Video Overview
Tibet University professor Khetsun provides an oral commentary on "The Sermon of an Itinerant Yogin" from The Life of Shabkar (Shabkarpé Namthar).
- རྒན་མཁས་བཙུན་
- རྒན་མཁས་བཙུན་
- རྒན་མཁས་བཙུནཨོའོ་་་་ད་དེ་ནས་དེ་རིང་ང་རང་ཚོ་སློབ་ཚན་འཁྲིད་ཡས་དེ་དེ་རེད་བཞག་ཞབས་དཀར་པའི་རྣམ་ཐར་འོང་་་་ཞབས་དཀར་པའི་རྣམ་ཐར་ཟེར་ཡས་དེ་རེད།
- རྒན་མཁས་བཙུནད་དེ་ཞབས་དཀར་བ་ཟེར་ཡས་དེ་ཨེ་་་་མི་དེའི་གི་ད་གཅིག་གི་ཁོང་རང་གི་ལོ་རྒྱུས་བཤད་ཀྱི་ཡོའོ་༿ཡོད་༾རེད་རྣམ་ཐར་ཟེར་དུས་ཙ་ནས་ད་ཁོང་རང་གི་ལོ་རྒྱུས་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨ་ནི་་་་ལོ་རྒྱུས་དེ་ང་རང་ཚོ་མི་ཕལ་པའི་ལོ་རྒྱུས་དང་ཡང་གཅིག་གི་བླ་མ་ཆེན་པོའི་དེ་འདྲས་ཀྱི་ལོ་རྒྱུས་དང་ལོ་རྒྱུས་མང་པོ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནབྱས་ཙང་དཱ་་་་མི་ཕལ་པའི་ལོ་རྒྱུས་ལ་རྣམ་ཐར་ཟེར་གྱི་མ་རེད།
- རྒན་མཁས་བཙུནཨཱ་་་་ད་དེ་འདྲས་ཀྱི་སྐྱེས་བུ་དམ་པ་བླ་མ་ཆེན་པོ་སངས་རྒྱས་ལྟ་བུ་དེ་འདྲས་ཀྱི་ཁོང་རང་གི་ལོ་རྒྱུས་དེ་ལ་རྣམ་ཐར་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་དེ་སོང་ཙང་དེ་ཡང་ཞབས་དཀར་པ་ཟེར་མཁན་དེ་ཡང་རྦད་གཅིག་གི་ཆོས་ལུགས་ཀྱི་རྟོགས་པ་མཐོ་པོ་སླེབས་པའི་མི་སོང་ཙང་ཨ་ནི་་་་ཁོང་རང་གི་ལོ་རྒྱུས་དེ་ལ་ཡང་རྣམ་ཐར་ཟེར་མིང་བཏགས་པ་རེད།
- རྒན་མཁས་བཙུནབྱས་ཙང་ད་དེ་ཞབས་དཀར་པའི་རྣམ་ཐར་ནང་ལོགས་ལ་དོན་དག་གཙོ་ཆེ་ག་རེ་བསྟན་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཞབས་དཀར་བ་ཟེར་ཡས་ཀྱི་མཁས་པ་དེ་ཁོང་རང་དང་པོ་འཁྲུངས་ས་ཡིན་ན་གཅིག་གི་མདོ་སྨད་རེབ་གོང་ས་ཆར་འཁྲུངས་ཨོའོ་ཨ་ནི་་་་དུས་ཚོད་བྱས་པ་ཡིན་ན་ཨ་ནི་་་་ང་རང་ཚོའི་སྤྱི་ལོའི་དབང་གིས་བྱས་པ་ཡིན་ན་སྤྱི་ལོ་གཅིག་སྟོང་བདུན་བརྒྱའི་ནང་ལོགས་ལ་ཨ་ནི་་་་རེབ་གོང་གི་ས་ཆར་འཁྲུངས་པའི་དེ་འདྲས་ཀྱི་བོད་རིགས་གཅིག་རེད།
- རྒན་མཁས་བཙུནད་ཁོང་འཁྲུངས་ནས་གཅིག་གི་ཨ་ནི་་་་དེའི་རྗེས་ལ་ག་རེ་གནང་པ་རེད་ཟེར་ན་སྔོན་ལ་ཡ་ང་རང་ཚོ་ལམ་སང་ཆུང་ཆུང་སྒང་ནས་གྲྭ་པ་མ་བྱས་པ་གཅིག་གི་སྔོན་ལ་ང་རང་ཚོ་ཁྱིམ་པའི་ཨ་ནི་་་་ཁྱིམ་ཚང་གི་ནང་ལོགས་ལ་བཞུགས་པའི་བཞུགས་བྱས་དེ་འདྲས་ཀྱི་འཚོ་བ་བསྐྱལ་པའི་མི་གཅིག་རེད་གསུངས་པ་རེད།
