Audio Overview
གཉེན་སྟོན་ཉིན་མོའི་ཨ་ཞང་རྣམས་ངོ་སྤྲོད།
婚礼上对舅舅们的介绍
This speech introduces important people like uncles in a wedding ceremony.
དེ་ཡང་ཨ་མདོ་གཅན་ཚ་ས་ཆར་གཉེན་སྒྲིག་གི་ཉིན་མོར་གཉེན་ཚང་ཚང་དང་ཨ་ཞང་ཚང་གཉིས་ཀྱིས་འགྲོ་ལུགས་གལ་ཆེན་ཞིག་སྒྲུབ་དགོས་པ་དེའི་མིང་ལ་ས་གནས་གྱི་ཡུལ་སྐད་དུ་མགྲོན་བཅའ་བ་ཟེར། དེ་ནི་ཅི་རེད་ཟེར་ན། གཉེན་སྒྲིག་གི་ཉིན་མོ་དེར་བག་མའི་ཨ་ཕ་དང་ཕུ་ནུ། ཞང་པོ། ཨ་ཁུ་རྣམས། ད་དུང་བུ་མོའི་ཕ་ཁྱིམ་གྱི་ཚོ་བའི་ནང་གི་སྐྱེས་པ་རྣམས་གཉེན་ཚང་ཚང་ལ་ཨ་ཞང་ལ་འགྲོ་བ་ཉིན། གཉེན་ཚང་ཚང་གིས་ཉིན་འདིར་ཨ་ཞང་འདི་རྣམས་ལ་ལེགས་སྐྱེས་སམ་ཁ་བཏགས་དང་དཀར་ཡོལ། ད་དུང་སྒོར་མོ་སོགས་སྟེར་བ་དང་ཐ་ན་སྲོལ་རྒྱུན་ལྟར་ན་ཨ་ཞང་རྣམས་ཀྱིས་ཅི་ཞིག་དགོས་ཟེར་ན་དེ་སྟེར་དགོས་ཟེར། ཉིན་འདིར་ཨ་ཞང་ལ་ཡང་མགྲོན་མགོ་དང་མ་ཞང་། ཞུང་ཆུང་སོགས་མིང་མི་གཅིག་པ་འགའ་རེ་ཡོད་ལ་དེ་དག་རེ་རེར་ཐོབ་དགོས་པའི་ལེགས་སྐྱེས་སམ་དངོས་པོ་ལ་ཡང་སྲོལ་རྒྱུན་དུ་ནང་དོན་བཤད་རྒྱུ་ཡོད། འདིར་མགྲོན་བཅའ་བའི་བརྒྱུད་རིམ་ཞིབ་ཏུ་ངོ་སྤྲོད་བྱས་ཡོད།
在安多尖扎地区,婚礼举行当日,亲家和舅舅两家需要遵照一些重要的做法,当地方言称其为客人誓言。这是什么意思呢? 在结婚当日,新娘的父亲、兄弟、舅舅、叔叔们以及新娘父亲一方部落里的男人们到亲家/男方家以舅舅的身份拜访时,亲家则在这天给这些舅舅们送礼物、哈达、碗及现金。甚至按照传统,舅舅们要什么就给什么。这一天,舅舅也有客首、马翔、熊琼等不同的名字,每件得到的礼物或东西也有其传统意义。这里详细介绍了做客的流程。
- འོད་སྲུང་།རུས་དཔོན་ཟེར་བ་དེ་ཅི་རེད་ཟེར་ན།
- སྔོན་ལ་ཨ་མཆོད་བཤད་དགོས།
- ཨ་མཆོད་བཤད་དགོས་པ་རེད་ལ།
- ཁྱིམ་ཚང་འདིའི་ཨ་མཆོད་ཟེར་བ།
- ཕ་རིང་དང་བུ་རིང་ད་དུང་མི་རིང་མི་རྒྱུད་ལ།
- མི་ཞིག་ཚེ་ལས་འདས་ན་ཨ་མཆོད་དེས།
- ཨ་མཆོད་ཁོ་རྒན་པ་བྱས་ནས་སྐུ་གཤེགས་སོང་ན།
