Skip to main content Skip to search
26 Apr 2019
7 min 35 sec
Video Overview
Creators: 
Dradul Dorjay, Tsegona

The robes presented on the catwalk represent styles from across Tibet and are made out of leather, felt and cloth.

ཤོམ་འགྲོ་སྟེང་གི་བོད་ཆས་སུ་མདོ་དབུས་ཁམས་གསུམ་གྱི་པགས་ལྭ་དང་ཚར་ལྭ། གོས་ལྭ། ཕྱིང་ལྭ་སོགས་རྒྱུ་དང་བཟོ་ལུགས་འདྲ་མིན་སྣ་ཚོགས་ཡོད།

服装秀上的藏装有整个藏区的各式各样的做法, 以及皮、毡、布等不同的材质而所制。

ཤོམ་འགྲོ་ནི་དེང་སྐབས་འཛམ་གླིང་སྤྱི་ལ་ཁྱབ་ཆེ་བའི་གྱོན་གོས་རིག་གནས་ཀྱི་རྣམ་པ་ཞིག་གམ་ལྷག་པར་དུ་ཚོང་ལས་རིག་གནས་ཀྱི་རྣམ་པ་བྲིན་ཆེ་བ་ཞིག་ཏུ་གྱུར་ཡོད། འདིར་བརྗོད་པའི་བོད་ཆས་ཤོམ་འགྲོ་ལ་ཚོང་ལས་ཀྱི་ཤུགས་རྐྱེན་ཆེར་ཐེབས་མེད་ནའང་། དེང་སྐབས་བོད་མི་རིགས་ཀྱི་ཡུལ་ཁམས་སོ་སོའི་སྲོལ་རྒྱུན་དང་རིག་གནས། ཡུལ་སྲོལ་སོགས་མ་ཡལ་བའི་གྱོན་གོས་སྣ་ཚོགས་འགྲེམ་སྟོན་དང་ཤོམ་འགྲོ་བྱེད་སའི་གར་སྟེགས་ཀྱང་ཇེ་མང་ནས་ཇེ་མང་རེད། ཤོམ་འགྲོ་སྟེང་གི་བོད་ཆས་སུ་མདོ་དབུས་ཁམས་གསུམ་གྱི་པགས་ལྭ་དང་ཚར་ལྭ། གོས་ལྭ། ཕྱིང་ལྭ་སོགས་བཟོ་ལུགས་འདྲ་མིན་དང་རྒྱུ་ཆ་འདྲ་མིན་གྱི་ལྭ་བ་སྣ་ཚོགས་ཡོད་ལ། གཞན་སྐུ་དྲག་གི་ལྭ་དང་ནང་མའི་འཁྲབ་སྟོན་རིགས་ཀྱི་ལྭ་སོགས་བྱེ་བྲག་ཏུ་དབྱེ་ན་རིགས་ཧ་ཅང་མང་། འདི་དག་གི་རིགས་དང་རྣམ་པ་མི་གཅིག་པར་ཁ་ཁར་སྣང་ནའང་བོད་མི་རིགས་སྤྱིའི་རིག་གནས་ཀྱི་ཉིང་བཅུད་ཡིན། 

服装秀是当今世界最为主要的一种服装文化宴席,同时也是一种商业活动。藏族服装秀,目前主要是以当代各个藏区的不同服装风格的展现为主题,相关的平台也在日益增长。服装秀上,一般都是出现三区藏人共通的以皮、毡、布等材质所制服装,体现了藏族文化的丰富多彩。