- རྒན་མཁས་བཙུནད་་་་ཁྱིམ་ཚང་གི་ནང་ལ་བཞུགས་དུས་ཁྱིམ་ལ་བཞུགས་དུས་ཙ་ནས་ཁོང་གི་མིང་ལ་ཞབས་དཀར་ཟེར་གྱི་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནངག་དབང་བཀྲ་ཤིས་ཟེར་བྱས་ནས་མིང་དེ་ལ་དེ་འདྲས་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཁྱིམ་ལ་བསྡད་དུས་ཙ་ནས་ད་དེ་ནས་ཁོང་རང་གྲྭ་པ་བྱས་པ་རེད་ཟེར། ད་དེ་ནས་རབ་ཏུ་བྱུང་བའི་མཚན་དེ་ལ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ཨ་ནི་་་་བྱམས་པ་ཆོས་དར་ཟེར་བྱས་ནས་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནད་དེ་ནས་རབ་ཏུ་བྱུང་ཨ་ནི་་་་གཞི་ནས་ཁོང་རང་གི་གསང་སྔགས་ཀྱི་ཆོས་དེ་ཚོ་ལ་སློབ་སྦྱོང་གནང་ནས་ཨ་ནི་་་་རྗེས་མར་རྟོགས་པ་མཐོ་པོ་སླེབས་པ་རེད་པཱ། བྱས་ཙང་གསང་སྔགས་ལ་བཞུགས་པའི་མིང་དེ་ལ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ཨ་ནི་་་་ཚོགས་དྲུག་རང་གྲོལ་ཟེར་ཞུ་གྱི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནའོང་་་་འདི་འདྲས་ཀྱི་ད་ཁོང་རང་མི་གཅིག་ལ་ཡ་གཅིག་གི་གནས་སྐབས་མི་འདྲ་མི་འདྲ་དབང་གིས་མིང་གསུམ་འདུག་བཟོ་བྱུང་པ་རེད།
- རྒན་མཁས་བཙུནའོང་་་་ད་ཁོང་རང་གི་དེའི་གི་ནང་ལོགས་ནས་ཡིན་ན་གཅིག་གི་གཙོ་བོ་རྣམ་ཐར་དེ་ག་ནས་བྱུང་པ་རེད་ཟེར་ན། ཁོང་རང་གི་སོ་སོའི་རྣམ་ཐར་སོ་སོས་བྲིས་པ་རེད་འོང་་་་། སོ་སོས་བྲིས་པ་དེ་ག་རེ་རེད་ཟེར་ན། ཨ་་་་ཁོང་རང་ལ་སློབ་མ་མང་པོ་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནཁོ་རང་གི་སློབ་མ་དེ་ཚོས་ཁོང་རང་ལ་ཡར་ཞུ་བ་འཐེན་གསོལ་བ་བཏབ་ནས་ཨ་ནི་་་་ཁྱེད་རང་གི་རྣམ་ཐར་དེ་གཅིག་བྲིས་རོགས་བྱེད་ཟེར་ཨོའོ་་་་ག་རེ་རེད་ཟེར་ན་ཁྱེད་རང་གིས་རྣམ་ཐར་དེའི་ནང་ལོགས་ལ་ད་གཅིག་གི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་དཔེར་ན་སོ་སོའི་སེམས་ཀྱི་ནང་ལོགས་ཀྱི་རྟོགས་པ་དང་ནུས་པ་དང་འོང་་་་ཤེས་བྱ་ཡོན་ཏན་ག་རེ་ཡོད་པ་རྣམས་ཁ་ནས་མགུར་གྱི་རྣམ་པ་ལ་བཏང་ཐུབ་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནབྱས་ཙང་དེ་འདྲས་མཐུན་མོང་མ་ཡིན་པ་ཞེ་པོ་གཅིག་འདུག་བྱས་ཙང་ཨ་ནི་་་་རྣམ་ཐར་གཅིག་འབྲི་རོགས་བྱེད་ཟེར་བྱས་བྱས་ཨ་ནི་་་་གསོལ་བ་སྨོན་ལམ་བཏབ་བྱས་ཞུས་ཙང་ཨ་ནི་་་་ཁོང་གིས་སོ་སོའི་རྣམ་ཐར་དེ་བྲིས་པ་རེད་བྱས་པ་རེད།
- རྒན་མཁས་བཙུནའོ་ཡ། ད་བྱས་ཙང་ཁོང་རང་དང་པོ་སྐྱེས་པ་ནས་ཨ་ནི་་་་རྗེས་མར་མ་གའི་ག་རེ་ཟེར་དགོས་རེད་པས། ཨེ་་་་སྐུ་མ་གཤེགས་ཀྱི་བར་དུ་གཅིག་གི་ད་ཨེ་་་་ལོ་རྒྱུས་གཅིག་ཡོའོ་༿ཡོད་༾རེད་པཱ།འོ་་་་དེ་ཁོང་རང་གིས་གསུངས་པ་རེད།
