02 Apr 2019
21 min 47 sec
Video Overview
Creators:
Tibetan and Himalayan Library
A folktale about the dangers of presumption and bad behavior.
རྒྱལ་པོའི་བུ་དང་བློན་པོའི་བུ་གཉིས་ཀྱིས་སྦྲང་པོའི་བུ་རི་མགོར་བསྐྱུར། ཁོས་བྱ་སྨིག་གི་རྗི་རིལ་རྙེད་ནས་རྒྱལ་པོའི་ནད་སངས་བ་དང་རྒྱལ་ས་ཐོབ་པ།
གནའ་གཏམ་འདིར་རྒྱལ་པོའི་བུ་དང་བློན་པོའི་བུ། སྦྲང་པོའི་བུ་བཅས་མཉམ་དུ་སོང་རྗེས། རྒྱལ་པོའི་བུ་དང་བློན་པོའི་བུ་གཉིས་ཀྱིས་སྦྲང་པོའི་བུ་རི་མགོར་ཁེར་རྐྱང་དུ་བསྐྱུར་བར་ཁོ་བའི་དགའ་སྡུག་མང་པོ་ཁྱད་དུ་བསད་རྗེས་བྱ་སྨིག་གི་རྗི་རིལ་ཞེས་པ་རྙེད་ནས་གཉོམ་ཆུང་མང་པོ་བསྐྱབས་པ་དང་རྒྱལ་པོའི་ནད་གཞི་ཡང་སངས་བར་བྱས་པས་མཐར་ཁོ་རང་རྒྱལ་སར་འཁོད་པ་བརྗོད་ཡོད།
王子和大臣的儿子把乞丐的儿子留在山后,乞丐的儿子在那里找到了万能的鸟,并治好了国王的病而继承了王位。
这段视频介绍 《万能的鸟》的民间故事。 故事主要内容是 -王子和大臣的儿子把乞丐的儿子留在山后,乞丐的儿子在那里找到了万能的鸟,并治好了许多百姓, 甚至国王的病而继承了王位。
- གནའ་སྔ་མོ་ཞིག་ལ།
- ཡུལ་ཁམས་ཞིག་ན་རྒྱལ་ཁབ་ཆེན་པོ་ཞིག་ཡོད།
- རྒྱལ་ཁབ་དེར་བློ་པོ་སོགས་ཚང་མ་ཡོད།
- རྒྱལ་ཁབ་དེར་རུ་སྡེ་མང་པོ་ཡོད།
- རྒྱབ་ཁབ་དེའི་རྒྱལ་པོ་ནད་ཀྱིས་བཟུང་བར།
- བླ་མ་དང་སྔགས་ཡོད་པར་བླ་མས་མོ་བཏབས་
- རྩིས་པས་རྩིས་བྱས།
- རྒྱལ་པོའི་ནད་གཞི་སེལ་བར་ཅི་བྱས་ན་བཟང་ཞེས་པར་
- ས་དེའི་བློན་པོ་ཚང་མ་འདུས་ཏེ་གྲོས་བྱས་པར་
- མོ་བར་མོ་བཏབས་ལ་རྩིས་པར་རྩིས་བྱས་དུས་
- རྒྱལ་པོའི་ནད་སེལ་བར་རྩིས་པ་དང་བླ་མ་ཚང་མས་
- ལུང་བསྟན་པ་ལ་བྱ་སྨུག་གི་རྫི་རིལ་ཞེས་པ་རྙེད་ན་
- རྒྱུ་ལོངས་སྤྱོད་དང་རྒྱལ་པོའི་ནད་གཞི་ལ་ཕན་ཟེར།
- རྒྱལ་པོའི་ནད་སེལ་ཐུབ་ཞེས་པས་བློན་པོ་དག་གིས་
