05 Aug 2019
12 min 11 sec
Audio Overview
Creators:
Tashi Gyel
བོད་ཀྱི་སྤྱིའི་གཉེན་གྱི་དར་ཚུལ་རགས་ཙམ་བཤད།
简要概述了藏族婚姻发展史。
This speech provides a brief introduction to the origin and development of Tibetan marriage traditions.
དང་པོ་ལྷ་ཀླུ་གཉིས་ཀྱི་གཉེན་དར་ཚུལ་དང་དེ་ནས་བོད་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱལ་བཟའ་ཀོང་ཇོ་གཉིས་གཉེན་སྒྲིག་ཚུལ། དེ་ནས་ད་དུང་ས་གནས་ཀྱི་གཉེན་དར་ཚུལ་སོགས་རགས་ཙམ་བཤད་ནས་བོད་ཀྱི་གཉེན་གྱི་དར་བ་རྣམ་གསུམ་བཤད་ཡོད།
首先,主要介绍了神与龙的婚姻发展史。其次,简述了藏王松赞干布与文成公主的婚礼。最后,简要介绍了藏族各个地方的婚姻发展史。
- འོད་སྲུང་།གཉེན་ཟེར་བ་འདི།
- དང་པོ་དགུང་སྔོན་གནམ་ལ་དར།
- དགུང་ཉི་ཟླ་གཉིས་ཀ་གཉེན་ཡིན་པ་རེད།
- སྨིན་དྲུག་ཁྲ་མོ་བག་མ་བཅོས་པ་རེད།
- སྲུ་མོ་སྐེ་འཁྱོག་བག་རྟ་བཅོས་པ་རེད།
- བ་སེང་དཀར་མོ་བར་བ་བཅོས་པ་རེད།
- བ་སེང་ཞེས་པ་སྐར་མ་བ་སེང་རེད།
- ཨ་བརྟན་རྒྱལ་པོ་འགྲུལ་འགོར་བཞུགས་པ་རེད།
- སྐར་མ་ཨ་བརྟན་རྒྱལ་པོ་རེད།
- དམར་ཟླུམ་མཚོ་མོས་གཡས་ནས་སྐྱེལ་བ་ཡིན།
- ཨ་བརྟན་རྒྱལ་པོའི་གཡས་ན་ཡོད་པ་རེད།
- དམར་ཟླུམ་མཚོ་མོས་གཡོན་ནས།
- དམར་ཟླུམ་མཚོ་མོས་གཡས་ནས་སྐྱེལ་བ་རེད།
- ལག་སོ་ཁྲ་མོས་གཡོན་ནས་སྐྱེལ་བ་རེད།
- ལག་སོ་ཁྲ་མོ་དེ་ཡང་སྐར་མ་དམར་ཟླུམ་དང་འདྲ་བར།
- དེ་འདྲ་ཞིག་ཡོད་པ་གཡོན་ན་ཡོད།
- དམར་ཟླུམ་གཡོན་ན་ཡོད།
- ལག་སོ་གཡས་ན་ཡོད།
- དཀར་ཚོགས་མང་པོས་མཐའ་ནས་བསྐོར།
- ཨ་བརྟན་རྒྱལ་པོར།
- སྤྲིན་དཀར་དམར་གཉིས་ཀྱི་འབབ་སྟན་ཞིག་བཏིང་།
- དེ་ནས་འཇའ་ཚོན་སྣ་ལྔའི་སྐེ་རགས་ཞིག་བཅིང་།
- དེ་ནས་ལྷོ་གཡུ་འབྲུག་སྔོན་མོས་རྫོངས་པ་བྱིན།
- ལྷོ་གཡུ་འབྲུག་སྔོན་མོས་བསུ་བ་བྱས།
- སྦྲང་ཆར་བསིལ་མའི་རྫོངས་པ་བྱིན།
- རྫོངས་པ་བྱིན་པའི།
- སྦྲང་ཆར་བསིལ་མའི་རྫོངས་པ་བྱིན་པའི།