- རྒན་མཁས་བཙུནའོ་་་་བྱས་ཙང་གསུངས་པ་དེ་གས་དེ་ཨེ་་་་ག་རེ་ཟེར་དགོས་རེད་པས་དེབ་ཡིན་ན་རྒྱས་ཞིང་རྒྱས་པ་འདུག་གཱ
- རྒན་མཁས་བཙུནཨཱ་་་་དཔེ་ཆ་འཐུག་པོ་ཡོའོ་༿ཡོད་༾རེད་བྱས་ཙང་ང་རང་ཚོ་ད་རེས་གདམས་ཡས་དེ་ག་རེ་རེད་ཟེར་ན། དེའི་ནང་ལོགས་ནས་དུམ་བུ་གཅིག་རེད་བཞག
- རྒན་མཁས་བཙུནད་བྱས་ཙང་དུམ་བུ་དངོས་དེ་མགོ་བཙུགས་ཀྱི་ཡིན་ང་རང་ཚོ་འོང་་་་བྱས་ད་ང་རང་ཚོ་གདམས་ཡས་ཀྱི་དུམ་བུ་དེ་ནས་གདམས་བཞག ཡང་རོང་ལྷོ་ངོས་ཕྱུག་པོ་དང་། སྤུ་ཧྲེང་སྟོད་སྨད་བར་གསུམ་ལ་རིམ་གྱིས་སོང་ནས། གྲྭ་བུ་སློབ་ཡོན་བདག་བརྒྱ་སྟོང་དུ་མ་ལ། ཚེ་དབང་དང་ཐུགས་རྗེ་ཆེན་པོའི་དབང་། ཡི་དམ་ལྷ་ཡི་བསྐྱེད་རྫོགས་ཀྱི་ལུང་ཁྲིད་དང་། གཞན་ཡང་གང་ལ་གང་འཚམས་ཀྱི་ཆོས་མང་པོ་བཤད་དུས་ཟེར།
- རྒན་མཁས་བཙུནཨོའོ་་་་ད་དེ་ནས་མར་རེད་བཞག་དེ་ནས་མར་རེད་བཞག འོ་་་་ད་དེ་ནས་མར་གདམས་འདུག་བྱས་ད་དེ་ནས་མར་འཁྲིད་ཡས་བྱས། ད་དེ་བྱེད་དུས་ཙ་ནས་ཨེ་་་་། ང་རང་ཚོ་ཞབས་དཀར་པའི་རྣམ་ཐར་དེའི་ནང་ལོགས་ལ་ཡིན་ན་གཙོ་བོ་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཁོང་རང་གིས་ཁོང་རང་ཆོས་ལུགས་པའི་མི་སྣ་གཅིག་སོང་ཙང་ཨ་ནི་་་་ཁོང་རང་གིས་གསུངས་པའི་མགུར་དེ་ཚོར་ནང་དོན་ད་རྦད་དེ་མང་པོ་གཅིག་གཅིག་གིས་ཆོས་ཀྱི་ནང་དོན་དང་འབྲེལ་བ་ཟབ་པོ་འདུག་ག། ནང་པ་སངས་རྒྱས་པའི་ཆོས་དང་ཆོས་ཀྱི་ནང་དོན་དང་འབྲེལ་བ་ཟབ་པོ་ཡོའོ་༿ཡོད་༾རེད་བྱས་ཙང་ཁོས་ཚིག་དེ་ཚོར་ང་རང་ཚོ་གོ་བ་གཅིག་ཆགས་པ་བྱེད་དགོས་ཀྱི་འདུག་གཱ
- རྒན་མཁས་བཙུནའདིར་ཁོང་རང་ད་ལྟ་ས་ཆ་རས་དེ་ད་ཁོང་རང་ཞབས་དཀར་ཟེར་ཡས་དེ་དེ་འདྲས་རེད་འདུག་ག ལུང་པ་གཅིག་ལ་མ་བསྡད་པ་བྱས་འཚོ་བ་བསྐྱལ་གྱིན་མ་བསྡད་པ་བྱས། ག་༿གང་༾ས་ག་༿གང་༾ལ་བོད་ཀྱི་ལུང་པ་ད་གཅིག་གི་མ་ནས་སྨད་ཀྱི་མདོ་ཁམས་སྒང་དྲུག་ནས་སྟོད་ཀྱི་མངའ་རིས་བར་དུ་ཆ་ཚང་ཁོང་རང་གིས་དབུས་གཙང་རུ་བཞི་དང་བྱས་པ་ཆ་ཚང་ལ་ཁོང་རང་གིས་གནས་བསྐོར་ལ་ཡ་དེ་འདྲས་ཟེར་ཕྱིན་ནས་ད་དེའི་རིང་སྒང་ལ་ཞོར་དུ་སྒྲུབ་པ་བརྒྱབ། ཨ་ནི་་་་གདུལ་བྱ་རྣམས་ལ་ཆོས་བཤད་ཨོའོ་་་་དེ་འདྲས་བྱས་བྱས་ཨ་ནི་་་་རྦད་དེ་དེ་འདྲས་ཀྱི་མི་སྣ་གཅིག་རེད་འདུག་གཱ
