Video Overview
༉ འབྲུག་རྒྱལ་ཁབ་ཀྱི་ས་གནས་ག་ཏེ་འབད་རུང་ གནས་བདག་གཞི་བདག་རེ་ཡོདཔ་བཟུམ་སྦེ་ པདྨ་དགའ་ཚལ་ ཤ་ལི་ལས་ སངས་རྒྱས་ཡོངས་གྲུབ་ཀྱིས་བཤད་མི་ནང་ བསྟོད་པ་ལུང་ ཟེར་བའི་ལུངམ་གཅིག་ཡོད་མི་འདི་ གནས་ཀྱི་བདག་པོ་གསང་སྔགས་རྒྱ་མཚོ་ གནས་ཏེ་ཡོདཔ་སྦེ་ཨིན་མས། དེ་ཡང་ གཡས་ཕོ་ཆུ་དང་གཡོན་མོ་ཆུ་གིས་བསྐོར་བའི་སྦུག་ལུ་ རི་གསུམ་བརྩེགས་ཏེ་ཡོད་དོ་བཟུམ་ ཐོག་གསུམ་སྦེ་ཡོདཔ་དང་ ས་གནས་དེ་ཁར་ རྐང་བཞིའི་དུད་འགྲོའི་རིགས་རྣམ་པ་སྣ་ཚོགས་ བྱ་རིགས་རྣམ་པ་སྣ་ཚོགས་དང་ལྡནམ་སྦེ་ཡོདཔ་ཨིན་མས། དང་ཕུགས་འབད་བ་ཅིན་ ནོར་སེམས་ཅན་ཚུ་ རི་དེའི་ཁ་ཐུག་ལུ་བཏང་བཞག་སྦེ་ ཡ་་་་་མེ་མེ་གནས་པོ་ ནོར་འདི་ ཁྱོད་ཀྱིས་བལྟ་སྨ་རེད་ ཟེར་སླབ་སྦེ་བཏང་བཞགཔ་ད་ རྦོབ་རིལ་དང་ གཅན་གཟན་སྟག་དོམ་ལ་སོགས་པ་གིས་ཡང་ གནོད་སྐྱོན་ག་ནི་མེད་པར་ ཕྱི་རུ་ཀྲི་ཀྲི་འབད་ ལོག་ལྷོད་འོང་ཟེར་ ཧེ་མའི་ཨ་རྒས་ཨང་རྒས་ཚུ་གིས་སླབ་ནི་འདུག ད་ལྟོ་ར་འབད་རུང་ དེ་སྦེ་རང་ཨིན་ ཟེར་བཤདཔ་ཨིན་མས།
Sangay Yongdrup from Shali Geog explains that Toedpa Lung (rock) has its own local lord as in other parts of the country that is known as Sangngak Gyatso. The stone was extremely huge as if three mountains have been piled together that is surrounded by male and female river. An area is filled with diverse species of living being including domestic animals, where people raise theirs animals around the area. It was explained that people residing around the area release their animals and its been taken care by the local lord known as Meme Nyep (old local loard) without any disturbance by other predators like tiger, bear, leopard, etc.