- རི་སྡེ་ཚང་མ་བསྡུས་ཏེ་བྱ་སྨུག་གི་རྫི་རིལ་ཞེས་པ་
- བཙལ་དུ་འགྲོ་དགོས་ཞེས་བསྒྲགས།
- རྒྱལ་པོའི་བཀའ་ལྟར་དུ་རྒྱལ་པོའི་བུ་དང་གཅིག
- བློན་པོའི་བུ་དང་གཉིས།
- དེ་གཉིས་ངེས་པར་དུ་འགྲོ་དགོས།
- དེའི་ལས་ད་དུང་སྤྲང་པོའི་བུ་འགྲོ་དགོས་ཟེར།
- འགྲོ་དགོས་ཞེས་ཚོགས་ཆེན་ཐོག་ནས་བསྒྲགས།
- མི་གསུམ་བྱ་སྨུག་གི་རྫི་རིལ་བཙལ་དུ་འགྲོ་དགོས་ཟེར།
- མི་མང་འདུ་སར་ཚོགས་ཆེན་སྟེང་དུ་བསྒྲགས་དུས་
- དེ་དག་འགྲོ་དགོས་བྱུང་།
- དེར་རྒྱལ་པོའི་བུ་དང་བློན་པོའི་བུ།
- སྤྲང་བོའི་བུ་གསུམ་སོང་མཐར་བྲག་ཆེན་པོ་ཞིག་ལ་ཐུག
- བྲག་རྩར་མེ་ཏོག་དཀར་ནག་གཉིས་
- ཡོད་པ་རྒྱལ་པོའི་བུས་དེ་གཉིས་བརྗེས་པར་
- བྱ་རྒྱལ་ཁྱུང་ཆེན་ཞིག་འཕུར་ཡོང་བར་
- ཁྱེད་ཅག་ལ་དྲིན་ལན་ཅི་ཞིག་གི་བཟང་ངམ་
- ངས་ལོ་ལྟར་ཕྲུ་གུ་གསོས་མོད་སྦྲུལ་འདིས་
- ད་དུང་མེ་ཏོག་དཀར་ནག་གཉིས་ཀྱི་གནས་སྤོར་བར་
- བྲག་གསེང་ནས་སྦྲུལ་ཞིག་ཐོན་དེ་ནག་པོ་དེར་
- ལྡག་དགོས་མོད། དཀར་ནག་གནས་སྤོར་ཡོད་པས་
- དཀར་པོ་དེར་ལྩེ་ལྡག་བྱས་པར་སྦྲུལ་ཐེད་སོང་།
- སྦྲུལ་ཐེད་སོང་བར་གནམ་ནས་བྱ་རྒྱལ་ཁྱུང་ཆེན་ཞིག་
- ཁོ་ཚོའི་ལོགས་སུ་བབས་ཏེ་ཁྱེད་ཅག་ལ་ཅི་བྱས་ན་བཟང་
- ངས་ཁྱེད་ཅག་ལ་དྲིན་ལན་ཇི་ལྟར་འཇལ་དགོས་སམ།
- ངས་ལོ་འདི་འདྲའི་རིང་ལ་ཕྲུ་གུ་གསོས་མོད་
- དུག་སྦྲུལ་འདིས་ལོ་རེ་རེར་བྱས་ཟོས་སོང་།
- དེ་ཁྱེད་ཅག་གིས་བསད་བཞག་པ་ཡིན་པས་
- དྲིན་ལན་ལ་ཅི་བྱས་ན་བཟང་ཟེར་བར་ཁོ་ཚོས་
- དྲིན་ལན་དུ་བྱ་སྨུག་གི་རྫི་རིལ་ཞེས་པ་དགོས།
- བྱ་སྨུག་གི་རྫི་རིལ་ཞེས་པ་ལེན་དུ་ཡོང་བ་ཡིན་ཟེར་བར་
- ཁྱུང་ཆེན་དེས་བྱ་སྨུག་གི་རྫི་རིལ་ཞེས་པ་མི་ཤེས་མོད།