- དམིགས་ཡུལ་དེ་ཅི་རེད་ཟེར་ན།
- ནམ་མཁའ་ནས་དངོས་གྲུབ་ཐམས་ཅད་ས་གཞིར་གནང་བ་འདིའི་སྟེང་ནས།
- སྦྲང་ཆར་བསིལ་མའི་རྫོངས་པ་བྱིན་པའི།
- རྒྱུ་མཚན་དང་དམིགས་ཡུལ་དེ་རེད།
- དེའི་རྗེས་ནས་གཉེན་གཉིས་པ་དབུས་གཙང་ཡུལ་ནས་དར།
- རྒྱལ་བོ་སྲོང་བཙན་སྒམ་པོས་བཙུན་མོ་བཞེས་པ་རེད།
- བློན་ཆེན་མགར་དམ་པ་བར་བ་བཅོས།
- བློན་ཆེན་མགར་དམ་པས་བློ་ཐབས་སྣ་ཚོགས་ཀྱི་སྒོ་ནས།
- རྒྱ་བཟའ་ཀོང་ཇོ་ཚུར་བླངས།
- བླངས་ནས་རྒྱལ་པོ་གོང་མ་རྒྱལ་པོ།
- རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ།
- གོང་མ་རྒྱལ་པོས་རྒྱ་བཟའ་ཀོང་ཇོའི་རྫོངས་པ་ལ།
- ཇོ་བོ་ཤཱཀྱ་མུ་ནེ་བྱིན།
- ཇོ་བོ་ཤཱཀྱ་མུ་ནེ་བྱིན་པས་དམིགས་ཡུལ་ཅི་རེད་ཟེར་ན།
- བོད་ཁ་བ་ཅན་གྱི་གཟུངས་བསྔགས་མ་ཎི་ཡི་གེ་དྲུག་མ་འདི།
- ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བའི་ཆེད་དུ།
- གཟུངས་བསྔགས་ཡི་གེ་དྲུག་མ་དེ་ལྟར་གནང་བ་རེད།
- གནང་དོན་དེ་རེད།
- དེ་ནས་གསེར་ནག་གི་ཉི་ཟླ་ཁ་སྤྲོད་ཞིག་གི་རྫོངས་པ་བྱིན།
- དེ་ནས་དེའི་སྟེང་ནས།
- མག་གཉིས་བྱེ་བ་དུང་ཕྱུར་གྱིས་མཐའ་ནས་བསྐོར།
- ས་བཅད་ས་བཅད་ཀྱི་ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱིས།
- དྲི་སྐོལ(བསུ་ཆང)་བརྒྱ་དང་བཅུ་གསུམ་བྱིན།
- དེའི་འཕྲོ་ནས་ས་ཕར་ལོག་ཚུར་ལོག་གི་ཉི་ཟླའི་གོང་ཁ་ནས།
- ས་བཅུ་བ་ཐོབ་པའི་སངས་རྒྱས་ཨ་མྱེས་དམར་ཆེན་གྱིས།
- མཚོ་ཨ་མ་ཁྲི་ཤོར་རྒྱལ་མོའི་འབབ་སྟན་བཏིང་།
- འབབ་སྟན་ཟེར་བ་དེ་ནས་དར་བ་རེད།
- དེའི་འཕྲོ་ནས་ནས་རྒྱ་བཟའ་ཡི་སྐུ་ངལ་གསོས་ནས།
- སྐུ་ངལ་ཉིན་བཅོ་བརྒྱད་ལ་གསོས་ནས།
- རྒྱ་བཟའ་དང་བློན་ཆེན་མགར་དམ་པ་གཉིས།
- བློན་ཆེན་མགར་དམ་པ་བློ་རིག་རྒོད་པ་རེད།
- ངེད་གཉིས་ཀྱིས་བལྟ།
- གོང་མ་རྒྱལ་པོ་ཡིས་ཁྱོད་ལ་རྫོངས་པ་འདི་འདྲའི།
- གསེར་ནག་གི་ཉི་ཟླ་ཁ་སྤྲོད་ཅིག་བྱིན་ཡོད།