- དུས་རྗེས་ཀྱི་དགེ་ཕྲུག་དེ།
- དེ་སྐུ་གཤེགས་སོང་ན།
- དེའི་རྗེས་ཀྱི་དགེ་ཕྲུག་དེ།
- ཨ་མཆོད་ཡིན་ན་ཡང་མུ་མཐུད་དུ།
- བསྒྱུར་རྒྱུ་མེད་པ་རེད།
- ཨོ་ལེད་་་་དེ་གཅིག་ཡིན།
- དེའི་འཕྲོ་ནས་རུས་དཔོན་ཟེར་བ་དེ།
- ང་ཚོ་ཡིན་རྒྱུ་ན་ཁོས་ཉི་མ་ལ་བལྟས་ནས་བསྡད་དེ།
- ཉི་མ་འདི་ལ་མནའ་མ་ལོངས།
- ཉི་མ་འདི་ལ་བུ་མོ་སློང་།
- ཉི་མ་འདི་ལ་རིམ་བྲོ་སྒྲུབ་རྒྱུ་ཡོད་ན་སྒྲུབ།
- དེ་ལྟར་བཤད་པའི་རུས་དཔོན་དེ་རེད།
- རྐང་བ་རྐང་སོ་འདོན་རྒྱུ་ཡོད་ན་ཁོ་ཡོང་སྟེ་འདོན་རྒྱུ་རེད།
- བཅའ་བ་རིམ་གྲོ་སྒྲུབ་རྒྱུ་ཡོད་ན་ཁོ་ཡོང་ནས་སྒྲུབ་རྒྱུ་རེད།
- ཁོ་དེ་རེད།
- ཁོ་གཤེགས་སོང་ན་ཁོའི་བུ་ཡི་དཔོན།
- དེའི་བུ་ཡི་དཔོན་དེའི་བུ་ཡི་དཔོན།
- མི་རིང་ནས་མི་རིང་གི
- དེའི་མིང་ལ་རུས་དཔོན་ཟེར།
- རུས་དེ་ལ་རུས་དཔོན་ཟེར།
- དེ་ཡིན་ན་ཁོ་གཉེན་གྱི་ཉིན་མོར་ཡོང་ན།
- ཁོ་འདུག་ས་གྲལ་མགོ་ན་ཡོད།
- གྲལ་མགོ་འདི་ན་ཁོ་ལ་ཁྲི་ཟེར་བ།
- གཞན་དང་སྡུར་ན་གདན་མཐུག་པོ་ཞིག་བཏིང་ནས།
- སྔུན་ན་ཅོག་ཙེ་བསྒྲིགས་ཏེ།
- ཁོ་ལ་སྡེར་ཁ་མང་པ་རེད།
- སྡེར་ཁ་ཆེ་བ་རེད།
- སྔུན་ན་ཤ་ཁ་ཚང་ཞིག་གི་ནང་དུ།
- ཤུག་པ་ཤུག་ལོ་ཞིག་གསེབ་སྟེ།
- ཁ་བལ་གྱིས་དཀྲིས་ཏེ།
- སྐེ་ཚིགས་ལ་བལ་གྱིས་དཀྲིས་ཏེ།
- དེ་ལྟར་མཆོད་པའི་ནང་དུ་བཞག་ཡོད།
- དེ་ངས་གོང་ནས་ཤུག་པའི་རྒྱུ་མཚན་བཤད་པ་རེད་ལ།
- བལ་གྱི་རྒྱུ་མཚན་བཤད་པ་རེད་ལ།
- ཨོ་ལེད་་་དེའི་སྟེང་ནས།
- དེའི་སྔུན་ལ་དེའི་ཚད་པ་མ་རེད།
- གོ་རེ་ཡི་སྡེར་ཁ།
- དེའི་གམ་ན་མགྲོན་ཤ་ཟེར་བ་ཞིག་ཡོད།
- མགྲོན་ཤ་ཟེར་བ་དེ་ཅི་རེད།
- རྐང་བ་ཞིག་དང་ལག་པ་ཞིག་ཡོད།
- རྐང་བ་གཡས་པ་དང་ལག་པ་གཡོན་པ།
- ང་ཚོ་ཡིན་རྒྱུ་ན་འདི་གཉིས་ཡོད་པ་རེད།
