Skip to main content Skip to search
16 Mar 2015
1 min 8 sec
Video Overview
Creators: 
Sonam Chophel, Dawa Tshering

༉  སྤུ་ན་ཁ་རྫོང་ཁག་ ལྕང་ཡུལ་བུམོ་དགའ་ལེགསམོ་གི་མི་བརྒྱུད་ཅིག་ཨིན་མི་ རྣམ་རྒྱལ་བཟངམོ་གིས་བཤད་མི་ནང་ ལྕང་ཡུལ་གྱི་ཡུལ་ལྷ་ གནག་ཤིང་མགོན་འགྲོ་ལུ་ གཡུས་ཚན་དེ་ནང་ཡོད་རུང་མེད་རུང་ ཁྱིམ་སྦོམ་ཟེར་རུང་ ལྕང་གཡུས་བུམོ་གི་ཁྱིམ་ཅིག་ལས་མེད་ནི་དེ་གིས་ ཧེ་མ་ལས་ར་དེ་སྦེ་འབད་ནི་དེ་གིས་ གསོལ་ཁ་ཕུལ་དགོ་རུང་ ག་ཅི་མཆོད་དགོ་རུང་ ཧེ་མ་ལས་ཁོང་གིས་བདག་འཛིན་འབད་དེ་ ཁོང་རང་གིས་ར་འབད་སྲོལ་ཡོདཔ་ལས་ ད་རེས་ནངས་པར་ཡང་ ཁོང་གིས་ར་འབད་དོ་ཡོདཔ་ཨིན་མས། ཨིན་རུང་ དཀོན་གཉེར་འབདན་ གྲྭ་ཚང་གི་ཁ་ཐུག་ལས་ཡོད་དེ་འབད་རུང་ ཕར་ལུ་འབད་ནི་བཅའ་ནི་ཚུ་ག་ར་ཁོང་ར་གིས་ར་འབདཝ་ཨིན་མས།

Ngashing Göndrok is a non-human spirit worshipped as the local deity of Changyul village in Punakha district. This deity is particularly associated with the household of Changyul Galem, a legendary woman who died not being allowed to marry her lover. Namgay Zam talks about her family's responsibilities as the descendants of Changyul Galem.

 

Transcript search
No results found for this search
0 of 0
  • རྣམ་རྒྱལ་བཟངམོ།
    ད་ གནག་ཤིང་ ལྕང་ཡུལ་མགོན་བྲག་ ཟེར་མི་འདི་ ནཱ་ ང་བཅས་ཀྱི་ དགའ་ལེགསམོ་གི་ ཁྱིམ་འདི་དང་འདྲཝ་འབད་ནི་འདི་གིས་ ཏེ་ ཕར་ལུ་ ག་ཅི་འབད་དགོ་རུང་ ང་བཅས་ཀྱིས་འབད་དགོ་པས། ད་ སྐུ་པར་དང་ ད་ལྟོ་ ཨ་ནཱི་ཚུ་ག་ར་ དེ་སྦེ་ར་ཡོད་ལགས།
  • རྣམ་རྒྱལ་བཟངམོ།
    ཏེ་ དེ་བསྒང་ ནཱ་གཡུས་ཚན་ཟེར་རུང་ ལྕང་ཡུལ་གྱི་ ཁྱིམ་སྦོམ་ འདི་ལས་བརྒལ་མེད་ནི་དེ་གི་ ཕར་གི་ གསོལ་ཁ་ཕུལ་དགོ་རུང་ ག་ཅི་མཆོད་དགོ་རུང་ ང་བཅས་ཀྱིས་ བདག་འཛིན་འབད་དེ་ར་ མཆོད་དགོ་ནི་དེ་གིས་ དེ་བསྒང་ལས་ར་ དེ་སྦེ་འབད་ནི་དེ་གི་ ད་ལྟོ་བར་ན་ཡང་ ང་བཅས་ཀྱིས་ བདག་འཛིན་འབད་ ཆོས་ཨ་ནཱི་སྦེ་ཡོད་ལགས། ཕར་དཀོན་གཉེར་ཅིག་འབད་ཚེ་་ རོགས་མ་ལས་ གྲྭ་ཚང་ནང་ལས་ ཨ་ནཱེ་སྦེ་ཡོདཔ་ཨིན། ཕར་གི་འབད་ནི་ བཅའ་ནི་འདི་ ང་བཅས་ཀྱིས་ འབད་དེ་ར་ཡོད་ལགས།
  • རྣམ་རྒྱལ་བཟངམོ།
    ལགས་སོ་ལགས།