- རྒན་མཁས་བཙུནསོང་ཙང་ད་ད་ལྟ་ཁོང་རང་ག་པར་སླེབས་པའི་སྐབས་རེད་ཟེར་ན། སྟོད་མངའ་རིས་ཀྱི་སྤུ་ཧྲེང་དང་ཨོའོ་་་་དེ་གས་དེ་ལ་སླེབས་པའི་གཡས་གཡོན་གཅིག་ལ་གནས་ཚུལ་དེ་གདུལ་བྱ་རྣམས་ལ་ཆོས་དེ་གསུངས་པ་རེད།ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་་་་དེའི་སྐབས་དེར་རེད། སོང་ཙང་ད་འོང་་་་གྲྭ་བུ་སློབ་ཟེར་དུས་ཙ་ནས་གྲྭ་པ་དང་ཁོང་རང་གི་སློབ་མ་བུ་སློབ་རེད་པ། ཨོའོ་་་་ཡོན་བདག་ཟེར་ན་ཁོང་རང་ལ་འཚོ་བ་འཕུལ་མཁན་གྱི་སྦྱིན་བདག དེ་འདྲས་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནད་དེ་འདྲས་ཡིན་ན་བརྒྱ་སྟོང་ཕྲག་མང་པོ་ལ་ཟེར་ན་གྲངས་ཀ་མང་པོ་འདུག་གཱ གྲངས་ཀ་མང་པོ་ལ་ཁོང་རང་གིས་ཆོས་ག་རེ་གནང་པ་རེད་ཟེར་ན། ཁོང་ཚོ་ལ་ཚེ་དབང་ཟེར་ཡས་གཅིག་གནང་པ་རེད་བྱས་པ་རེད།
- རྒན་མཁས་བཙུནཚེ་དབང་ཟེར་ན་ཨ་ནི་་་་ང་རང་ཚོའི་ཚེའི་དབང་གིས་ཕར་གཅིག་གིས་གདུལ་བྱ་དེ་ཚོ་ཚེ་ལ་གནོད་པ་མི་ཡོང་བའི་ཆེད་དུ་འོ་་་་དེ་འདྲས་ཀྱི་ཆེད་དུ་ཡིན་ན་དབང་བསྐུར་ཡས་ཀྱི་ཆོ་ག་གཅིག་བྱེད་རྒྱུ་ཡོའོ་༿ཡོད་༾རེད། དེ་གསང་སྔགས་ཀྱི་སྒོ་ནས་འོ་བྱས་ཙང་ཁོས་དེ་འདྲས་ཀྱི་ཚེ་དབང་བསྐུར་པ་རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་ཡ་་་་ད་དེ་ནས་ཐུགས་རྗེ་ཆེན་པོའི་དབང་ཡང་བསྐུར་པ་རེད་ཟེར་ཐུགས་རྗེ་ཆེན་པོའི་དབང་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་ལྷ་ཐུགས་རྗེ་ཆེན་པོ་ཟེར་ཡས་གཅིག་ཡོའོ་༿ཡོད་༾རེད་པཱ། ཨོའོ་་་་དེའི་སྒོ་ནས་དབང་བསྐུར་ཡས་ཡོའོ་༿ཡོད་༾རེད་ཨོའོ་་་་དེ་འདྲས་རེད། ད་གསང་སྔགས་ལ་བཞུགས་པ་ཡིན་ན་དབང་ཟེར་ཡས་དེ་གལ་ཆེན་པོ་ཡོའོ་༿ཡོད་༾རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནནང་པ་སངས་རྒྱས་པས་ཡིན་ན་ཨོའོ་་་་་བྱས་ཙང་ཁོས་ཨ་ནི་་་་་གསང་སྔགས་ལ་བཞུགས་མཁན་རིགས་ཁོ་ལ་སྔོན་ལ་དང་པོ་ཡིན་ན་དབང་ཞུ་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར་དབང་འཐོབ་སོང་ན་ཨ་ནི་་་་གཞི་ནས་གསང་སྔགས་ཀྱི་ལམ་དེ་ལ་སྦྱངས་པ་བྱེད་ཆོག་གི་ཡོའོ་༿ཡོད་༾རེད། ཨོའོ་་་་དེ་འདྲས་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་ད་དབང་ཟེར་ཡས་དེ་ག་༿གང་༾རེད་ཟེར་ན་ང་རང་ཚོ་འཐོབ་ཐང་ཟེར་ཡས་བཟོ་འདྲ་གཅིག་རེད་པཱ།
- རྒན་མཁས་བཙུནའོང་་་་ད་གསང་སྔགས་དེ་སློབ་སྦྱོང་བྱེད་མཁན་ཡིན་ན་འཐོབ་ཐང་དེ་ལེན་དགོས་ཀྱི་ཡོའོ་༿ཡོད་༾རེད་དབང་ཟེར་ཡས་དེ་ཞུ་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནད་དབང་ཟེར་ཡས་དེ་རག་པ་ཡིན་ན་འཐོབ་པ་ཡིན་ན་ཨ་ནི་་་་གཞི་ནས་གསང་སྔགས་ཀྱི་ལམ་ལ་སྦྱངས་ཆོག་གི་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནད་འོ་ན་་་་གསང