- ལྷག་མ་དགོས་པ་མ་རེད།
- འདི་གཉིས་ཡོད་ན།
- འདི་གཉིས་ཁ་མར་ལ་སྐོར་ན།
- ཁོ་གཉིས་ཀྱི་མགོ་ཡི་མེ་ཏོག་འདྲ་བ་དེ་གཉིས།
- འདི་ལྟར་འཁོར་ནས་བསྡད་ཡོད།
- མགྲོན་ཤ་ཡི་རྐང་བ་གཡས་དང་ལག་པ་གཡོན་པ།
- འདི་ལྟར་བསྡད་ཡོད།
- ཁ་མར་སྐོར་ནས་བཞག་ཡོད།
- དེའི་ཐོག་ལ་འཚང་ར་བླངས་ནས་ཁྱེར་ཡོང་སྟེ།
- འཚང་ར་ཡིན་རྒྱུ་ན་རྔ་མ་མར་སྐོར་ནས།
- སྒལ་ཚིགས་ཡར་སྐོར་ནས་བཞག་ན།
- དཔེ་འཇོག་རྒྱུ་ན་ཁྱོད་རུས་དཔོན་ཡིན་རྒྱུ་ན།
- ཁྱོད་ལ་སྐོར་ནས་བཞག་ཡོད།
- དེའི་སྟེང་དུ་འབྲོང་རུ།
- འབྲོག་པའི་འབྲོང་རུ་ཟེར་བ་རེད།
- ང་ཚོས་སྒུག་ཟེར་བ་རེད།
- སྒུག་ལ་རྩིབས་མ་དྲུག་ཡོད།
- རྩིབས་མ་དྲུག་ཡོད།
- འཚང་ར་རྩིབས་མ་གཉིས་ཡོད།
- འཚང་ར་ཡི་རྩིབས་མ་གཉིས་ཀ་འཚང་རར་སྦྱར་ཡོད།
- གཉིས་ཀ་ལེབ་ལེབ་བྱས་ནས་བསྡད་ཡོད།
- འདི་ན་གཉིས་དང་འདི་ན་གཉིས་ཡོད།
- སྒུག་ལ་རྩིབས་མ་དྲུག་ཡོད།
- རྩིབས་མ་དྲུག་པོ་དེ།
- སྒལ་ཚིགས་གཏོར་ཡོད་པ་མ་རེད།
- འདི་ལྟར་བསྡད་ཡོད་པ་ལ་ང་ཚོས་སྒུག་ཟེར་བ་རེད།
- འབྲོག་པས་དེའི་མིང་ལ་འབྲོང་རུ་ཟེར།
- འཚང་ར་འདི་ལྟར་བཞག་སྟེ།
- སྒུག་འདི་ལ་སྐོར་ཏེ་འདི་ལྟར་འཇོག་དགོས།
- དེ་ལྟར་བཞག་སྟེ།
- སྐེ་ལ་ཁ་བཏགས་ཤིག་འཕངས་ནས་བཞག་ཡོད།
- དེ་གཞུག་ནས་ཚོགས་བསྐོར་དུས་དང་།
- དགྲ་ལྷ་བཀོད་དུས་དང་།
- དགྲ་སྒྲུབ་འདོན་དུས་མ་གཏོགས་ལས་པ་མ་རེད།
- སྔུན་ན་གོ་རེ་ཡི་སྡེར་ཁ་ཡོད།
- ད་སྐབས་ཡིན་ན་སིལ་ཏོག་སྣ་ཚོགས་ཡོད་པ་རེད།
- དེང་མ་དེ་འདྲ་ཡོད་པ་མ་རེད།
- གོ་རེ་རེད།
- གོ་རེ་རེད།
- དེའི་སྐབས་སུ་གོ་རེ་རེད།
- དེ་ཡིན་ན་ཁོའི་སྔུན་ན་དཀར་ཡོལ།
- གོང་སྐྱེས་ཀྱི་དཀར་ཡོལ་ཟེར་བ་ཞིག་ཡོད།
- དེའི་ནང་དུ་ཇ་འབུལ་ཕུལ་ནས་བཞག་ཡོད།
- དེའི་རྗེས་ནས་མག་གཅིག་གི་དཀར་ཡོལ་ཟེར་བ།
