Skip to main content Skip to search
12 Nov 2015
3 min 40 sec
Video Overview
Creators: 
Duptho , Chimi Wangmo

༉ བཀྲ་ཤིས་གཡང་རྩེ་ཕྱེ་མ་ལས་ སྐུ་དྲུང་གིས་གཏང་མི་གླུ་དང་འདྲེས་མའི་སྲུང་འདི་གིས་ བུཚ་ས་རིསམོ་གཅིག་ལུ་ བུམོ་གསུམ་གྱིས་གབ་ཐོབ་རྐྱབ་སྟེ་ གཅིག་གདམ་པ་ཅིན་ གཅིག་སེམས་གསད་ནི་མས་ཟེར་ ག་གདམ་ཁ་རྐྱབ་ན་མ་ཤེས་པར་ གླུ་གི་ཐོག་ལས་འབད་དེ་ ཁོ་རྒྱ་ནག་སོང་བའི་ལམ་ཁ་ལུ་ ཤིང་དྲི་མ་མེད་པའི་དབའེ་ཨ་གུར་ཤིང་། །ཤིང་རྩ་བ་གཅིག་ལས་རྩེ་མོ་གསུམ། །རྩེ་མོ་གསུམ་གྱི་རྩེ་ལུ་བྱ་གསུམ་འདུག །བྱ་གཅིག་རྨ་བྱ་རྒྱ་གར་ཨ་མ་མས། །བྱ་གཅིག་བོད་ཀྱི་འཁྲུང་འཁྲུང་དཀར་མོ་མས། །བྱ་གཅིག་བུམ་ཐང་ཁུ་ལེ་སྔོན་མོ་མས། །རྨ་བྱ་གིས་འབད་བ་ཅིན་ ཟས་ཀྱི་བསྟན་པ་དར་ནི་ཨིན་ ང་དང་གཅིག་ཁ་རང་སྡོད་དགོ་ཟེརཝ་མས། འཁྲུང་འཁྲུང་དཀརམོ་གིསན་ ཆོས་ཀྱི་བསྟན་པ་དར་ནི་ཨིན་ ང་དང་གཅིག་ཁ་རང་སྡོད་དགོ་ཟེརཝ་མས། ཁུ་ལེ་སྔོནམོ་གིསན་ གནས་ལེ་ཤ་ཡོདཔ་ལས་ ད་ལྟོ་གནས་བསྐོར་རྐྱབ་པ་ཅིན་ད་ལྟ་རང་ སངས་རྒྱས་ནི་གི་གོ་སྐབས་ཡོད་ ང་དང་གཅིག་ཁ་རང་སྡོད་དགོ་ཟེརཝ་མས། དེ་བ་འདི་ ང་འཕུར་འགྱོ་གེ་ཟེར་ ནམ་མཁའ་ལུ་འཕུར་ཡར་སོངཔ་ཨིན་པས། འདི་གི་བཅུད་དོན་འདི་ སྐལ་བ་ཅན་གྱིས་མ་གཏོགས། །རེ་བ་ཅན་གྱིས་མི་ཐོབ། །ཟེར་བའི་དཔེ་བཟུམ་སྦེ་ ག་དེམ་ཅིག་རེ་བ་བསྐྱེད་རུང་ གནམ་བསྐོས་མེད་པ་ཅིན་ རང་གི་སེམས་ཁ་འབབ་མི་འདི་མི་ཐོབ་པའི་ཁར་ མཐའན་མཇུག་ལུ་ རང་སེམས་ཕམ་པའི་གཞི་ཅིག་ལས་མེདཔ་སྦེ་སྟོནམ་ཨིན་པས།

 

Kudrung from Chema in Trashiyangtse narrates “The Story of a Handsome Boy.” The story is mainly about a handsome boy who was loved by three beautiful women from India, Tibet, and Bumthang. Later, as the women gave him reasons to marry them, he cannot choose between them and flies away. 

 