- ཁྱེད་ཅག་ངའི་རྒྱབ་ལ་འབྱོར་དང་ཞེས་རྒྱབ་ལ་ཁུར་ཏེ་
- ནམ་མཁར་འཕུར་ནས་སོང་།
- འཕུར་མཐར་མཚོ་ཆེན་པོ་ཞིག་གི་མཐའ་རུ་གཡུག
- དེ་དུས་དགོང་རུབ་ལ་ཁད་དང་ཆར་བ་བབས་པས་
- འགྲོ་ལམ་མ་རྙེད་པར་དེ་ལ་ཉལ།
- མཚན་གུང་གིས་དུས་ལ་གཅིག་གིས་འགྲོ་རན་ནམ་
- ཟེར་བར་གཅིག་ཤོས་དེས་མ་རན་ཟེར།
- སྤྲང་བོའི་བུ་དེས་སྔས་མགོར་དང་རྟེན་མ་
- སོ་སོར་རྟ་མགོ་སྐམ་པོ་རེ་ཡོད་པར་
- སྔས་མགོ་ནས་དེར་ལག་སྙོབ་ཅིག་བྱས་ཏེ་མཚོ་རུ་འཕང་།
- རྟེན་མ་ནས་དེར་རྐང་ཐོས་བརྒྱས་ནས་མཚོ་རུ་འཕང་།
- དེ་ནས་ཡར་འབུད་རྒྱུ་མེད་པའི་སྨོན་ལམ་
- ཞེས་སྐེད་རགས་ལ་མདུད་པ་དགུ་བརྒྱབ་ཏེ་ས་ལ་བརྡབ།
- མ་གཞི་དེ་ནི་བདུད་ཀྱི་མགོ་དཔོན་ཡིན།
- ཕྱི་ཉིན་ཁོ་ཚོ་མུ་མཐུད་དུ་སོང་དུས་ལུང་ལ་གཉིས་ལ་ཐུག
- ལུང་བ་གཅིག་ནི་ཧ་ཅང་ཉམས་དགའ་བ་ཞིག་ཡོད་པར་
- རྒྱལ་པོའི་བུ་དང་བློན་པོའི་བུ་གཉིས་ཁ་མཐུན་པར་སོང་།
- སྤྲང་པོའི་བུ་འགྲོ་སའི་ལུང་པ་ནི་གཅན་གཟན་སྤྱང་ཀི་
- སོགས་ཡོད་པ་དང་། ཆུ་བྲག་གད་པ་འཐབ་ཡོད་པས་
- འཇིགས་སུ་རུང་བ་ཞིག་ཡིན། ཁྱོད་ལུང་པ་དེའི་ནང་དུ་སོང་།
- ངེད་གཉིས་འདི་ཕྱོགས་སུ་འགྲོ་ཞེས་བཤད།
- ཁོ་ཚོས་བྱ་སྨུག་གི་རྫི་རིལ་འཚོལ་བར་དབྱུག་རྟེན་དང་
- ཅ་ནེ་རེ་རེ་ཡོད་པར་རྗེས་སུ་བྱ་སྨུག་གི་རྫི་རིལ་སུས་རྙེད་ན་
- ཁོའི་དབྱུག་རྟེན་དེ་ཙན་ཏན་གྱི་སྡོང་བོར་གྱུར་རྒྱུ་དང་ཅ་ནེ་
- གསེར་གྱི་ཅ་ནེ་ལ་འགྱུར་ཏེ་ནང་དུ་མར་ཁུ་གང་འཁྱིལ་རྒྱུ།
- བྱ་སྨུག་གི་རྫི་རིལ་མི་རྙེད་མཁན་གྱི་དབྱུག་རྟེན་སྐམ་པ་དང་
- ཅ་ནེ་གས་འགྲོ་རྒྱུ་ཞེས་སྨོན་ལམ་བརྒྱབ་སྟེ་ལུང་མདོར་བཞག
- སྨོན་ལམ་བརྒྱབ་རྗེས་ཁོ་གཉིས་ལུང་བ་ཉམས་དགའ་བ་དེའི་