- ནང་དུ་ཆང་བཞག་ཡོད།
- དེ་མག་ལྭ་སྒྲིག་ན་དགྲ་ལྷ་བཀོད་དུས།
- དེའི་དཀར་ཡོལ་ནང་གི་དེ་མག་གཅིག་དཀར་ཡོལ་ཟེར་བ་རེད།
- ཡང་གོང་སྐྱེས་ཀྱི་དཀར་ཡོལ་ཟེར་བ་ཞིག
- གོང་སྐྱེས་ཀྱི་དཀར་ཡོལ་ཟེར་བ་དེའི་ནང་དུ།
- ཇ་ཞིག་ཕུལ་ནས་བཞག་ཡོད།
- དེ་གོང་སྐྱེས་ཀྱི་དཀར་ཡོལ་ཟེར་བ།
- ངས་དེ་ཤེས་བ་མ་རེད།
- གོང་སྐྱེས་ཀྱི་དཀར་ཡོལ་ཟེར་བ་ངས་མི་ཤེས་གི
- དོན་དངོས་ནས་ཡོད་པ་རེད།
- དེ་ང་ཚོས་དེ་ལྟར་བཞག་པ་རེད།
- ངེད་ཚོའི་རིང་ལ་ཡོད་པ་རེད།
- དཔོན་རང་ཉིད་ལ་འཐུང་བྱེད་ཀྱི་དཀར་ཡོལ་ཞིག
- མི་གཅིག་རེ་ལ་གཅིག་རེ་འགྲུལ་དཀར་ཟེར་བ་ཞིག
- གཅིག་རེ་གཅིག་རེ་གཏོང་དགོས་པ་རེད།
- དེའི་མིང་ལ་འགྲུལ་དཀར་ཟེར།
- གཅིག་ཡོད་པ་རེད།
- དེའི་སྟེང་ནས་དཀར་ཡོལ་འབབ་ཚུལ་དེ་རེད།
- དེང་མ་དཀར་ཡོལ་དཀའ་བས།
- དེ་རེད།
- དཀར་ཡོལ་དེ་དེང་མ་དཀའ་བས།
- འདི་ཁོ་ལ་དགོས་པ་རེད།
- ཁོ་ལ་དཀར་ཡོལ་བཞི་ཡོད།
- མཆོད་དཀར་ཞིག་དང་གོང་སྐྱེས་ཀྱི་དཀར་ཡོལ་ཞིག
- མག་གཅིག་གི་དཀར་ཡོལ་ཞིག
- ཁོའི་འགྲུལ་དཀར་ཞིག་བཅས་བཞི་ཡོད།
- བསོད་ནམས་སྐྱིད།ཁྱེར་ནས་འགྲོ་དགོས་པ་ཡིན་ནམ།
- འོད་སྲུང་།དེ་ཁོས་རུམ་ལ་བཅུག་ནས་ཁྱེར་འགྲོ།
- སྡེར་ཁ་འདི་ཏ་ལེན་ནང་དུ་བཏུས་ནས་ཁྱེར་འགྲོ་བ་རེད།
- དེ་ནས་སྒུག་ཟེར་བ་དེ་ཚོགས་བསྐོར་དུས་ཚོགས་ཤ་རེད།
- ཚོགས་བསྐོར་རྗེས།
- རྗེས་ནས་དགྲ་སྒྲུབ་འདོན་དུས་གོང་ནས་བཤད་པ་ལྟར།
- དཔུང་ཏི་བླངས་ནས་དགྲ་སྒྲུབ་འདོན་བྱེད་ཡིན།
- དགྲ་སྒྲུབ་འདོན་བྱེད་ཡིན།
- དེ་ན་སོག་པ་ཞིག་ཡོད་པ་རེད།
- སོག་པ་དེ་བླངས་ཏེ།
- བུ་མོ་ཚོར་ཚེ་གཡང་སྟེར་དུས།
- སྲིང་མོར་སོག་པ་དེ་།
- བསོད་ནམས་སྐྱིད།དེ་ཚང་མ་ཁོས་འདོན་དགོས་པ་ཡིན་ནམ།
- འོད་སྲུང་།འདོན་དགོས་པ་རེད།
