྱུ་ན།
- འདི་བཏང་ནས་བླ་མ་ཕེབས་ས་ཡི་སྡེ་བ་དེའི་ནང་ཁང་གི
- རྒྱ་སྒོ་ནང་ཕྱོགས་སུ་བཏང་ཡོད།
- བཏང་ཡོད་ན་རྒྱ་སྒོ་ནང་ཕྱོགས་འདི་ནས།
- བླ་མ་རིན་པོ་ཆེར་བརྒྱ་དུང་བརྒྱབ་སྟེ།
- མ་ཎི་བུ་དབྱངས་བཏོན་ཏེ།
- མི་དམངས་ཚང་མས་གུས་པ་བྱེད་པ་དེ་འདྲ་ཞིག་རེད།
- དེ་འདྲ་ཞིག་ཡིན་ན་བླ་མ་རིན་པོ་ཆེ་ཡིས།
- ཆོས་སྒར་ན་བཟའ་མནབས་ཏེ།
- ཞྭ་མོ་ནེའུ་རིང་མནབས་ཏེ།
- ཁོ་འདི་ལྟར་ཕེབས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- དེ་ཡིན་ན་བླ་མ་རིན་པོ་ཆེ་ཁྲི་ཁ་ནས་བཞུགས་ན།
- མི་དམངས་ཡོང་ནས་བླ་མ་རིན་པོ་ཆེ་ལ་མཇལ་བ་དང་།
- ཕྱག་འཚལ་བ་དང་མཇལ་བ།
- དེ་འདྲ་བྱེད་པ་ཞིག་རེད།
- དེ་ཡིན་ན་བླ་མ་རིན་པོ་ཆེ་ཡིས།
- བསུ་ཇ་བཞེས་ནས་དེ་ལྟར་བྱས་ན།
- ཤོག་ཀ་དེའི་འབུལ་ཕྲེང་འདེགས་རྒྱུ་རེད།
- འབུལ་ཕྲེང་བཀྱག་ན་ཅི་རེད་ཟེར་ན།
- ཐོག་དང་པོར་སྐུ་གསུང་ཐུགས་རྟེན་འབུལ་དགོས་པ་རེད།
- སྐུ་གསུང་ཐུགས་རྟེན་འབུལ་ན།
- ཐོག་དང་པོར་སྐུ་འབུལ་དགོས།
- སྐུ་འབུལ་ན་སྐུ།
- སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་ཞིག་འབུལ་དགོས་པ་རེད།
- དེའི་འཕྲོ་ནས་གསུངས་འབུལ་དགོས།
- གསུངས་འབུལ་དགོས་ན།
- རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི།
- ལམ་རིམ་ཆེན་མོ་འབུལ་དགོས་པ་རེད།
- དེའི་འཕྲོ་ནས་ཐུགས་འབུལ་དགོས།
- ཐུགས་ཟེར་ན་མཆོད་རྟེན་རེད།
- མཆོད་རྟེན་ཟེར་ན།
- མཆོད་རྟེན་འདིའི་ནང་ལ།
- གཟུངས་བཞུགས་སྣ་ཚོགས་འབུལ་བ་དང་།
- མཆོད་རྟེན་གྱི་སྒོ་རྒྱན་གྱི་ནང་ལ།
- སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་བཞག་སྟེ།
- དེ་ལྟར་སྐུ་གསུངས་ཐུགས་གསུམ་པོ་དེ།
- དེ་ལྟར་འབུལ་དགོས།
- སྐུ་གསུངས་ཐུགས་རྟེན་ཟེར་བ་དེ་ཚོ་རེད།
- དེའི་འཕྲོ་ནས་རིན་པོ་ཆེར་ཅི་ཞིག་འབུལ་དགོས་ཟེར་ན།
- རིན་པོ་ཆེར་སྔུན་ལ་སྐུ་གསུངས་ཐུགས་རྟེན་གྱི་འཕྲོ་ནས།
- བཞུགས་གདན་ཁྱེར་ཏེ།
- བཞུགས་གདན་གྱི་འཕྲོ་ནས་རྒྱབ་ཡོལ་ཁྱེར་ཏེ།
- ཨ་ན་མ་ན་ཁོང་དེ་ལྟར་བཞུགས་ན་ཆོག་པ།
- བཞུགས་གདན་ཡིན་ན་རྒྱབ་ཡོལ་ཡིན་ན།
- དེ་ལྟར་བཟུང་ནས་དེ་ལྟར་འགྲོ་དགོས།
- སྐུ་གསུངས་ཐུགས་རྟེན་གྱི་འཕྲོ་ནས།
- བཞུགས་གདན་རྒྱབ་ཡོབ་ཁྱེར་དགོས་པ་རེད།
- བཞུགས་གདན་རྒྱབ་ཡོལ་གྱི་འཕྲོ་ནས།
- གསེར་དངུལ་དར་གསུམ་ཐམས་ཅད།