- ནང་དུ་སོང་ཏེ་སྤྲང་བོའི་བུ་ལུང་བ་འཇིགས་སུ་རུང་བ་དེར་
- གཅན་གཟན་གྱིས་ཟོས་ཏེ་ཤི་འགྲོ་སྙམ་སྟེ་ངན་སེམས་བཅངས།
- སྤྲང་བོས་བུ་ལུང་བའི་ཕུ་རུ་སོང་རྗེས་གཅན་གཟན་སོགས་
- ཟ་མཁན་ཅི་ཡང་མ་བྱུང་བར་སྡེ་བ་ཞིག་ལ་ཕྲད།
- སྡེ་བ་དེའི་ནང་དུ་ཐོན་རྗེས་སྡེ་བ་དེའི་སྡེ་མི་ཚོས་ཁོ་ལ་
- ཁྱོད་ཅི་ལྟར་ཡོང་བ་ཡིན། ང་ཚོའི་སྡེ་བ་འདིར་སྐྱེས་ཕོ་མོ།
- ལོ་རྒན་གཞོན་སོགས་མི་ཅི་ཡང་མ་ལྷག་པར་བདུད་ཀྱིས་
- ཟོས་སོང་བས་ཁྱོད་ཅི་ལྟར་ཡོང་བ་ཡིན་ཞེས་དྲིས།
- ཁོས་བདུད་དེ་ངས་འདུལ་ཡོང་བ་ཡིན་ཟེར།
- ཁྱོད་ལ་དྲིན་ལན་དུ་ཅི་ཞིག་བྱས་ན་དགའ་ཞེས་དྲིས།
- ཁོས་ང་ལ་བྱ་སྨུག་གི་རྫི་རིལ་ཞེས་པ་དགོས་པས་དེ་ཤེས་སམ་
- དྲིས་པར་ཁོ་ཚོས་བྱ་སྨུག་གི་རྫི་རིལ་ཞེས་པ་མི་ཤེས་མོད་
- གོང་དུ་སྡེ་བ་ཞིག་ཡོད་པ་དེར་སོང་ན་དེ་ཚོས་ཤེས་སམ་ཟེར།
- དེ་ཚོས་རྟ་ནོར་ལུག་གསུམ་སོགས་རྒྱུ་ནོར་མང་པོ་ཕུལ་མོད་
- ཁོས་རྗེས་སུ་བྱ་སྨུག་གི་རྫི་རིལ་ཞེས་པ་རྙེད་དུས་
- ལེན་རྒྱུ་ཡིན་ཞེས་ཕྱིར་སྡེ་བ་ལ་བཅོལ།
- དེ་དག་སྟེར་དགོས་དོན་ནི་ཁོས་འདྲེ་བཏུལ་ཏེ་
- ཐོན་པས་ཁོ་དགའ་བྱེད་དུ་ཕུལ་བ་ཡིན།
- ཁྱོད་ལ་ཅི་ཞིག་ཕུལ་ན་ལེགས་ཞེས་ཕུལ་བ་ཡིན།
- ཡར་སྔོན་སྐྱེ་ཕོ་མོ། ན་རྒན་གཞོན་མེད་པར་
- འདྲེ་དེས་ཟོས་སོང་བས་ཁོ་ལ་དྲིན་ལན་གྱི་ཚུལ་དུ་ཡིན།
- དེ་ནས་ཡར་སོང་རྗེས་སྡེ་བ་བར་མར་ཐོན་དུས་
- ཡང་སྡེ་མི་ཚོས་ཁོ་ལ་ཁྱོད་ཅི་ལྟར་ཡོང་བ་ཡིན།
- ང་ཚོར་ཤོག་ཁ་འགའ་ཡོད་མོད་བདུད་དེ་ཐོན་ན་སྐྱེས་ཕོ་མོ།
- ལོ་རྒན་གཞོན་མེད་པར་ཟོས་སོང་བས་ཉུང་ཙམ་ལས་མ་ལྷག
- སྤྲང་བོའི་བུས་བདུད་དེ་ངས་འདུལ་ཡོང་བ་ཡིན་ཞེས་བཤད།
- སྡེ་མི་ཚོས་ཁྱོད་ལ་དྲིན་ལན་དུ་ཅི་ཞིག་གི་དགའ་ཞེས་དྲིས།