- བསོད་ནམས་སྐྱིད།དགྲ་སྒྲུབ་ཀྱང་འདོན་དགོས་པ་ཡིན་ནམ།
- འོད་སྲུང་།འདོན་དགོས་པ་རེད།
- དགྲ་སྒྲུབ་འདོན་དགོས་པ་རེད།
- ཚེ་སྒྲུབ་ཡིན་ན་ཡང་འདོན་དགོས་པ་རེད།
- འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཞེས།
- ཚེ་སྒྲུབ་དེ་འདོན་དགོས་པ་རེད།
- གཡང་འབོད་བྱེད་དགོས་པ་རེད།
- བསོད་ནམས་སྐྱིད།རླུང་རྟ།
- འོད་སྲུང་།རླུང་རྟ་འདོན་དགོས་པ་རེད།
- བསོད་ནམས་སྐྱིད།ཁོའི་འགན་འཁུར་དེ་ཚང་མ་རེད་ལ།
- འོད་སྲུང་།ཁོའི་འགན་འཁུར་རེད།
- རླུང་རྟ་ཡིན་ན་ཡང་།
- རྟག་ཏུ་འཕྱོ་བའི་རླུང་རྟ་ཡར་ལ་སྐྱེད།
- སེང་ལྟར་ངར་བའི་རླུང་རྟ་ཡར་ལ་སྐྱེད།
- ཁྱུང་ལྟར་བཟང་བའི་རླུང་རྟ་ཡར་ལ་སྐྱེད་ཅེས།
- ཁོས་རླུང་རྟ་བཞི་བོ་སྡེབས་བཞི།
- གཅིག་རེ་གཅིག་རེ་བཏོན་ནས་དེ་ལྟར་བྱེད་དགོས།
- རླུང་རྟ་དེ་ལྟར་འདོན་དགོས།
- དེ་ནས་དགྲ་སྒྲུབ་ཡིན་ན་ཡང་དེ་ལྟར་རེད།
- དགྲ་སྒྲུབ་ཡིན་ན་ཡང་ངས་གོང་ནས་བཤད་པ་དེ་རེད།
- དཔུང་ཏི་ཡི་མིང་ལ་ཕུང་ཏི་ཟེར།
- དཔུང་ཏི་མིན་ནས་ཕུང་ཏི་ཡིན།
- ཕུང་ཏི་དགྲ་དཔུང་གཅོག་གཅོག་བྱོས་ཞེས་བཤད་དེ།
- རྐང་འདི་ཡང་བཅག་སྟེ།
- རྐང་ཟོས་ནས་ཁར་རེག
- ཚང་མར་ཟ་རུ་བཅུག
- དཔུང་ཏི་འདི་རུས་པ་ངན་པ་ཡིན་པས།
- ང་ཚོས་ཐ་ན་དེང་སང་དགྲ་སྒྲུབ་བཏོན་ན་ཡང་།
- དཔུང་བ་ཞིག་དགོས་པ་དེ་རེད།
- གཙོ་བོ་འདི་ལ་རྩ་དཔུང་དགོས་པ་རེད།
- དེ་མེད་ན་རང་བཞིན་གྱི་ང་ཚོས་དཔུང་བ་གཅོག་པའི་རྒྱུ་མཚན་དེ་ཡིན།
- དེ་ཡིན་ན་ད་དེ་རེད།
- བཤད་པ་རེད་ལ།
- བསོད་ནམས་སྐྱིད།སོག་པ།
- འོད་སྲུང་།སྲིང་མོར་སོག་པ་སྟེར་དགོས་པ་རེད།
- སྲིང་མོ་དེར་སོག་པ་སྟེར་དོན་ནི།
- སྲིང་མོ་དེ་ཡང་ཁྱིམ་ཚང་དེའི་ནང་ནས།
- ཕ་མ་ཡི་གམ་ནས་ར་ཅོ་སྐྱེས་སྐྱེས་བྱས་ནས།