- ཁྱེར་དགོས་པ་རེད།
- ཁྱོད་ལ་གསེར་ཡོད་ན་དངུལ་ཡོད་ན།
- ཅི་ཞིག་ཡིན་པའི་རིན་པོ་ཆེ་སྣ་ཚོགས།
- འབུལ་དགོས་པ་རེད།
- དེ་ལྟར་བྱས་ནས་ཅི་རེད་ཟེར་ན།
- རྗེས་ཕྱོགས་རྔ་མར།
- རྟ་མཆོག་འབུལ་དགོས་པ་རེད།
- རྟ་མཆོག་རྟ་འབུལ་དགོས་པ་རེད།
- རྟ་ཡི་སྟེང་དུ་སྒ་ཆ་བརྒྱབ་སྟེ།
- རིན་པོ་ཆེ་སྣ་ཚོགས་འཕངས་ཏེ།
- དེ་ལྟར་འབུལ་དགོས།
- དེའི་འཕྲོ་ནས་གླང་ཆེན་འབུལ་དགོས།
- གླང་ཆེན་འབུལ་ན་གླང་བོ་ཆེ།
- གླང་བོ་ཆེ་འབུལ་ན།
- གླང་བོ་ཆེར་རྒྱན་ཆ་འཕངས་ཏེ།
- ནང་ལ་རིན་པོ་ཆེ་སྣ་ཚོགས་བཀབ་སྟེ།
- དེ་ལྟར་ང་ཚོ་ཡིན་རྒྱུ་ན།
- རྟ་མཆོག་གླང་ཆེན་གཉིས་ཀ་ཡང་འདི་ལྟར་འབུལ་དགོས།
- དེ་ཡིན་ན་འདི་ཅི་རེད་ཟེར་ན།
- མཎྜལ་ཟེར་བ།
- མཎྜལ་ཡི་ཚོན་འབུལ་ལྟ་བུ་ཡིན་པས།
- འདི་ལྟར་འབུལ་བ་ཡིན།
- བླ་མ་ཆུང་ཆུང་།
- དཔེ་འཇོག་རྒྱུ་ན་གན་ཞིག་ཡིན་རྒྱུ་ན།
- མཎྜལ་ཞིག་འབུལ་ཏེ།
- མཎྜལ་དེའི་སྟེང་ནས་མེ་ཏོག་ཞིག་ཡར་གཏོར་ཏེ།
- དེ་མཎྜལ་བཤད་པ་ཡི་ཚབ་བྱས་ཏེ།
- ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ།
- རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།
- སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་པ་ཡིས།
- འགྲོ་ཀུན་རྣག་དག་ཞིང་ལ་སྤྱོད་པར་ཤོག
- དེ་འདྲའི་ཚིག་བཞི་ཞིག་འདོན་རྒྱུ་ཡོད།
- དེ་མཎྜལ་རེད།
- གོང་ནས་བཤད་པ་དེ་མཎྜལ་བཤད་པ་རེད།
- མཎྜལ་བཤད་པ་ཡིན་ན།
- མཎྜལ་བཤད་པ་ཡོད་ན་གོང་ནས་བཤད་པ་དེ།
- མཎྜལ་ཆེན་པོ་ཞིག་རེད།
- དེའི་མིང་ལ་མཎྜལ་བཤད་པ་ཟེར་བ་རེད།
- སྐུ་གསུངས་ཐུགས་རྟེན།
- དེའི་འཕྲོ་ནས་བཞུགས་གདན་རྒྱབ་ཡོལ།
- དེའི་འཕྲོ་ནས་རིན་པོ་ཆེ་རིན་ཆེན་སྣ་ཚོགས།
- དེའི་འཕྲོ་ནས་གསེར་དངུལ་དར་གསུམ།
- དེའི་འཕྲོ་ནས་རྟ་མཆོག་དང་གླང་ཆེན་ལ་སོགས་པ།
- འབུལ་བ་འདིའི་མིང་ལ་མཎྜལ་བཤད་པ་ཟེར་བ་རེད།
- དེ་ཡིན་ན་བླ་མ་རིན་པོ་ཆེ་ཡིས།
- མར་བཀའ་ཆོས་གསུངས་བའི་མགོ་དེ་བཟུང་བ་རེད།
- བཀའ་ཆོས་དེ་གསུངས་ན་མ་གྱུར་སེམས་ཅན་ཐམས་ཅད་ཀྱི།
- དགེ་བ་སྒྲུབ་དགོས་པ་དང་།
- སྡུག་གཅོད་བྱེད་མི་ཉན་པ།
- དགེ་བ་སྒྲུབ་དགོས་པ་དང་སྡུག་པ་གཅོད་དགོས་པ།
- འདི་དག་ཐམས་ཅད་ཀྱི།
- གང་ལྟར་ཀྱང་མི་དགེ་བཅུ་སྤོང་གི་ཁྲིམས་འདི།
- ཁོང་གིས་མར་གསུངས་པ་དང་མཚམས་དེ་ནས།
- ཁོང་རྣམ་པ་ཡིས་གོང་ནས་བཀྲ་ཤིས་དང་།