- ཁོས་ང་ལ་བྱ་སྨུག་གི་རྫི་རིལ་དགོས་པས་དེ་ཤེས་སམ་དྲིས།
- སྡེ་མི་ཚོས་བྱ་སྨུག་གི་རྫི་རིལ་ཞེས་པ་གཏན་ནས་མི་ཤེས་མོད་
- དེའི་གོང་ན་སྡེ་བ་ཞིག་ཡོད་པས་དེར་དྲིས་དང་ཞེས་བཤད།
- དེ་ནས་ཡང་ཡར་སོང་བ་ན་སྡེ་བ་གོང་མར་ཐོན།
- སྡེ་བ་གོང་མའི་སྡེ་མི་ཚོས་ཡང་ཁོ་ལ་ཁྱོད་ཅི་ལྟར་ཡོང་བ་ཡིན།
- ང་ཚོར་སྡེ་བ་གསུམ་ཡོད་མོད། སྐྱེས་ཕོ་མོ་མེད་པར་
- བདུད་ཀྱིས་ཟོས་སོང་བས་ལྷག་གི་ཡོད་ནི་མ་རེད་ཟེར།
- སྤྲང་བོའི་བུས་བདུད་དེ་ངས་འདུལ་ཡོང་བ་ཡིན་ཞེས་བཤད།
- སྡེ་མི་ཚོས་ཁྱོད་ལ་དྲིན་ལན་དུ་ཅི་ཞིག་གི་དགའ་ཞེས་དྲིས།
- ཁོས་ང་ལ་བྱ་སྨུག་གི་རྫི་རིལ་དགོས་པས་དེ་ཤེས་སམ་དྲིས།
- སྡེ་མི་ཚོས་བྱ་སྨུག་གི་རྫི་རིལ་ཞེས་པ་ཤེས་ཟེར།
- ཁོས་དེ་ན་འགྲིག་སོང་ང་ལ་དགོས་པ་དེ་ཡིན་ཟེར།
- སྡེ་མི་ཚོས་བྱ་སྨུག་གི་རྫི་རིལ་ཟེར་བ་ནི་ང་ཡིན་ང་ཡིན་
- ཟེར་བཞིན་ཡར་འགྲོ་བ་ཞིག་དང་ང་མིན་ང་མིན་ཟེར་བཞིན་
- མར་འགྲོ་བ་གཉིས་ཡོད་ལ་དེ་གཉིས་ལས་ང་ཡིན་ང་ཡིན་
- ཟེར་མཁན་དེ་བྱ་སྨུག་གི་རྫི་རིལ་རེད།
- ཁོ་འདུག་སའི་གནས་ནི་ཙན་ཏན་གྱི་སྡོང་བོ་ཞིག་ཡིན།
- ང་ཚོས་ཁྱོད་ལ་སྒྲོ་བ་ཞིག་དང་སྟ་རེ་ཞིག་སྟེར།
- ཁྱོད་ཀྱིས་བྱ་སྨུག་གི་རྫི་རིལ་ལ་འདིའི་ནང་དུ་འབབ་བམ་དྲིས།
- མི་འབབ་ན་སྡོང་བོ་གཅོད་རྒྱུ་ཡིན་ཞེས་ཤོད།
- དེ་ནས་སྟ་རེ་ལོངས་ལ་སྒྲོ་བའི་ཁ་ཕྱེ་དགོས་ཟེར།
- བྱ་སྨུག་གི་རྫི་རིལ་རང་གི་གནས་ཁང་དུ་འཕུར་ཡོང་བར་
- སྡོང་བོ་གཅོད་པར་དོགས་ནས་སྒྲོ་ནང་དུ་བབས།
- སྒྲོ་བའི་ནང་དུ་བབས་རྗེས་ཁྱོད་ཀྱིས་ཁ་གྲག་མི་རུང་ཟེར།
- ཁ་གྲག་ན་སྐབས་ཐོག་ཏུ་ཤོར་འགྲོ་ཟེར།
- བྱ་དེ་ཁུར་ནས་སོང་བའི་བར་ཤིག་ལ་ལྗིད་མང་བས་