Transcript search
No results found for this search
0 of 0
  • སྐུ་དྲུང་ Kudrung
    ལགས་སོ། ཏེ་ད་ ད་རུང་གཅིག་འདི་ ཏེ་ནཱ་འཛམ་གླིང་ནང་ར་ ང་བཅས་ཀྱི་ ནཱ་ལུ་ ཨ་ནཱ་ ཕོ་རྒས་གསར་རིསམོ་གཅིག་ སྡོད་སྡོདཔ་མས། དེ་ལས་ བུམོ་ག་ར་གིས་ ཁོ་ལུ་ ཨ་ཙི་རེ་ སེམས་ཤོར་དོ་ཡོདཔ་མས། སེམས་ལུ་བབས་དོ་ཡོདཔ་མས་ཏེ། ཏེ་ ཁོ་གིས་ ཞབས་སྦྲོ་འཐེན་འཐེནམ་མས། བུམོ་གིས་ སེམས་ཤོར་ཤོརཝ་མས།
    Ok! again one is that in this world there is one handsome man who was attracted by all the women and girls of the village, he even sing a song and all the girls were falling for him.
  • སྐུ་དྲུང་ Kudrung
    དེ་ལས་ ཁོ་གིས་ བུམོ་གཅིག་གིས་ཡང་ མོ་དང་སྡོད་ནི་གི་ རེ་བ་ཡོདཔ་མས། ད་རུང་ བུམོ་གཅིག་གིས་ཡང་ མོ་དང་སྡོད་དགོ་ཟེར་ རེ་བ་ཡོདཔ་མས། ད་རུང་ཡང་ བུམོ་གཅིག་གིས་ མོ་དང་སྡོད་དགོ་ཟེར་ རེ་བ་ཡོདཔ་མས། དེ་ལས་ཏེ་ ཁོ་གིས་ ཞབས་སྦྲོ་འཐེན་འཐེནམ་མས། ཡ་ རྒྱ་ནག་སོང་ཚེ་ལམ་ཁར་ལུ། །རྒྱ་ནག་སོང་ཚེ་ལམ་ཁར་ལུ། །ཡ་དབའི་ ཤིང་གྲིབ་ཤིང་མེད་པ་དབའི་ཨ་གུར་ཤིང་། །ཟེར་ ཞབས་སྦྲོ་འཐེན་འཐེནམ་མས་ ཁོ་གིས།
    all the girls were thinking that he will stay with them, every girl got a desire with him. Then he sang a song "on the way to tibet, its not the defilement tree but its aloe tree"
  • སྐུ་དྲུང་ Kudrung
    ཤིང་གྲིབ་་ཤིང་མེན་པར་ ཤིང་བཟང་པོ་ཅིག་ཨིན་ང་ཟེར་ ཁོ་གིས་ ལོ་རྒྱུས་སླབ་སླབ་མས། ཨ་གུར་ཤིང་ཅིག་ཨིན་ཟེར་ སླབ་ད་ ཨ་གུར་ཤིང་གི་རྩ་བ་གཅིག་གི་རྩེ་མོ་དུ། །ཟེརཝ་ད་ ཤིང་རྩ་བ་གཅིག་ཨིན་རུང་ རྩེ་མོ་གསུམ་ཡོད་ཟེར་ སླབ་ནུག། རྩེ་མོ་གསུམ་གྱི་མགུ་ལུ་ བྱ་གསུམ་འདུག་ཟེར་ སླབ་སླབ་མས་ ཁོ་གིས། མདངས་སྦེ་མ་སླབ་རུང་ རྩེ་མོ་གསུམ་གྱི་མགུ་གུ་ བྱ་གསུམ་འདུག་ཟེར་སླབ་སླབ་མས།
    I am not the defliement tree but i am a good tree, an aloe tree got root with three head, said the handsome man, on the three head there is three bird he didnt sing with the tune.
  • སྐུ་དྲུང་ Kudrung
    བྱ་གཅིག་འདི་ རྒྱ་གི་རྨ་བྱ་ཨ་མ་ཟེར་ སླབ་ཨིན་ཟེར་སླབ་ནུག། རྒྱ་གི་རྨ་བྱ་ཨ་མ་ཨིན་མས་ཟེར། བྱ་གཅིག་འདི་ བོད་ཀྱི་ཁྲུང་ཁྲུང་དཀར་མོ་ ཨིན་མས་ཟེར་ སླབ་སླབ་མས། བྱ་གཅིག་འདི་ བུམ་ཐང་གི་ཁུ་བྱུག་སྔོན་མོ་ཨིན་མས་ཟེར་ སླབ་ནུག ཏེ་རྒྱ་གི་རྨ་བྱ་ཨ་མ་གིས་ ཟས་ཀྱི་བསྟན་པ། ཟས་ད་ལྟོ་ རྒྱ་ལས་འཐོན་མས་ ག་ཅི་ར་ལ། ཟས་ཀྱི་བསྟན་པ་ གནམ་མེད་ས་མེད་ཀྱི་ མ་བཏུབ་བཏུབ་སྦེ་ མར་ལུ་ཡོད། ཁྱོད་ང་དང་ཅིག་ཁ་ར་ འཆམ་དྲག་འོང་ཟེར་ མོ་གིས་ སླབ་མས་ཟེར། རྒྱ་གིས་ ཨ་མ་གིས་ རྨབྱ་ཨ་མ་གྱིས་ ང་ཟས་ཀྱི་བསྟན་པ་མར་ཡོད། མོ་དང་ཅིག་ཁར་ར་ འགྱོ་གེ་ཟེརཝ་མས་ཟེར།
