27 Aug 2015
3 min 42 sec
Video Overview
Creators:
Sherig Dentshog
Dagapa from Shali Gewog sings “Gyagar Shargi Maja.” The song is usually sung by elderly citizens at annual ritual ceremonies, new year celebrations, and public gatherings. They are in danger of disappearing.
༉ པདྨ་དགའ་ཚལ་ ཤ་ལི་ལས་ ད་དགའ་པ་གིས་འཐེན་མི་གླུ་གཞས་ རྒྱ་གར་ཤར་གྱི་རྨ་བྱ་འདི་ ཡོངས་གྲགས་གནམ་མེད་ས་མེད་ར་ མ་འགྱོ་བའི་གླུ་གཞས་ཅིག་ཨིན་པས། ད་ལྟོའི་གནས་སྟངས་བཟུམ་ཅིག་འབད་རུང་ ན་གཞོན་ཨ་ལོ་ཚུ་གིས་ སྤྲོ་བ་ཡང་མི་བསྐྱེདཔ་མ་ཚད་ ཁོང་ཆ་ཁྱབ་ར་འབད་རུང་ བདེ་བ་རེ་བྱུངམ་ད་དང་ ལོ་དུས་ཀྱི་ཁྲུས་དང་ལོ་གསར་ དགའ་སྟོན་དང་ལོ་མཆོད་ཚུ་ལུ་ འདི་བཟུམ་མའི་གླུ་གཞས་དང་གླུ་གར་འཁྲབ་དོ་ཡོདཔ་ཨིན་མས། ཨིན་རུང་ དེ་བཟུམ་ནང་མ་གཏོགས་ ཨ་རྟག་ར་འཐེན་ནིའི་དུས་ཚོད་མེདཔ་ལས་ མང་ཤོས་རང་ སེམས་ཁ་ལས་བརྗེད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས།
- Shali
- དར་དཀརཔ:Dagapaརྒྱ་གར་ཤར་གྱི་རྨ་བྱ། ། The peacock of an East India,
- དར་དཀརཔ:Dagapaརྨ་བྱའི་ས་མགུ་ཏོག་ལེགས། ། Its [peacock] head is beautiful
- དར་དཀརཔ:Dagapaལེགས་ཚེ་དབང་ལ་བུམ་པ་འདྲ། ། As beauty as long live blessed vessel.
- དར་དཀརཔ:Dagapaརྒྱ་གར་ཤར་གྱི་རྨ་བྱ། ། The peacock of an East India,
- དར་དཀརཔ:Dagapaརྨ་བྱའི་ས་རྣམ་ཅོ་ལེགས། ། Its [peacock] ears are beautiful
- དར་དཀརཔ:Dagapaལེགས་རྒྱལ་བ་ས་རིགས་ལྔ་འདྲ། ། That looks like five families of jinas (The buddha Aspect,Vairochana,Akshobhya,Ratnasambhava,Amitabha,Amoghasiddhi)
- དར་དཀརཔ:Dagapaའཁྱམས་ཚེ་འཁྱམས་ལུགས་མ་ཤེས། ། Do not know how to stray
- དར་དཀརཔ:Dagapaབཞུགས་ཨོ་ལོ་ས་བདེ་བའི་འཁྱམས། ། Be there in the peaceful land
- དར་དཀརཔ:Dagapaརྒྱ་གར་ཤར་གྱི་རྨ་བྱ། ། The peacock of an East India,
- དར་དཀརཔ:Dagapaརྨ་བྱའི་ས་ལྕེ་འདི་ལེགས། ། Its [peacock] tongue is beautiful
- དར་དཀརཔ:Dagapaལེགས་ཉིན་ཚེས་བརྒྱད་ལ་ཟླ་བ་འདྲ། ། Beautiful as the moon of eigth day
- དར་དཀརཔ:Dagapaའཁྱམས་ཚེ་འཁྱམས་ལུགས་མ་ཤེས། ། Do not know how to stray
- དར་དཀརཔ:Dagapaབཞུགས་ཨོ་ལོ་ས་བདེ་བའི་འཁྱམས། ། Be there as in the peaceful land
- དར་དཀརཔ:Dagapaརྒྱ་གར་ཤར་གྱི་རྨ་བྱ། ། The peacock of an East India,
- དར་དཀརཔ:Dagapaརྨ་བྱའི་ས་མིག་ཏོག་ལེགས། ། Its [peacock] eyes are beautiful
- དར་དཀརཔ:Dagapaལེགས་གསེར་གྱི་ལ་ཤེལ་མིག་འདྲ། ། As beautiful as golden glass eye
- དར་དཀརཔ:Dagapaའཁྱམས་ཚེ་འཁྱམས་ལུགས་མ་ཤེས། ། Do not know how to stray
- དར་དཀརཔ:Dagapaབཞུགས་ཨོ་ལོ་ས་བདེ་བའི་འཁྱམས། ། Be there as in the peaceful land
- དར་དཀརཔ:Dagapaརྒྱ་གར་ཤར་གྱི་རྨ་བྱ། ། The peacock of an East India,
- དར་དཀརཔ:Dagapaརྨ་བྱའི་ས་ཁ་འདི་ལེགས། ། Its [peacock] mouth is beautiful
- དར་དཀརཔ:Dagapaའཁྱམས་ཚེ་འཁྱམས་ལུགས་མ་ཤེས། ། Do not know how to stray
- དར་དཀརཔ:Dagapaབཞུགས་ཨོ་ལོ་ས་བདེ་བའི་འཁྱམས། ། Be there as in the peaceful land ཟེར་ཨ་ཙི་ཅིག་འཐེན་ཡི། ཨ་ཙི་རེ་ཡར་སོང་ནུག Sung little bit and done few
- དར་དཀརཔ:Dagapaའཛོལ་བ་ཨ་ཙི་རེ་ ཡར་སོང་ཡི། མ་པ་ཁོང་གིས་ ཧེ་མ་དེ་སྦེ་ར་འཐེན་དེ། Mistakes are done, actually they sung in the same way