- མ་ཐེག་པར་རྔན་པ་ཐེན་པས་བྱ་སྨུག་གི་རྫི་རིལ་ཕྱིར་ཤོར།
- ཁོ་རང་ཡང་བསྐྱར་ཕྱིར་སོང་སྟེ་སྔོན་གྱི་ལྟར་དུ་
- བྱ་སྒྲོ་བའི་ནང་དུ་བཅུག་རྗེས་ཁུར་ནས་ཡོང་།
- སྡེ་བ་གོང་མར་ཐོན། ད་འགྲོ་རན་པར་
- བྱ་དེ་གཡས་ལ་བབས་ཏེ་གསེར་བྱེ་ཟགས།
- གཡོན་དུ་བབས་ཏེ་དངུལ་བྱེ་ཟགས།
- སྐད་སྙན་སྣ་ཚོགས་སྒྲོགས་བཞིན་སྤྲང་བོའི་བུའི་
- ཕྲག་ཁ་གཡས་གཡོན་ལ་རང་དགར་བབས་ཏེ་
- ཡོང་དུས་ཡར་སྔོན་སྡེ་མི་ཚོས་འབུལ་བའི་
- རྟ་ནོར་རྣམས་འབའ་སྡིར་ངུར་སྡིར་བྱེད་བཞིན་
- འདེད་མི་དགོས་ཁོའི་རྗེས་སྙེག་ནས་ཐོན།
- སྡེ་བ་བར་མ་ལ་ཐོན་དུས་འབུལ་བའི་རྟ་ནོར་སོགས་
- འདེད་མི་དགོས་པར་ངུར་སྡིར་བྱས་རྗེས་སྙེག་ནས་ཐོན།
- སྡེ་བ་ཞོལ་མར་ཐོན་དུས་ཡང་འབུལ་བའི་སེམས་ཅན་
- ཚང་མ་ངུར་སྡིར་བྱས་རྗེས་སྙེགས་ནས་ཐོན།
- དེ་ལྟར་ཐོན་པར་སྤྲང་པོའི་བུ་རང་ཉིད་ཡང་དགའ།
- དང་ཐོག་རྒྱལ་པོའི་བཀའ་ལ་སྤྲང་བོའི་བུས་
- བྱ་སྨུག་གི་རྫི་རིལ་རྙེད་ན་རྒྱལ་པོའི་རྒྱལ་ས་
- སྟེར་རྒྱུ་དང་རྒྱལ་པོའི་བུས་སྤྲང་བོའི་ཕ་མ་གསོ་དགོས།
- བློན་པོའི་བུས་བློན་པོ་བྱེད་རྒྱུ་དམ་བཅས་ཡོད།
- དེ་ལྟར་སོང་བར་ནོར་གྱིས་ངུར་སྡིར་བྱས་ལ་
- ལུག་གིས་འབའ་སྡིར་བྱས། རྟས་འཚེར་སྡིར་བྱས།
- ཁོ་ལུང་མདོར་ཐོན་དུས་གྲོགས་པོ་གཉིས་ཀ་
- ལུང་པ་ཡིད་དུ་འོང་བ་དེར་སོང་བ་དང་
- སྤྲང་པོའི་བུ་ལུང་པ་འཇིགས་རུང་དེར་སོང་བར་
- བྱི་སྨུག་གི་རྫི་རིལ་ཁོས་རྙེད།
- ཁོ་ལུང་མདོར་ཐོན་དུས་གྲོགས་པོ་གཉིས་ཐོན་མེད།
- ཁོའི་དབྱུག་རྟེན་དེ་དངོས་གནས་ཙན་ཏན་གྱི་སྡོང་བོར་
- སྐྱེ་ལ་ཅ་ནེ་གསེར་གྱི་ཅ་ནེ་ལ་གྱུར་བ་
- མ་ཟད་ནང་དུ་མར་ཁུ་གང་འཁྱིལ་ཡོད།