་སྔགས་ཀྱི་འཐོབ་ཐང་དབང་ཟེར་ཡས་དེ་ཞུ་བ་ལ་ཆ་རྐྱེན་གང་འདྲས་གཅིག་དགོས་རེད་ཞུ་མཁན་དེ་ལ་ཨོའོ་་་་བྱས་ཙང་དབང་སྟེར་མཁན་དབང་སྤྲད་མཁན་གྱི་བླ་མ་དེ་གས་ཆ་རྐྱེན་གང་འདྲས་གཅིག་གི་འོག་ལ་སློབ་མ་དེ་ལ་དབང་སྤྲད་དགོས་རེད།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་ཀྱི་ཆ་རྐྱེན་མང་པོ་ཡོའོ་༿ཡོད་༾རེད་ད་ཨ་ལས་དབྱུགས་བཞག་རེད་པ། ཨོའོ་་་་ད་ཡི་དམ་ལྷའི་བསྐྱེད་རྫོགས་ཀྱིས་ཁྲིད་སོ་སོ་གདུལ་བྱ་སོ་སོ་དགའ་པོ་བྱེད་སའི་སེམས་ནས་བརྟེན་སའི་ཡི་དམ་གྱི་ལྷ་མང་པོ་ཡོའོ་༿ཡོད་༾རེད་པ། ཡོའོ་༿ཡོད་༾རེད་པ་ཨ་ནི་་་་ལྷ་དེ་ཚོས་བསྐྱེད་རིམ་དང་རྫོགས་རིམ་དེ་འདྲས་ཀྱི་སྒྲུབ་སྟངས་ཀྱི་ལུང་ཁྲིད་མང་པོ་བྱས་པ་ཡིན་ཟེར།
- རྒན་མཁས་བཙུནབུ་སློབ་ཚོགས་ལ་ངས་འདུག་བཟོ་སྤྲད་པ་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད་ཞབས་དཀར་ཁོང་རང་གིས་རྣམ་ཐར་ཟུར་ཙམ་གསུངས་ཀྱི་འདུག་གཱ གཞན་ཡང་གང་ལ་གང་འཚམས་ཀྱིས་ཆོས་མང་པོ་བཤད་ཟེར། ཨ་ནི་་་་དེ་ཚོ་ཡིན་ན་གསང་སྔགས་ཀྱི་ཆོས་རེད་པཱ། ད་དེ་ཙམ་མ་ཡིན་པ་ཨ་ནི་་་་ང་རང་ཚོའི་གསང་སྔགས་གཅིག་པུ་མ་ཡིན་པ་གཞན་དག་མཐུན་མོང་གི་ལམ་དེ་འདྲས་ཡང་ངས་གདུལ་བྱ་རྣམས་ལ་སོ་སོ་རང་ལ་རང་ལ་ག་རེ་མཁོ་གི་༿ཡི་༾ཡོད་པ་དེ་ངས་བཤད་ཡིན་གསུངས་ཀྱིས་ཡོའོ་༿ཡོད་༾རེད་གང་ལ་གང་འཚམས་ཟེར་ཡས་དེ་ཡག་པོ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནགང་ལ་གང་འཚམས་ཟེར་དེ་གང་ཡིན་ཟེར་ན་འོང་་་་འདི་ཁོང་རང་མཁས་པ་ཡིན་པའི་རྟགས་རེད་པཱ། གང་ལ་གང་འཚམས་ཀྱིས་ཆོས་བཤད་པ་ཡིན་ཟེར་དུས་གཞན་༿མ་གཏོགས༾ནི་གང་ལ་གང་འཚམས་ཀྱི་ཆོས་མིན་པ་བྱས་དེང་སང་ཨ་ནི་་་་མི་མང་པོ་གཅིག་གིས་དེ་འདྲས་ཀྱི་གནས་ཚུལ་ལ་མ་བལྟས་པ་བྱས་ཨོའོ་་་་གང་བྱུང་མ་བྱུང་བཤད་སོང་ན་དེ་འགྲིག་གི་མེད་གསུངས་པ་རེད་ནང་པ་སངས་རྒྱས་པའི་ལུགས་ལ་ཨོའོ་་་་དེ་བྱས།
- རྒན་མཁས་བཙུནད་དེ་ནས་ཐོག་མར་ཆོས་ཀྱི་སྣོད་རུང་དུ་རྡོར་སེམས་སྒོམ་ཟླས་དང་། སློབ་མ་རྣམས་ཀྱི་སྤྱི་བོར་བླ་མ་སངས་རྒྱས་རྡོ་རྗེ་འཆང་གི་རྣམ་པར་བསྒོམས་ནས་བྱིན་རླབས་བྱས་ཏེ་ཟེར་ཨ་ནི་་་་་སློབ་མ་དེ་ཚོ་ལ་ཆོས་བཤད་དུས་ཙ་ནས་བཤད་སྟངས་འདྲ་དེ་ངས་དེ་འདྲས་བཤད་པ་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཐོག་མར་སློབ་མ་དེ་ཚོ་ཆོས་ཀྱི་སྣོད་དུ་རུང་བར་བྱེད་ཀྱི་ཆེད་དུ་ཨ་ནི་་་་རྡོར་སེམས་བསྒོམ་ཟླས་བྱེད་རུ་བཅུག་པ་དང་།རྡོར་སེམས་ཟེར་དུས་ཙ་ནས་རྡོར་རྗེ་སེམས་དཔའ་བསྒོམས་ཟླས་བྱེད་ཡས་ཡོའོ་༿ཡོད་༾རེད་པཱ།བསྒོམས་ཟེར་ན་སེམས་ཀྱི་ནང་དུ་བསྒོམས་ཟེར་གྱི་ཡོའོ་༿ཡོད་༾རེད། ཟླས་པ་ཟེར་ན་ཁ་ནས་སྔགས་ཟླས་པ་ཟེར་གྱི་ཡོའོ་༿ཡོད་༾རེད།སྒོམས་ཟླས་སྒོམས་ཟླས་ཁ་ནས་ཟླས་པ་དང་ཡང་ཡིད་ཀྱིས་ཟླས་པ་དེ་འདྲས་ཡོང་གི་རེད་པཱ།ཨོའོ་་་་དེ་འདྲས་སྒོམས་ཟླས་བྱས་པ་རེད་ཟེར་།
