Skip to main content Skip to search
27 Aug 2015
3 min 17 sec
Video Overview
Creators: 
Sherig Dentshog, Sangay Choki

༉ ཤར་ལ་ཧ་ལས་མི་ཤར་ཧ་ལས་ཤར། ཟེར་མི་གླུ་གཞས་འདི་ མི་ལེ་ཤ་གིས་འཐེན་ནི་ཡོད་ ཨིན་རུང་ རང་རང་སོ་སོའི་དབུགས་རིང་ཐུང་དང་འཁྲུལ་སྐད་ལུ་བརྟེན་ཏེ་ གདངས་དབྱངས་ལུ་ཡང་ ཧན་མི་ཧན་གྱི་ཁྱད་པར་ལེ་ཤ་ཆགསཔ་ཨིན་མས། ད་ལྟོ་ པདྨ་དགའ་ཚལ་ ཤུ་མར་ལས་ རྣལ་འབྱོར་དབང་མོ་གིས་ཡང་ ག་ནི་བ་ཧན་ཏོང་ཏོ་འབད་འཐེན་པའི་ཁ་ལུ་ ཚིག་ཚུ་ཡང་མ་འཛོལཝ་ ག་ཨིནམ་སྦེ་འཐེན་ནི་འདུག གླུ་གཞས་འདི་གི་བརྗོད་དོན་བཟུམ་ཅིག་འབད་བ་ཅིན་ འཇིག་རྟེན་ནང་གི་ཆོས་ག་ར་ གཅིག་ལུ་བརྟེན་ཏེ་གཅིག་ འབྱུང་བའི་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་ཅིག་ཨིན་ ཟེར་བའི་དོན་སྟོནམ་ཨིན་མས།

 

Neyjur Wangmo from Shumar sings "Sharla Haley Mishar," a bodra song.  This is one of the most popular and common songs performed in Bhutan.

 

Transcript search
No results found for this search
0 of 0
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ཤར་ལ་ནི་ཧ་ལས་མི་ཤར་ཧ་ལས་ཤར་ལ། །
    The rise of it cannot be surprise rising, if it is a surprise rising.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ཤར་ལ་ནི་ཧ་ལས་ཁྲི་གདུགས་ཉི་མ། །
    It is surprise rising of the sun.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    བཞུགས་ལ་ཤར་ལ་ནི་ཧ་ལས་ཁྲི་གདུགས་ཉི་མ། །
    Live the surprise rising sun.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ཤར་ལ་ནི་ཧ་ལས་ཁྲི་གདུགས་མ་ཤར་ནང་ལ། །
    If not rise the surprise rising sun.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ནུབ་ཀྱི་ལ་གངས་རི་དཀར་པོ་བཞུ་རྒྱུ། །
    There live a white mountain to be cause in the west.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ནི་ལ་ནུབ་ཀྱི་ལ་གངས་རི་དཀར་པོ་བཞུ་རྒྱུ། །
    There live a white mountain to be cause in the west.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ནུབ་ཀྱི་ལ་གངས་རི་དཀར་པོ་མ་འཁྲུངས་ནང་ལ། །
    If there is no white mountain born in the west.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    མཚོ་ལ་ནི་མར་མར་ཡུམ་མཚོ་འཁྱིལ་རྒྱུ། །
    The lake of mother lake to be born to cause in the down.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ནི་ལ་མཚོ་མར་མར་ཡུམ་མཚོ་འཁྱིལ་རྒྱུ།
    The lake of mother lake to be born to cause in the down.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    མཚོ་ལ་ནི་མར་མར་ཡུམ་མཚོ་མ་འཁྱིལ་ནང་ལ། །
    If there is no lake of mother lake to be born in the down.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ཤིང་ལ་ནི་ཙནྡན་སྡོང་པོ་འཁྲུངས་རྒྱུ། །
    There is a cypress plant grows.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ནི་ལ་ཤིང་ལ་ནི་ཙནྡན་སྡོང་པོ་འཁྲུངས་རྒྱུ། །
    There is a cypress plant grows.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ཤིང་ལ་ནི་ཙན་དན་སྡོང་པོ་མ་འཁྲུངས་ནང་ལ། །
    If there is not grown the cypress plant.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    བྱ་ལ་ནི་ཁུ་བྱུག་སྔོན་མོ་ཆགས་རྒྱུ། །
    There is a lending of blue cuskoo.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ནི་ལ་བྱ་ལ་ནི་ཁུ་བྱུག་སྔོན་མོ་ཆགས་རྒྱུ། །
    There is a lending of the blue cuskoo.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    བྱ་ལ་ནི་ཁུ་བྱུག་སྔོན་མོ་མ་ཆགས་ན་ངལ། །
    If there is not lending the blue cuskoo.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ཁྱོད་དང་ལ་འདྲ་བའི་གསུང་སྐད་ང་ལ། །
    I have comparable sound with you.
  • རྣལ་འབྱོར་དབང་མོ་ Neyjur Wangmo
    ནི་ལ་ཁྱོད་དང་འདྲ་བའི་གསུང་སྐད་ང་ལ། །
    I have comparable sound with you.