- བྱིན་ཡོད་ན་ངེད་གཉིས་ཀྱིས་བལྟ་ཟེར་ནས།
- ཁོས་སྔོན་ལ་གསེར་ནག་གི་ཉི་ཟླ་ཁ་སྤྲོད་བདག་གཉེར་བྱས་ནས།
- ཤུལ་ནས་རྡོ་ཡི་ཉི་ཟླ་གཉིས་བཟོས་ཏེ།
- མཚུངས་པ་གཉིས་བཟོས་ཏེ།
- སྟེང་དུ་གསེར་བཏིང་ནས།
- བལྟས་ན་འཆུག་འགྲོ་བ་དེ་འདྲ་གཉིས་བཟོས་ཏེ།
- རྣམ་པ་གཉིས་ཀྱིས་བལྟས་པ་རེད།
- བལྟས་ན་གསེར་ངོ་མ་མ་རེད་རྡོ་རེད།
- རྡོ་ཡིན་པས་རྒྱ་བཟའ་ཐུགས་ཁྲོས་ནས།
- དེ་མགར་དམ་པ་ཡི་བློ་རིག་གི་སྟེང་ནས།
- རྒྱ་བཟའ་ཡིས་ཕྱག་ཡུལ་བརྗེད་དུ་འཇུག་རྒྱུ་ཞེས།
- མི་དྲན་པའི་ཆེད་དུ།
- རྡོ་དེ་བརྗེ་བ་དེའི་ཆེད་དུ་ཡིན།
- རྒྱ་བཟའ་ཡིས་ཕྱིར་ཡུལ་མི་དྲན་པ།
- དེ་ཡིན་ན་རྡོ་དེ་གཉིས་ད་ལྟ།
- གཅིག་ཚུར་འགྲིལ་བ་དང་།
- གཅིག་ཡར་འགྲིལ་བ་རེད།
- མར་འགྲིལ་བ་དེ་ད་བར་སྟོང་སྐོར་ཁོག་ན་ཁྱིམ་ཚང་ཞིག་ན་ཡོད་ཟེར།
- ངས་མཐོང་མ་མྱོང་།
- མ་མཐོང་ཡང་གཅིག་སྟོང་སྐོར་ན་ཡོད་ཟེར།
- གཅིག་ཡར་ལ་འགྲིལ་སོང་།
- མཚོ་ཨ་མ་ཁྲི་ཤོར་རྒྱལ་མོའི་འབབ་སྟན་བཏིང་བ།
- འབབ་སྟན་ཉི་ཤུ་རྩ་ལྔ་རེད།
- འདིའི་སྟེང་ནས་དབུས་གཙང་ལ་ཕེབས།
- དབུས་གཙང་ལ་ཕེབས།
- བློན་ཆེན་མགར་དམ་པས།
- ཡར་སོང་ནས་རྒྱལ་བོ་སྲོང་བཙན་སྒམ་པོར།
- ཁྱེད་ཚང་གི་བཙུན་མོར་ཤངས་མི་བཞུགས་གི་ཟེར།
- ཤངས་མི་བཞུགས་གི་ཟེར་ན་ཤངས་དེ་སྣ་རེད།
- སྣ་མེད་གི་ཟེར།
- དེ་ལྟར་བཤད་ནས་རྒྱ་བཟའ་ཁྱེད་ཀྱིས་སྣ་ཕུ་རུང་བྱས་ནས་སྡོད་ཟེར།
- དེའི་བཀོད་པ་འཐེན།
- འབྲོག་པ་ཡིན་ན་ཚུལ་རེད།
- ང་ཚོའི་སྣ་ཕུ་རུང་བྱས་ནས་ཟེར།
- དེ་ནས་ཡར་སོང་ནས་རྒྱལ་པོ་སྲོང་བཙན་སྒམ་པོར།
- བཙུན་མོར་ཤངས་མི་བཞུགས་གི་ཞེས་བཤད་པ་དང་།
- རྒྱ་བཟའ་ཚང་ལ།
- རྒྱལ་པོ་སྲོང་བཙན་སྒམ་པོར་གསེར་དྲི་བྲོ་བ་རེད་ཟེར།
- གཉིས་ཀ་མྱུར་དུ་མི་འཕྲད་པའི་ཆེད་དུ།
- མགར་དམ་པས་བློ་རིག་གིས་དེ་ལྟར་བྱས།
- དེ་ནས་གཉེན་གཉིས་པ་དབུས་གཙང་ཡུལ་ནས་དར་བ་དང་།