    There are three bird, One bird is peacork from india. other one is tibet's black nacked crane and the last one is Bumthang's cuckoo bird. The indian peacork said I am god of food (these days we get all food items from india) so you better stay with me said the peacork to the handsome man, Let's stay with me said the peacork.
  • སྐུ་དྲུང་ Kudrung
    བོད་ཀྱི་ཁྲུང་ཁྲུང་དཀར་མོ་གིས་ ཟས་འདི་ག་ཏེ་ལས་ཡང་ཐོབ། ཆོས་ཀྱི་བསྟན་པ་ བོད་ལུ་དར་ཏེ་ཡོད་སྦ་ལགས། ཏེ་ཆོས་ཀྱི་བསྟན་པ་ ཡར་ལུ་དར་ཏེ་ཡོདཔ་ཨིན། ཁྱོད་ཆོས་མི་འབད་ག? ཁྱོད་ཆོས་འབད་བ་ཅིན་དྲག་འོང་ཟེར། ཏེ་ང་དང་འགྱོ་བ་ཅིན་ ཆོས་ཐོབ་ནི་ཨིན་ཟེར་ ཆོས་ཀྱི་བསྟན་པ་དར་ནི་ཨིན་ཟེར་ སླབ་མས་ཟེར། ཏེ་མོ་གིས་ཡང་ ལེགས་ཤོམ་ཨིན་པས་ཟེར།
    Then the tibet's black nacked crane said, food we can get anywhere but dharma is at tibet we can practise dharma and tibet is fully flourish with dharma, You don't like dharma? it's better to practise dharma so you better stay with me.
  • སྐུ་དྲུང་ Kudrung
    ཏེ་འ་ནཱེ་སྦེ་སྡོདཔ་ད་ལུ་ར་ བུམ་ཐང་ཁུ་བྱུག་སྔོན་མོ་ ཨམ་སྲུ་གིས་ ད་ལྟོ་གི་ ཁོང་གཉིས་ཀྱི་འདི་ ཆོས་འབད་དེ་ དཀའ་བ་སྤྱད་པ་ཅིན་རྐྱངམ་ཅིག་ཨིན་པས། ང་ད་ལྟོ་ གནས་བསྐོར་འབདཝ་ད་ལུ་ ད་ལྟོ་ར་ སངས་རྒྱས་ནི་གིས་ཡོད། ང་གིས་ གནས་སྦོམ་ཡོད། ཐིམ་ཕུག་ཧོངས་ལས་ གནས་སྦོམ་ ད་ལྟོ་ སངས་རྒྱས་ནི་ཡོད་ཟེར་ སླབ་ད་ དེ་ལས་ སྤྲང་ཅུང་ང་ལ་རེ་འཁྱམས་དོ། ། ཟེར་ག་ཏེ་འགྱོ་ནི་ཨིན་ན་ང་ཟེར།
    When they were staying Bumthang's Cuckoo bird said they both will make you struggle but you can enlightlement with me because there is more sacred places at my place from the thimphu side all the lord Buddha's sacred places are here at bumthang. Then where should i go? said the handsome man
  • སྐུ་དྲུང་ Kudrung
    ང་གཤོག་སྒྲོ་གཡས་པ་ཡར་ཡར་འཕྱར། །གཤོག་སྒྲོ་གཡོན་པ་སྨད་ཅིག་འཕྱར། །གནམ་སྤྲིན་སྟེང་མཚམས་གྱི་ཕྱོགས་ལས་ལོག་བལྟ་ཚེ། །ཟེར་ ང་མརའ་ཕུར་ཟེར་ཚེ་ འཕུར་དགོ་པས། ། ཟེར་ང་ཁྱ་རྒོད་མེན། ང་ཁ་བས་མ་ཤི་ན། །དེ་ལས་ བུམོ་གསུམ་ཚད་པའི་མ་ལང་ན། །དུས་ལན་ཅིག་འཛོམས་པའི་སྨོད་ལམ་ཨིན། །ཟེར་ ཁོ་གིས་འཕུར་སོང་ནུག ཨ་ནཱེ་སྦེ་ གཉིས་གསུམ་གྱི་ར་མ་ཐོབ་པས་ལགས། ཧ་ཧ་ཧ།
    my right wings rise high up, my left wings rise down. when i look from the sky, i Have to fly south when i have to go, I am not an eagle I can't fly where ever i want and he fly away so, the girls did't get the handsome man. (Hahaha)