- རྒན་མཁས་བཙུནསློམ་མ་རྣམས་ཀྱི་སྤྱི་བོར་ཟེར་ན་སློབ་མ་དེ་ཚོ་མ་གིར་ཆོས་ཞུ་མཁན་གྱི་སྤྱི་བོ་ལ་མགོའི་སྤྱི་གཙུགས་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། ཨ་ནི་་་་ག་རེ་བྱས་པ་རེད་ཟེར་ན་བླ་མ་བྱང་ཆུབ་སངས་རྒྱས་རྡོ་རྗེ་འཆང་གིས་རྣམ་པ་བསྒོམས་ནས་ཨ་ནི་་་་ཕ་གའི་ཆོས་མཉན་མཁན་དེ་ཚོས་ཨ་ནི་་་་་མགོ་ལ་ཡིན་ན་ཨ་ནི་་་་་ཕ་གའི་རྡོ་རྗེ་འཆང་དེ་འདྲས་ཡོའོ་༿ཡོད་༾རེད་ཟེར་བྱས་ནས་སོ་སོས་མོས་པ་བྱས། ད་འོང་་་་་དེ་འདྲས་ཟེར་བྱས་དེ་གསང་སྔགས་གསང་སྔགས་ཀྱི་སྒོ་ནས་མོས་པ་འདུག་བཟོ་བྱས་ནས་བསྒོམ་པ་རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་ཡག དེ་བསྒོམ་རུ་བཅུག་བྱིན་རླབས་བྱས་དེ་ནས་ཨ་ནི་་་་་མཐུན་མོང་གི་ཆོས་ཡང་འདུག་བཟོ་བཤད་པ་ཡིན་བྱས་པ་རེད། འདི་ཚོ་ད་ལྟ་གཙུག་གཏོར་ལ་ཡ་སྤྱི་གཙུགས་ལ་རྡོ་རྗེ་འཆང་བསྒོམས་ཡས་དེ་ཚོ་གསང་སྔགས་ཀྱི་སྒོ་ནས་བསྒོམས་སྟངས་རེད་པཱ། ཨོའོ་་་་ད་དེ་ནས་གསང་སྔགས་གཅིག་པུ་མ་ཡིན་པ་ང་རང་ཚོ་མཐུན་མོང་གིས་གཅིག་གི་ཨ་ནི་་་་བསམ་བློ་བཏང་ཡས་ཨོའོ་་་་དེ་འདྲས་ཀྱི་ཆོས་ཡང་ངས་བཤད་པ་ཡིན་གསུངས་ཀྱི་འདུག་ག་འདི་ནས་མར་མཐུན་མོང་གིས་ཆོས་བཤད་ཀྱང་འདི་ལྟར་བྱས་སོ། ད་དེ་ནས་མར་མཐུན་མོང་གི་ཆོས་བཤད་པ་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད། འོ་ཡག མཐུན་མོང་གི་ཆོས་ཟེར་དགོས་ཡས་དེ་ག་རེ་རེད་ཟེར་ན། འདི་གསང་སྔགས་སློབ་སྦྱོང་བྱེད་མཁན་ལ་ཡང་བསམ་བློ་འདུག་བཟོ་བཏང་སྟངས་དེ་ཤེས་དགོས་ཀྱི་རེད་ཟེར།
- རྒན་མཁས་བཙུནཨཱ་་་་སྤྱིར་བཏང་གི་གསང་སྔགས་མ་ཡིན་པའི་ང་རང་ཚོའི་ལམ་ཁག་གཞན་དག་གི་སྒོ་ནས་གཅིག་ཨ་ནི་་་་རྦད་དེ་གཅིག་གི་ཐར་པའི་གོ་འཕང་སྒྲུབ་མཁན་གྱི་གང་ཟག་ཚོ་ཡང་ཨ་ནི་་་་ལམ་ཁག་དེ་དགོས་རེད་ཟེར།
- རྒན་མཁས་བཙུནབྱས་ཙང་ཨ་ནི་་་་ང་རང་ཚོ་གསང་སྔགས་དང་གསང་སྔགས་མ་ཡིན་པའི་མཐུན་མོང་སྒྲུབ་ཡས་ཀྱི་ལམ་དེ་དེ་འདྲས་གཅིག་རེད་བྱས་ཙང་། སྐབས་དེའི་དུས་གདུལ་བྱ་དེ་ཚོ་ལ་ཆོས་འདི་བཤད་པ་ཡིན་གསུངས་ཀྱི་ཡོའོ་༿ཡོད་༾རེད་ད་ཞབས་དཀར་པས།