- རྒྱལ་བོ་སྲོང་བཙན་སྒམ་པོས་བཙུན་མོ་ཞུས་པ་དང་།
- ཇོ་བོ་ཤཱཀྱ་མུ་ནེ་རྫོངས་པ་བྱིན་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- དེའི་འཕྲོ་ནས་གཉེན་གསུམ་པ་གུ་རྒྱལ་བོད་ནས་དར།
- གུ་རྒྱལ་བོད་ནས་དར་ན།
- བདག་ཞང་བཟན་གཉིས་ཀ་གཉེན་སྒྲིག་པ་རེད།
- གཉེན་སྒྲིག་ན་བར་བ།
- བར་བ་གཡང་འཁོར་བཀྲ་ཤིས་དོན་འགྲུབ་སློང་དུ་སོང་།
- སློང་དུ་མ་སོང་སྔོན་ན་ཅི་རེད་ཟེར་ན།
- ཚང་མས་གྲོས་བྱས་ནས།
- ཕ་ངོ་གྱེན་གྱེན་དང་མ་མོ་ཐུར་ཐུར་བྱས་ནས་གྲོས་བྱས།
- ལག་མཐིལ་ལ་ནས་བརྡལ་ནས།
- འདིའི་སྟེང་ནས་སྟོད་ཀྱི་བླ་མར་ལུང་བསྟན་ཞུས།
- འདིའི་སྟེང་ནས་བུ་མོ་གསེར་བཟང་མ་ལ་བབས་པ་རེད།
- དེ་ནས་སྨད་ཀྱི་རྒྱ་ནག་ཆུ་རྩིས་དེད་ན།
- ཡང་བུ་མོ་གསེར་བཟང་མ་འདིར་བབས་པ་རེད།
- ཡུལ་གྱི་ཨ་ཕ་ཨ་ཁུ་ཡིས་གྲོས་བྱས་ན།
- ཡང་བུ་མོ་གསེར་བཟང་མ་འདིར་བབས་པ་རེད།
- དེ་ནས་འཆུག་པ་ནོར་བ་མེད་ཟེར་ནས་སློང་དུ་སོང་།
- སློང་དུ་འགྲོ་དུས་བར་བ་བཀྲ་ཤིས་དོན་འགྲུབ་ཀྱིས།
- རྟ་དཀར་པོ་ཁ་ལོ་མེད་པ་ཞིག་ཁྲིད་ནས།
- གོས་དཀར་པོ་ཁ་རྟེའུ་ཡོད་པ་ཞིག་ཁྲིད་ནས།
- གསེར་གྱི་དེ་བོ་ཞིག་ཁྱེར།
- དངུལ་གྱི་དེ་མོ་ཞིག་ཁྱེར།
- གོས་དཀར་པོ་འདོམ་པ་བཅོ་བརྒྱད་ཁྱེར་ནས་སོང་།
- སོང་དུས་ཨ་ཞང་བསོད་ནམས་རིན་ཆེན་གྱི་མདུན་ནས།
- གསེར་གྱི་ཡ་བཞག་མགོར་འཁུར་ན།
- གོམ་གསུམ་སྤོས་ན་ཉྭ་འདར་བ་རེད།
- ཚིག་གསུམ་ཞུས་རྒྱུ་ཟེར་ན།
- ཚིག་གསུམ་བཤད་ན་སྐད་འདར།
- འདིའི་སྟེང་ནས་པུས་མོ་ས་ལ་བཙུགས་ནས་བསྡད་དེ།
- བཀྲ་ཤིས་དོན་འགྲུབ་ཀྱིས་རྒྱལ་པོ་ལ།
- དཔོན་པོ་བསོད་ནམས་རིན་ཆེན་ལ་འདི་ལྟར་ཞུས།
- འདི་ལྟར་ཞུས་ན་འདིའི་སྟེང་ནས།
- ཁྱེད་ཚང་གིས་རྒྱ་མཚོ་སྟེང་གི་ཡིད་བཞིན་ནོར་བུ།
- བུ་མོ་གསེར་མཚོ་མ་ཁོ་སློང་དུ་ཡོང་བ་ཡིན་ཟེར།
- ཡོང་ན་འདི་ཅི་རེད་ཟེར་ན།
- ཁྱེད་ཚང་ཡུལ་འདིའི་བསོད་ནམས་ཅན།
- འདི་ཡིན་པའི་སྟེང་འདི་ནས།