- Shali
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupའ་ ད་རུང་ ནཱ་ སྟོད་པ་ལུང་གི་ གནས་བདག་གི་སྐོར་ལས་ ཨ་ཙི་ཅིག་ ཞུ་བ་ཅིན་ མདོར་བསྡུས་ཙམ་ཅིག་སྦེ་ ཞུ་ནི་ཨིན་ལགས། ད་ ད་རུང་ ང་བཅས་རའི་ སྟོད་པ་ལུང་གི་ གནས་བདག་འདི་ ཕྱི་ལས་བལྟ་རུང་ མ་པ་འདི་ སྟོད་པ་ལུང་ཟེརཝ་ད་ ད་ ག་ཏེ་ལུ་ཡང་ འདི་བཟུམ་སྦེ་མེད་ཟེར།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupསྟོད་པ་ལུང་ཨིན་ཟེར་ སྟོད་པ་ལུང་སྦེ་ འབོཔ་ཨིན་པས། འདིབཟུམ་ ག་ཏེ་ལུ་ཡང་མེད་ རྡོ་འ་ནཱི་བཟུམ་ ས་ཆ་ཡང་། འ་ནཱེ་འབདཝ་ད་ལུ་ཏེ་ ས་ཆ་འདི་ཡང་ ད་ཕར་ལས་ཡང་ ཞལ་ཡོད། ཚུར་ལས་ཡང་ཞལ་ཡོད། བར་ན་ཐང་ཡོད་ སྤོག་ཏོ། ད་འདི་གི་ ཐང་ལས་ཡང་མཐོཝ་སྦེ་ འདི་ཐོན་ཏེ་ ད་ འདི་ལུ་ ཁོ་ལུ་ཏེ་ དཔེ་འབད་བ་ཅིན་ ད་ མཚམས་རིམ་པ་གསུམ་ཡོད་ཟེར་ རི་གསུམ་རྩེག་རྩེགཔ་བཟུམ་སྦེ།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupབཟོ་རྣམ་འབད་བ་ཅིན་ དབྱིབས་འདི་བཟུམ་ཡོད་ མར་ལས་ཡར་བལྟ། ཏེ་འ་ནཱི་ ག་ཅི་སྨོ་ཟེར་བ་ཅིན་ འདི་གནས་བདག་གི་ མཚན་ཅིག་ཨིན་རུང་ ཁོ་ གནས་པོ་ གསང་སྔགས་རྒྱ་མཚོ་ཟེར་ ད་ ཁོ་ཆ་ལུགས་འདི་ ག་བཟུམ་ཅིག་ཡོད་ག་ཟེར་བ་ཅིན་ ད་ ཆ་ལུགས་འདི་ སྔགས་པའི་ཆ་ལུགས་ཨིན་རུང་ ཁོ་ དགེ་སློང་གི་ ཆ་ལུགས་ར་ཡོད་ཟེར།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupད་ དགེ་སློང་ཆ་ལུགས་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁོ་གི་ ད་རུང་ ཆ་ལུགས་འདི་ དགེ་སློང་ཆ་ལུགས་ཨིན། སྐུ་ན་འདི་ ཨ་ཙི་ཅིག་བགྲེས་སུ་ཅིག་སྦེ་ དབུ་སྐྲ་འདི་ དཀརཔོ་འགྱོ་དོ་བཟུམ་སྦེ་ཡོད་ཟེར། ཨིན་རུང་ དེ་ལུ་ཏེ་ ཁོ་ གཞན་དང་མ་འདྲ་བའི་ ད་ཁོ་གིས་ ད་རུང་ མར་རི་ སྒོ་རས་ཟེར་མི་ཅིག་ཡོད། རི་གསུམ་ཟེརཝ་ད་ ད་རུང་ བེན་ཆེན་ཟེར་མི་ཅིག་ཡོད།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupད་ ཡར་གྱི་རྩེ་འདི་ སྟོད་པ་ལུང་ཟེར་ རི་གསུམ་རྩེག་དོ་བཟུམ་སྦེ་ དེ་ལས་ཏེ་ ཁོ་གི་ སྒོ་རས་ཟེར་མི་འདི་ སྒོ་རས་ཁ་ཨིན་མས། ཁོ་གི་ སྒོ་རས་ཁ་ དེ་ལུ་ཏེ་ ནང་ནས་ འདི་གི་ དེའི་ནང་ལས་ཡང་ ད་ ཕོ་ཆུ་མོ་ཆུ་ གཞུང་ཆུའི་བསྐོར་བ་ དོན་སུ་འདི་ཏེ་ གཡས་ཕོ་ཆུ་ཟེར་ ཚུར་ལོག་གི་ བྲག་ཆུ་གཡས་ཟེར་མི་ཅིག་ཡོད།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupགཡོན་མོ་ཆུ་ཟེར་ ཏེ་ཕར་ལས་ ཤིང་ཐང་རི་ཟེར་ཏེ་ དེའི་བར་ན་ལུ་ཏེ་ ཁོ་ཆགས་ཆགསཔ་གི་ ཁོ་གི་ ཕོ་བྲང་ འདི་ནང་ཡོད་ཟེར་ ཕོ་ཆུ་མོ་ཆུ་ གཞུང་ཆུ་ཟེརཝ་ད་ ཏེ་དེ་སྦེ་ ད་ ཚུར་ལོག་ལུ་ ད་བྲག་ཆེན་བཞི་གི་མཇུག་དང་ ད་ཤིང་ཐང་རི་གི་མཇུག་བསྡོམས་ད་ལུ་ གཞུང་ཆུ་ཟེར་འགྱོ་འགྱོཝ་ཨིན་ཟེར།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupའདི་ཚུ་བསྐོར་བའི་བར་ན་འདི་ ཏེ་ད་ ཏེ་ཁོ་ འ་ནཱ་ སྒོ་རས་ལས་ཏེ་ ཕྱི་ལས་ ནང་ལས་ ཕྱི་ནང་ལས་ ལྕགས་རི་བསྐོར་བ་ ལྕགས་འདི་ ལྕགས་རི་ག་ར་ ལྕགས་ཀྱི་ དེ་བཟུམ་ཡོད། དེ་ལུ་ སྒོ་རས་ལས་ ནང་ལུ་འདི་ ད་ཤིང་ཨིན་རུང་ ཙན་དན་དང་ ཤུགས་པ་དང་ དྲི་ཤིང་སྣ་ཚོགས་ ཏེ་གཞན་དང་མ་འདྲ་བའི་ཡོད་ཟེར།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupད་ མེ་ཏོག་ཨིན་རུང་ ཏེ་དཀརཔོ། སེརཔོ། དམརཔོ། ལྗང་ཁུ། མེ་ཏོག་ཡང་ རིགས་རྣམ་པ་སྣ་ཚོགས་ལེ་ཤ་ཡོད་ཟེར་ སེམས་ཅན་ཨིན་རུང་ རྐང་བཞིའི་ནང་ལས་ཡང་ དུད་འགྲོའི་རིགས་སོ་སོར་སོ་སོར་ སྣ་ཚོགས་སྦེ་ལེ་ཤ་ཡོད་ཟེར་ ཏེ་གནམ་ལས་འབད་རུང་ རོགས་གནམ་ལ་འཕུར་བའི་ བྱ་རིགས་ཡང་ སྣ་ཚོགས་ གཞན་མ་འདྲ་བའི་ གཞན་དང་མ་འདྲ་བའི་ ལེ་ཤ་རིགས་སོ་སོར་ སོ་སོར་ འ་ནཱི་ཚུ་ག་ར།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupད་ སྒྲ་སྐད་ཀྱིས་ཏེ་ ལྡིར་བ་གནམ་མེད་ས་མེད་ སྐད་སྒྲགས་ལྡིར་བ་ཡོད་ཟེར། ད་ དེལས་མར་ལུ་ ཏེ་ཆུ་ནང་ལུ་ཡང་ ཉ་དང་བཅས་པ་ འདི་གི་ གཞན་མ་འདྲ་བའི་ འདི་བཟུམ་ཡོད་ཟེར། ག་ཅི་གི་ཡང་ སྡོད་མ་ཚུགས་པའི་ ཏེ་རིན་ཆེན་མཛད་པའི་ཕོ་བྲང་ཟེར་ ཁོ་གི་ དེ་བཟུམ་སྦེ་ཡོད་ཟེར་ ད་ ཁོ་གི་ ཕོ་བྲང་འདི་ ང་བཅས་ཀྱི་ཏེ་ རི་གསུམ་འདི་ རྩེག་དོ་བཟུམ་མཐོངམ་མ་གཏོགས་ད།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupཏེ་འདི་ ཕྱི་ནང་མེད་པར་ འོད་སྔོན་ནོར་བུ་འདི་ རྒྱན་ཆ་འདི་ དེ་གི་རྣམ་པ་འདི་ ནོར་བུ་འདི་དོན་དང་ལྡན་པ་ འདི་བཟུམ་བསྣམས་ཏེ་ ཏེ་ཁོ་འདི་ ཁོ་ ཡུལ་ལྷ་ལུ་འབད་བ་ཅིན་ ཁོ་ གསང་སྔགས་རྒྱ་མཚོ་ ཁོ་ཨིན་ཟེར་ ཁོ་གི་སྐུ་མདོག་འདི་ དཀར་ལ་དམར་བའི་ མདངས་ཆགས་པའི་ ཤིན་ཏུ་གནམ་མེད་ས་མེད་ གཟུགས་གཞོན་དང་ལྡན་པ་ཅིག་ཡོད།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupཕྱག་གཡས་པ་ལས་ རུ་མཚོན་འདི་ གནམ་ཁར་འཕྱར་ཏེ་བཞུགས་སྟེ་ཡོད། ཕྱག་གཡོན་པ་འདི་ ནོར་བུ་ཐུགས་ཁར་བསྣམས་ཏེ་བཞུགས་ཡོད་ཟེར། ཏེ་འ་ནཱི་འདི་ ཁོ་གི་ ཆིབས་རྟ་འདི་ དམརཔོ་ ཏེ་གདོང་འདི་ དཀརཔོ་སྦེ་ཡོད་ཟེར་ གདོང་འདི་དཀརཔོ་སྦེ། འ་ནཱི་ལུ་ ཁོ་དང་བསྟུན་པའི་ ད་རུང་འཁོར་འདི་ ག་དེམ་ཅིག་ཡོད་ཟེར་བ་ཅིན་ འཁོར་འདི་ གཞན་དང་མ་འདྲ་བའི་ ས་དམག་འབུམ། བཙན་དམག་འབུམ། ཀླུ་དམག་འབུམ། བདུད་དམག་འབུམ།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupཏེ་དེ་ཅིག་གི, བསྐོར་བའི་ནང་ལས་ ད་རུང་ ད་ སྒོ་རས་ཟེར་མི་ལུ་འདི་ ཁོ་ སྐུགས་པ་འཚམས་ཅིག་ཡོད་ཟེར་ ཨ་ཙི་ཅིག་ རྩ་རྒས་བཟུམ་ཅིག་ འདི་ལུ་ འཁོར་དམག་ག་ར་ དགྲ་ལི་ དགྲ་ཆས་ གཞན་དང་མ་འདྲ་བའི་བཤེད་དེ་ འདི་བཟུམ་སྦེ་བཞུགས་སྟེ་ཡོད། འདི་བཟུམ་སྦེ་ བཞུགས་མི་ལུ་ ཏེ་ཁོ་གི་འཁོར་ལུ་ ད་རུང་ར་ ནོར་བུ་སི་ལི་ དགྲ་རྟགས་ ནག་པོ། སངས་རྒྱས་དབང་མོ། ལྟོ་མཁན་རྒྱལ་མོ། ཀླུ་བདུད་སྲིན་མོ།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupཏེ་འ་ནཱི་ག་ར་ ཁོ་གི་ འཁོར་ཨིན་ཟེར་ འཁོར་དང་ ལྷ་དམག་འབུམ། ཀླུ་དམག་འབུམ། བདུད་དམག་འབུམ། བཙན་དམག་འབུམ་གྱི་ ཚོགས་དང་བཅས་པའི་ ཁོ་ལུ་ འ་ནཱི་་བཟུམ་སྦེ་ཡོད་ཟེར། འ་ནཱི་འདི་ ཁོ་ལུ་ གསོལ་ཁ་ཕུལ་ཏེ་འགྱོ་བ་ཅིན་ ཏེ་དང་ཕུ་ དང་ཕུ་འབད་བ་ཅིན་ ད་རུང་ ཆརཔ་མེད་པ་ཅིན་ ཆརཔ་ཡང་ ཁོ་ལུ་ གསོལ་ཁ་ཕུལ་བ་ཅིན་ ཆརཔ་ཡང་བུད་འོང་ཟེར། ད་ ནོར་རྫིཔ་ར་འབད་རུང་ ནོར་བཏང་བཞག་ནི་རྐྱངམ་ཅིག་ཨིན་ཟེར་ སྟོད་པ་ལུང་ལུ།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupཡ་ ཨ་རྒས་གནས་པོ་ ཁྱོད་ཀྱིས་ ནོར་བལྟ་གནང་ཟེར་ སླབ་བཞགཔ་ད་ལུ་ ནོར་ རྦབ་རིལ་ཏེ་ཡང་མི་འགྱོ། གཅན་གཟན་གྱིས་ཡང་ སྟག་ དོམ་ ག་ཅི་གི་ཡང་མི་གནོད། ཕྱི་རུ་ཟེརཝ་ད་ ནོར་ཀྲིག་ཀྲི་ལྷོད་འོང་ཟེར་ སླབ་ནི་འདུག། ཧེ་མ་ ཨང་རྒས་ཚུ་གིས་ ལོ་རྒྱུས་འདི་ ཏེ་ད་ལྟོ་ཨིན་རུང་ དེ་བཟུམ་སྦེ་ སྟོད་པ་ལུང་ལུ་ ནོར་བལྟ་དགོཔ་མེད་པར་ བཏང་བཞག་ནི་ར་ཨིན། དེ་བཟུམ་སྦེ་ར་སྡོདཔ་ཨིན་ ད་ལྟོ་ཡང་།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupད་ གནས་བདག་འབད་བ་ཅིན་ གཞན་དང་མ་འདྲ་བའི་ འདི་བཟུམ་སྦེ་ ཧེ་མ་ལས་ར་ དེ་བཟུམ་འདུག། ཏེ་ད་ལྟོ་འབད་རུང་ ཁོ་ལུ་ གསོལ་ཁ་ཕུལཝ་ལས་ གནམ་མེད་ས་མེད་ ལེགས་ཤོམ་འགྱོ་དོ་ཟེར་ གནས་བདག་གི་སྐོར་ལས་ ད་རུང་ ཁོ་གི་ མིང་ཡང་ གསང་སྔགས་རྒྱ་མཚོ་ཨིན། ད་ཁོ་གི་ ཆགས་ཚུལ་དང་ བཞུངས་ཐང་འདི་ ཏེ་དགེ་སློང་བཟུམ་སྦེ་ བཞུགས་ཏེ་ཡོད་ཟེར།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupཏེ་འཁོར་འདི་ཚུ་ཡང་ དེ་བཟུམ་སྦེ་ཡོད་ཟེར་ ཞུ་ནི་ཨིན་ལགས། མདོར་བསྡུས་ཙམ་ཅིག་ མ་པ་ཨིན་རུང་ ཁོ་གི་གསོལ་ཁ་དང་ གཏོརམ་དང་ ཚོགས་དང་བཅས་པ་གི་ ག་ནི་ཡང་ཚང་སྟེ་ རྒྱས་ཤིང་རྒྱསཔ་སྦེ་འབད་བ་ཅིན་ འདི་བཟུམ་བཟོ་དགོཔ་ཅིག་ཡོད། ད་ ད་རུང་ རིན་པོ་ཆེ་གིས་སྦེ་ མཛད་གནང་མི་ཅིག་ཡོད། འ་ནཱི་འདི།
- སངས་རྒྱས་ཡོངས་གྲུབ་:Sangay Youngdrupཏེ་རང་གི་གསོལ་ཁ་ ག་ཅི་ར་བཏང་རུང་ བསངས་ གསུར་ ག་ཅི་ཡང་བཏང་རུང་ གཅིག་ཁར་འབད་ཆོགཔ་སྦེ་ རིན་པོ་ཆེ་གིས་ འ་ནཱི་ཡང་ མཛད་གནང་སྟེ་ཡོད་ཟེར་ གནས་བདག་གི་སྐོར་ལས་ཏེ་ འ་ནཱི་ཡང་བཏུབ་ཟེར་ རིན་པོ་ཆེ་གིས་ཡང་ བཀའ་གནང་སྟེ་ ད་རུང་ རྒྱས་ཤིང་རྒྱསཔ་འབདཝ་ད་ལུ་འདི་ ཁོ་རའི་འབད་དགོཔ་འདུག། ད་ འ་ནཱི་ ག་ཏེ་ལུ་ར གནང་རུང་ སྦྱར་ཆོག་ཟེར་ རིན་པོ་ཆེ་གིས་ ཐུགས་སྨོན་གནང་སྟེ་ཡོད་ཟེར་ གནས་བདག་གི་སྐོར་ལས་ འ་ནཱེམ་ཅིགཨིན་ཟེར་ འ་ནཱེ་ཅིག་ཞུ་ནི། ལགས་སོ་ བཀའ་དྲིན་ཆེ།