- ཁོས་གསེར་གྱི་ཅ་ནེའི་ནང་གི་མར་ཁུ་འཐུང་རྗེས་
- རྒྱལ་པོའི་བུ་དང་བློན་པོའི་བུ་གཉིས་ཐོན་ཏེ།
- ཁོའི་བྱ་སྨུག་གི་རྫི་རིལ་རྙེད་ཡོད་པ་མཐོང་བས་
- རྒྱལ་པོའི་སྲོག་སྐྱོབས་བྱེད་དང་རྒྱུ་ནོར་འབྱུང་བྱེད་
- བླ་མ་སོགས་ཀྱིས་ལུང་བསྟན་པ་ལྟར་ཡིན་ཞེས་
- ཁྱོད་བརྒྱག་པ་རེད་ངེད་གཉིས་ལྟོག་པ་རེད།
- ཁྱོད་ཀྱིས་ངེད་ཚོར་ཇ་སྐོལ་དགོས་པས་ཆུ་ལེན་དུ་སོང་ཟེར།
- ཁོའི་ཡ་ཞེས་པར་ཁོ་གསུམ་པོའི་སྐེ་རགས་མཐུད་དེ་
- བྲག་ངོར་བབས་ཏེ་ཆུ་ཁར་སོང་།
- ཆུ་ཁར་ཐོན་རྗེས་ཆུ་བ་མ་གང་ཡར་བསྲིང་རྗེས་
- གྲོགས་པོ་གཉིས་ཀར་ང་ཡར་ཐེན་དང་ཟེར་བར་གྲོགས་
- གཉིས་ཀྱིས་ངན་སེམས་གནོད་སེམས་བཅངས་ཏེ་མ་ཐེན།
- དེ་གཉིས་ཀྱིས་བྱ་སྨུག་གི་རྫི་རིལ་རང་གཉིས་ཀྱིས་
- རྙེད་པ་ཡིན་ཞེས་ཤོད་གོས་བསམ་སྟེ་ཁོ་བསྐྱུར།
- སྤྲང་བོའི་བུ་འཐེན་མཁན་མ་བྱུང་ན་ཤི་རྒྱུ་རེད།
- ཡུལ་པ་སོགས་ཀྱིས་དེ་ལྟེ་ལུས་པ་མི་ཤེས།
- སྤྲང་བོའི་བུ་འཐེན་མཁན་མ་བྱུང་བས་ངུ་འབོད་
- བར་སྐབས་ཤིག་ལ་ལམ་འགྲོ་བ་ཞིག་གིས་ཐོས་ཏེ་
- ཅི་ཡིན་བལྟས་པར་བྲག་འོག་གི་ཆུ་ཁར་མི་ཡོད་མཐོང་།
- སྤྲང་པོའི་བུས་ཁོ་ཡར་འཐེན་རོགས་ཞེས་པར་
- དེ་དག་གིས་ཐག་པ་སྣར་ཏེ་ཁོ་ཡར་བླངས།
- རྒྱལ་པོའི་བུ་སོགས་དང་བར་ཐག་རིང་བར་གྱུར།
- རྒྱལ་པོའི་བུ་དང་བློན་པོའི་བུ་གཉིས་སྔོན་ལ་སོང་སྟེ་
- རྒྱལ་སར་འབྱོར། ཟོག་མི་ངུར་ལ་རྟ་མི་འཚེར།
- ལུག་ཀྱང་མི་འབའ་བར་སྐུག་པ་བཞིན་སོང་།
- བྱ་སྨུག་གི་རྫི་རིལ་གཡས་སུ་བབས་དུས་སོལ་བྱེ་
- ཟགས་ལ་གཡོན་དུ་བབས་དུས་ཐལ་བྱེ་ཟགས།
- སྐད་ངན་སྣ་ཚོགས་སྒྲོགས།
- དེ་ལྟར་རྒྱལ་པོའི་ཕོ་བྲང་དུ་འབྱོར་རྗེས་
- རྒྱལ་པོར་ངེད་གཉིས་ཀྱིས་རྙེད་པ་ཡིན།