- ཆོས་དཀར་པོ་བསྟན་པ་དར་ས།
- སྟག་ཤར་བའི་དཔའ་རྩལ་འཛོམས་ས།
- མ་བུ་མོའི་ལང་ཚོ་རྒྱས་ས།
- རྟ་མདོ་བའི་གོམ་ལག་འཛོམས་ས།
- འབྲི་ཐུ་མའི་ནུ་ཁ་ཡངས་ས།
- གཡང་ལུག་དཀར་བལ་ཁ་འཇམ་ས།
- འདིའི་སྟེང་ནས་རྫོང་བསོད་ནམས་ཅན་འདིའི་ནང་ན།
- ཁྱེད་ཚང་བཞུགས་ཡོད་པ།
- འདིའི་སྟེང་ནས་ཁྱེད་ཚང་གི་བུ་མོ་འདི།
- ཨ་ནེ་གོང་མ་རྒྱལ་མོའི་ལྷ་རྒྱུད་ཡིན་པ།
- ཁྱེད་ཚང་མི་རྒྱུད་ཅན་གྱི་མི་རྒྱུད་ཡིན་པ།
- གོས་དར་དཀར་ཅན་གྱི་ལྷ་རྒྱུད་ཡིན་པ།
- དར་དམར་ཅན་གྱི་སྔགས་རྒྱུད་ཡིན་པ།
- དར་ནག་ཅན་གྱི་དཔོན་རྒྱུད་ཡིན་པ།
- དེའི་མི་ཚད།
- དར་ནག་ཅན་གྱི་དཔོན་རྒྱུད་ཡིན་པ།
- འདིའི་སྟེང་ནས་དཔོན་པོ་བསོད་ནམས་རིན་ཆེན་ཁྱེད།
- མི་རྒྱུད་དེད་ན་གངས་དཀར་ཏེ་སེ་ཡིན་པ།
- མ་རྒྱུད་དེད་ན་མ་ཕམ་གཡུ་མཚོ་ཡིན་པ།
- འདིའི་སྟེང་ནས།
- མར་ལ་ལྡིང་བ་ཨེ་རེད།
- བསོད་ནམས་སྐྱིད།དེ་རེད།
- དེ་ནས་བུ་མོ་བྱིན་པ་རེད།
- འོད་སྲུང་།མ་རེད།
- བསོད་ནམས་སྐྱིད།སློང་དུ་སོང་ནས།
- འོད་སྲུང་།བུ་མོ་སློང་དུ་སོང་བ་རེད་ལ།
- འདིའི་སྟེང་ནས་འདི་ལྟར་སོང་ན།
- དཔོན་པོ་བསོད་ནམས་རིན་ཆེན་གྱིས་བུ་མོ་བྱིན་པ་རེད།
- བྱིན་དུས་ཅི་ལྟར་བྱིན་ཟེར་ན།
- དེ་རིང་ནམ་འགོ་ལངས་ཚུལ་ཡག་གི
- དེ་རིང་བྱ་ཡི་གྲགས་ཚུལ་ཡག་གི
- དེ་རིང་ཉི་རྩེ་ཤར་ཚུལ་ཡག་གི
- དེ་རིང་མགྲོན་པོ་ཡོང་ཚུལ་ཡག་གི
- དེ་ལྟར་ཡིན་ན་ཁོའི་གཅེས་ཕྲུག་མ་འདི་ཅི་རེད་ཟེར་ན།
- སྟོད་བྱ་རྒྱལ་ཁྱུང་གི་སྒོ་ང་འདྲ་བ་ཞིག་ཡིན།
- དེ་ནས་ལྷོ་གཡུ་འབྲུག་སྔོན་མའི་གཡུ་སྒོང་འདྲ་བ་ཞིག་ཡིན།
- དེ་ནས་སྟོད་སེང་གེ་དཀར་མོའི་དུང་སྒོང་འདྲ་བ་ཞིག་ཡིན།
- ཁོའི་བུ་མོ་གཅེས་ཕྲུག་མ་འདི།
- སྟོད་མངའ་རུས་སྐོར་གསུམ་ནས་སློང་དུ་ཡོང་བ་ཡིན་ཟེར།
- འདིར་ཁོས་མ་བྱིན་པ་རེད།
- དེ་ནས་བར་དབུས་གཙང་རུ་བཞི་ནས་ཡོང་བ་ཡིན།
- འདིར་ཁོས་མ་བྱིན་པ་རེད།