27 Aug 2015
2 min 42 sec
Video Overview
Creators:
Sherig Dentshog
Khengyam Dema from Shali Geog sings "Tashi Laso Lumpai Phulu." This song's purpose is to bring good luck and prosperity to society.
པདྨ་དགའ་ཚལ་ ཤ་ལི་ལས་ མཁས་མཉམ་སྒྲོལ་མ་གིས་འཐེན་མི་ བཀྲ་ཤིས་ལ་སོགས་ལུང་པའི་ཕུ་ལུ་ ཟེར་མི་གླུ་གཞས་འདི་ མ་གཞི་རྒྱས་ཤིང་རྒྱསཔ་སྦེ་འཐེན་པ་ཅིན་ གསེར་ དངུལ་ དུང་ ཚུན་ཚོད་འཐེན་ནི་ཡོདཔ་ཨིན། ཨིན་རུང་ མོ་གིས་འཐེན་མི་འདི་ མགུ་ཏོ་ཁ་ལས་རྐྱངམ་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ དགའ་སྟོན་ སྤྲོ་སྟོན་ལ་སོགས་པ་ག་ཅི་ར་ཨིན་རུང་ གླུ་ཡི་མཆོད་པ་སྣ་ཚོགས་ཕུལ་ཞིནམ་ལས་ མཇུག་བཀྲ་ཤིས་ཀྱིས་འབད་བསྡུཝ་ཨིནམ་དང་ བཀྲ་ཤིས་ཀྱི་གླུ་ཚིག་ཚུ་ཡང་ ནཝ་ཚཝ་ རྐྱེན་བར་ཆད་ས་ལོགས་པ་ག་ནི་མེད་པར་ དགའ་ཏོག་ཏོ་ སྤྲོ་ཏོག་ཏོ་སྦེ་འཛོམས་ཚུགས་ཅི་ ད་ལས་ཕར་འབད་རུང་ ནཝ་ཚཝ་ རྐྱེན་བར་ཆད་ལ་སོགས་པ་ག་ཅི་ཡང་མེད་པར་ ལེགས་ཤོམ་སྦེ་མཇལ་བའི་སྨོན་ཚིག་ཚུ་ཡོདཔ་ཨིན།
- Shali
- མཁས་མཉམ་སྒྲོལ་མ་:Khengyam Demaཤེས་ནི་འདི་ག་ནི་ཡང་མི་ཤེས་ མ་ཤེས་རུང་བླ་མའི་བཀའ།
- མཁས་མཉམ་སྒྲོལ་མ་:Khengyam Demaསློབ་དཔོན་གྱི་བཀའ་ཟེར་དོ་བཟུམ་སྦེ་ རང་རྐྱང་གི་ ཚིག་གཅིག་གཉིས་དེ་ཅིག་ཞུ་ནི་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaགླུ་གཞས་འདི།
- མཁས་མཉམ་སྒྲོལ་མ་:Khengyam Demaབཀྲ་ཤིས་ལ་སྭོ་ལུང་པའི་ལས་ཕུ་ལུ། །བཀྲ་ཤིས་ལ་སོྭ་ལུང་པའི་ལས་ཕུ་ལུ། །
- མཁས་མཉམ་སྒྲོལ་མ་:Khengyam Demaསྭོ་ཡ་ལ་གསེར་གྱི་ལ་སྭོ་ལྷ་ཁང་ལས་བཞེངས་ཡོད། །
- མཁས་མཉམ་སྒྲོལ་མ་:Khengyam Demaགསེར་གྱི་ལ་སྭོ་ལྷ་ཁང་ལས་ནང་ལུ། །གསེར་གྱི་ལ་སྭོ་ལྷ་ཁང་ལས་ནང་ལུ། །
- མཁས་མཉམ་སྒྲོལ་མ་:Khengyam Demaསྭོ་ཡ་ལ་རི་མོ་ལ་སྭོ་སྣ་ཚོགས་ལས་རྩ་བཞི། །
- མཁས་མཉམ་སྒྲོལ་མ་:Khengyam Demaཆར་པ་ལ་སྭོ་གྲུ་(ལོ་)གསུམ་ལས་འབབ་ཀྱང་། །ཆར་པ་ལ་སོྭ་གྲུ་(ལོ)གསུམ་ལས་འབབ་ཀྱང་། །
- མཁས་མཉམ་སྒྲོལ་མ་:Khengyam Demaསྭོ་ཡ་ལ་རི་མོ་ལ་སྭོ་གཡས་སུ་(ཡལ་ས་)ལས་མིན་འདུག
- མཁས་མཉམ་སྒྲོལ་མ་:Khengyam Demaམིན་འདུག་ལ་སོྭ་མིན་འདུག་ལས་མིན་འདུག །
- མཁས་མཉམ་སྒྲོལ་མ་:Khengyam Demaསྭོ་ཡ་ལ་དགའ་བ་ལ་སོ་སྐྱིད་པ། ན་བ་ལ་སྭོ་ཚ་བ་ལས་མིན་འདུག །
- མཁས་མཉམ་སྒྲོལ་མ་:Khengyam Demaའདུག་དགོ་ལ་སོྭ་འདུག་དགོ་ལས་(ལ)འདུག་དགོ །
- མཁས་མཉམ་སྒྲོལ་མ་:Khengyam Demaསྭོ་ཡ་ལ་དགའ་བ་ལ་སོྭ་སྐྱིད་པ་ལས་འདུག་དགོ །
- མཁས་མཉམ་སྒྲོལ་མ་:Khengyam Demaལགས་སོ བཀའ་དྲིན་ཆེ། ག་ནཱི་ཡང་མ་ཤེས་རུང་།