- ད་ཁྱོད་ཀྱིས་ནད་གཞི་དྲག་རྒྱུ་རེད་ཟེར་བ་ན།
- རྒྱལ་པོ་གཟིམས་ཁྲིའི་སྟེང་དུ་བཞུགས་པར་
- བློན་པོ་ཚང་མས་གཡས་གཡོན་ནས་བསྐྱོར་ཏེ་
- ཡར་བཞེངས་རྗེས་བྱ་འབབ་དུ་བཅུག་མོད་
- བྱ་གཡས་སུ་བབས་རུང་གཡོན་དུ་བབས་རུང་
- དེ་འདྲའི་ངན་པར་རྒྱལ་པོའི་ནད་གཞི་སེལ་མ་ཐུབ།
- རྒྱལ་པོའི་ངའི་ནད་གཞི་སྔོན་ལས་ཇེ་ངན་མིན་རུང་
- ནད་སེལ་མི་ཐུབ་ཞེས་ཟེར་སྐབས་སྤྲང་བོའི་བུ་ཐོན།
- རྟ་ནོར་ལུག་གསུམ་པོས་ངུར་སྡིར་
- འབའ་སྡིར་བྱས་ཁོའི་ཕྱོགས་སུ་ཞོགས།
- བྱ་དེ་ཡང་དགའ་བའི་ངང་ནས་རྒྱལ་པོའི་སྔས་མགོ་ནས་
- འཕུར་ཏེ་སྤྲང་བོའི་བུ་བསུ་མ་བྱེད་པར་
- ཐོན་ནས་གཡས་སུ་བབས་ཏེ་གསེར་བྱེ་དང་
- གཡོན་དུ་བབས་ནས་དངུལ་བྱེ་ཟགས།
- སྐད་སྙན་སྣ་ཚོགས་སྒྲོགས།
- དེ་ལྟར་སྤྲང་བོའི་བུ་རྒྱལ་པོའི་མདུན་སར་
- ཐོན་ཏེ་ཡབ་རྒྱལ་པོ་ལགས།
- བྱ་སྨུག་གི་རྫི་རིལ་དེ་ངས་རྙེད་པ་ཡིན་མོད།
- ཁྱོད་ཀྱི་བུ་དང་བློན་པོའི་བུ་གཉིས་ཀྱིས་
- ཁོ་གཉིས་ལྟོག་པར་ཁ་གཡར་ཏེ་ང་བྲག་ཞོལ་ནས་
- བསྐྱུར་བ་ཡིན་ཞེས་ཞུས་ཏེ་བྱ་སྨུག་གི་རྫི་རིལ་
- རྒྱལ་པོར་སྨན་བཅོས་བར་མངགས་དུས་
- རྒྱལ་པོའི་ནད་གཞི་དངོས་གནས་དྲག་སོང་བས་
- ཁོས་བུ་སྤྲང་པོ་གསོ་བར་མངགས་པ་དང་
- བློན་པོའི་བུ་བློན་པོའི་སར་བཞགས་ཏེ་
- དམ་བཅས་པ་ལྟར་སྒྲུབ་པ་དང་རྫོགས་སོ།།
- མི་ལ་ངན་སེམས་གནོད་སེམས་འཆང་ན་
- གནའ་དུས་ནས་བྱ་བ་མི་འགྲུབ་པར་བསྟན་ཡོད།
- མི་ལ་བསམ་པ་དཀར་པོ་ཡོད་ན་སྤྲང་པོའི་བུ་
- རྒྱལ་ཁག་ཞིག་གི་རྒྱལ་པོ་བཟུང་པ་མ་ཟད་
- དབང་ཆ་དང་རྒྱུ་ནོར་ཚང་མ་ཁྱོད་ལ་ཡོད་མི་ནུས།
- རྒྱུ་འབྲས་བརྩི་ཐུབ་ན་དེ་འདྲའི་ལེགས་པོ་བྱུང་སྲིད།
- བྱ་སྨུག་གི་རྫི་རིལ་གྱི་མཇུག་རྫོགས་སོ།།