- ཐབ་ཁུང་ཁ་དེ་ནས་ཡར་སྐྱེས་ནས་ཡོང་བ་ཡིན།
- སྐྱེས་ནས་ཡོང་ན།
- དཀར་ཐོག་དམར་ཐོག་ལ་འབོད་དགོས།
- ང་ཚོའི་བུ་མོ་ཚོ་དཀར་ཐོག་དམར་ཐོག་ལ།
- འབོད་པ་འདིའི་རྒྱུ་མཚན་ཅི་རེད་ཟེར་ན།
- རུས་དཔོན་གྱིས་གསུངས་པ་དེ་ཡིན།
- སོག་པ་མིན་པར་གསོག་པ་ཡིན།
- གསོག་གི་གསོག་གི་བུ་མོ་ཁྱོད་ལ་སྟེར་ཟེར།
- ཟས་ཀ་ར་བུ་རམ་ཅི་ཞིག་ཡོད་ན།
- ཟས་ཞིམ་པོ་ཡོད་ན་གསོག་ནས་བཞག་ཡོད།
- གསོག་ནས་བཞག་སྟེ་བུ་མོ་ཡུལ་ལ་ཡོང་དུས།
- བུ་མོར་སྟེར་དགོས་པའི་རྒྱུ་མཚན་དེ་རེད།
- བསོད་ནམས་སྐྱིད།རུས་དཔོན་གྱི་འགན་འཁུར་དེ་ཡིན་ནམ།
- འོད་སྲུང་།རུས་དཔོན་གྱིས་དེ་ལྟར་བྱས་ན།
- དེ་ནས་རུས་དཔོན་གྱི་འགན་འཁུར་ཅི་ཞིག་རེད་ཟེར་ན།
- རླུང་རྟ་འདོན་དགོས།
- དེ་ནས་དགྲ་ལྷ་བཀོད་དགོས།
- དགྲ་ལྷ་བཀོད་དགོས་ན་དགྲ་ལྷ་ཟེར་བ་ཅི་ལྟར་བཀོད་དགོས་ཟེར་ན།
- ཁྱེར་ཡོང་བ་ནི་ཨ་ཞང་ཚང་གིས་ཁྱེར་ཡོང་ན།
- བསྐོན་རྒྱུ་ཁོས་བསྐོན་དགོས་པ་རེད།
- དཔོན་གྱིས་བསྐོན་དགོས།
- རུས་དཔོན་གྱིས་བསྐོན་དགོས།
- རྟ་ལ་བསྐྱོན་ཏེ་གོས་བསྐོན་ནས།
- གོས་འཁོར་གསུམ་བཏགས།
- འདིའི་སྟེང་ནས།
- བསོད་ནམས་སྐྱིད།མག་པ་ལ་རུས་དཔོན་གྱིས་བསྐོན་པ་ཡིན་ནམ།
- འོད་སྲུང་།རུས་དཔོན་གྱིས་བསྐོན་དགོས་པ་རེད།
- རུས་དཔོན་གྱིས་དེ་ཚང་མ།
- རུས་དཔོན་གྱིས་སྔོན་ལ།
- ལག་པ་གཡས་ལ་མདའ་ཞིག་བཟུང་བ་དང་།
- ལག་པ་གཡོན་ལ་སྲབ་ཅིག་དེ་ལྟར།
- འདི་ལྟར་མར་ལ་ཕྱག་བཞིས་བཟུང་སྟེ།
- འདིའི་སྨད་ལ་སྲབ་ཅིག་བསྐོན་ནས།
- འདི་ལ་མདའ་ཞིག་བཟུང་སྟེ།
- རྟ་ལྕག
- ང་ཚོའི་རྟ་ལ་ལྕག་བྱེད་ཀྱི་རྟ་ལྕག་ཅིག་འདིར་བསྐོན་པ་དང་།
- རུས་པ་ཡི།
- ང་ཚོས་ཤ་ཟ་བྱེད་ཀྱི་རུས་པ་ཡི་ལྕག་ཅིག་འདི་ལྟར་བཟུང་སྟེ།
- དེ་ལྟར་བསྡད་ཡོད།