- རྒན་མཁས་བཙུནཨོའོ་ཡག ད་དེ་འདྲས་གསུངས་བཞག འོ་་་་དེ་ཡང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་དཔལ་ལྡན་བླ་མ་དམ་པ་འདིའི་དྲུང་ནས་ཆོས་ཟབ་མོ་གསན་ནས། ཕྱིན་ཆད་ཉམས་སུ་བླང་བར་བགྱིས་སྙམ་པའི་བསམ་པ་བཟང་པོའི་སྒོ་ནས་གསན་དགོས་ཏེ་ཟེར།
- རྒན་མཁས་བཙུནད་དེ་ཁོང་རང་གིས་ག་རེ་གསུངས་པ་རེད་ཟེར་ནཱ།འདི་གསུངས་པ་རེད། ཨ་་་་ཆོས་ཉན་མཁན་གྱི་གདུལ་བྱ་སློབ་མ་ཚོ་ལ་ཨ་ནི་་་་རེ་བ་སྟོན་པ་རེད།
- རྒན་མཁས་བཙུནརེ་བ་ག་རེ་སྟོན་པ་རེད་ཟེར་ན། ད་ང་དེ་རིང་ཁྱེད་རང་ཚོ་ལ་ཆོས་བཤད་ཀྱི་ཡིན་ཟེར་ངས་ཁྱེད་རང་ཚོ་ལ་ཆོས་བཤད་དུས་ཙ་ནས་ཨ་ནི་་་་ཁྱེད་རང་ཚོས་བསམ་བློ་གང་འདྲས་ཟེར་བཏང་དགོས་རེད་ཟེར་ན། ད་དེ་རིང་ང་བླ་མ་འདིའི་ཙ་ནས་ཆོས་ཉན་ནས་ཆོས་ག་རེའི་ཆེད་དུ་ཉན་དགོས་རེད་ཟེར་ན།
- རྒན་མཁས་བཙུནངའི་སེམས་ཀྱི་ནང་གི་དྲི་མ་ངན་པ་སྡུག་ཅག་དེ་ཚོ་ཨོའོ་་་་སེམས་གཙོག་པ་དེ་ཚོ་གང་ག་ལོགས་མེད་པ་བཟོས། ཨ་ནི་་་་ངས་སེམས་དེ་གཙང་མ་གཅིག་བཟོས་ཨ་ནི་་་་ངས་དེའི་རྗེས་ལ་ངས་སེམས་བཟང་པོ་འཁྱེར་བྱས་མི་གཞན་དག་དང་སེམས་ཅན་མང་པོ་ལ་ངས་ཕན་ཐོགས་ཡག་པོ་བྱེད་དགོས་བསམས་པའི་སེམས་བཟང་པོ་དེ་འདྲས་གཅིག་སྐྱེས་ནས་ཨ་ནི་་་་ཆོས་ཉན་དགོས་རེད་ཟེར་རེ་བ་དེ་འདྲས་བཏོན་པ་རེད། ཨོའོ་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ། འོང་བྱས། ཆོས་ཟབ་མོ་གསན་ནས་ཉན་ནས་ཟེར་གྱི་ཡོའོ་༿ཡོད་༾རེད་པཱ། ཨ་ནི་་་་ཕྱིན་ཆད་ཆོས་ཟབ་མོ་དེ་བླ་མས་གསུངས་པ་ནང་བཞིན་ངས་ཉམས་སུ་བླངས་ཨོའོ་་་་ཉམས་སུ་བླངས་ནས་སེམས་བཟང་པོའི་སྒོ་ནས་སེམས་ཅན་ལ་ཕན་ཐོགས་བྱེད་དགོས་སྙམ་པའི་སྒོ་ནས་ཆོས་འདུག་བཟོ་ཉན་དགོས་རེད་ད་གསུངས་པ་རེད།
- རྒན་མཁས་བཙུནཆོས་ཉན་དུས་ཉན་སྟངས་སེམས་བཟང་པོ་དེ་འདྲས་གཅིག་འཁྱེར་ནས་ཉན་དགོས་རེད་ཟེར་དེ་འདྲས་གཅིག་འཁྱེར་བྱས་ཆོས་ཟབ་མོ་ཉན་དགོས་རེད་མ་གཏོགས་གཅིག་གི་སེམས་ཀྱི་ནང་ལོགས་ལ་ཨ་ནི་་་་ཁོ་ལ་ཡ་ལྟ་ཚོད་བལྟ་ཡས་དང་ཨ་ནི་་་་གཅིག་གི་ཁོས་ཆོས་ཞེ་དྲག་ཤེས་ཀྱི་ཡོད་འདྲ་མེད་འདྲ་བསམ་ཉམས་ཚོད་ལེན་ཡས་བཟོ་འདྲ་དེ་འདྲ།
- རྒན་མཁས་བཙུནཡང་མིན་ན་ཁོའི་ཆོས་དེའི་ནང་ལོགས་ལ་སྐྱོན་ག་རེ་འདུག་བསམ་ཀྲུང་༿བསྲུང་༾ཡས་བཟོ་འདྲ་དེ་འདྲས་བྱས་ཉན་ན་ཨ་ནི་་་་ཁྱེད་རང་ལ་གཅིག་གི་ཆོས་ཀྱི་ནང་དོན་ཁོ་ནང་བཞིན་གཅིག་སེམས་ཀྱི་ནང་ལོགས་ནང་སྐྱེས་ཀྱི་མ་རེད་ཟེར། བྱས་ཙང་སེམས་པ་ངན་པ་དེ་འདྲས་མ་ཉན་ཟེར། སེམས་བཟང་པོ་གཅིག་དང་སེམས་དད་པའི་སྒོ་ནས་ཉན་ཞུ་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནདེ་ཞབས་དཀར་བ་ཁོ་རང་གིས་སྐབས་དེ་དུས་ཆོས་གསུངས་དུས་ཙ་ནས་ཉན་མཁན་གྱི་ཁོང་ཚོ་ལ་ཡ་གདུལ་བྱ་ཁོང་ཚོ་ལ་རེ་བ་དེ་བསྟོན་འདུག་གཱ འོ་་་་འདུག་བཟོ་བསྟོན་པ་རེད་བྱས་པ་རེད། ད་རེ་བ་དེ་བསྟོན་དགོས་པའི་རྒྱུ་མཚན་ཁོ་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནདེ་ཞབས་དཀར་བ་ཁོང་རང་གཅིག་གུ་༿པུ་༾རེ་བ་གཅིག་གུ་མ་རེད་ཟེར། དེ་ག་རེ་རེད་ཟེར་ན་ཆོས་གསུངས་མཁན་གྱི་ཨ་ནི་་་་རྦད་དེ་སྔོན་གྱི་ཨ་ནི་་་་སངས་རྒྱས་ནས་བཅས་ཨ་ནི་་་་རྦད་དེ་གཅིག་གི་གོང་མ་དམ་པ་འགང་ག་༿ཚང་མ་༾ལོགས་ཀྱིས་ཆོས་གསུངས་དུས་ཙ་ནས་ཨོའོ་་་་རེ་བ་ད་ག་བསྟོན་ཡོང་གི་ཡོའོ་༿ཡོད་༾རེད་ཟེར་དེ་འགྲིག་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནརེ་བ་བསྟོན་སྟངས་དེ་འགྲིག་ཡོའོ་༿ཡོད་༾རེད་ཟེར། བྱས་ཙང་ངས་རེ་བ་ད་ག་བསྟོན་གྱི་ཡིན་གསུངས་ཀྱི་ཡོའོ་༿ཡོད་༾རེད། ད་བྱས་ཙང་སྔོན་མའི་མཁས་པ་ཚོས་ཀྱང་རེ་བ་དེ་འདྲ་བསྟོན་བྱས་ཆོས་ཉན་ཤོག་གསུངས་ཀྱི་ཡོའོ་༿ཡོད་༾རེད། དེ་གསུངས་པའི་རྒྱུ་མཚན་ཁོ་ལ་ཨོའོ་་་་འདུག་བཟོ་བཀོད་པ་རེད།
- རྒན་མཁས་བཙུནརྒྱུ་མཚན་འདི་འདྲས་ཡོའོ་༿ཡོད་༾རེད་ཆོས་སེམས་བཟང་པོ་བྱས་ཉན་དགོས་ཡས་རྒྱུ་མཚན་དེ། དེ་ཡང་རྒྱུད་རྡོ་རྗེ་རྩེ་མོ་ལས་ཟེར། རྒྱུད་རྡོ་རྗེ་རྩེ་མོ་ཟེར་ཡས་དེ་ཡང་སངས་རྒྱས་ཀྱི་གསང་སྔགས་ཀྱི་དཔེ་ཆ་གཅིག་རེད།
- རྒན་མཁས་བཙུནརྒྱུད་རྡོ་རྗེ་རྩེ་མོ་ཟེར་ཡས་དེ་ཨོའོ་་་་། འོང་་་་རྒྱུད་ཀྱི་ནང་ལོགས་ནས་རྒྱུད་རྡོ་རྗེ་རྩེ་མོ་ཟེར་གྱི་རེད་པཱ། འོ་་་་འདི་ཡང་སངས་རྒྱས་ཀྱིས་གསུངས་པའི་གསུང་རབ་གཅིག་རེད་པ། དེའི་ནང་ལོགས་ལ་ཡོའོ་༿ཡོད་༾རེད་གསུངས་པ་རེད་ངས་ད་ལྟ་འདི་ཟེར་ཡས་དེ་ཨོའོ་་་་གང་འདྲས་ཟེར་གསུངས་པ་རེད་ཟེར་ན་རྒྱུད་རྡོ་རྗེ་རྩེ་མོའི་ནང་ལོགས་ནང་།འདུག་བཟོ་གསུངས་ཡོའོ་༿ཡོད་༾རེད་བྱས་རེད།
- རྒན་མཁས་བཙུནརྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། ཟེར་གསུངས་ཡོའོ་༿ཡོད་༾རེད་ཟེར་དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནརྟོགས་པ་ཐམས་ཅད་ལེགས་པར་བསྡུས་ནས་ཟེར་དུས་ཙམ་པར་རྟོགས་པ་སྡུག་ཅག་བསམ་བློ་ངན་པ་འོ་་་་དེ་ཚོ་འགང་ག་༿ཚང་མ་༾ལོགས་ཕར་བསྡུས་མེད་པར་བཟོས། མེད་པར་བཟོས་ནས་བསམ་བློ་བཟང་པོ་འཁྱེར་བྱས་ཨ་ནི་་་་ཆོས་ཉན་དགོས་རེད་ཟེར་བྱས་ནས་འོ་་་་འདི་ལབ་པ་རེད་བྱས་པ་རེད།
- རྒན་མཁས་བཙུནཨ་ནི་་་་བསམ་པ་བཟང་པོ་གང་འདྲས་གཅིག་འཁྱེར་དགོས་རེད་ཟེར་ན། ཨ་ནི་་་་བསམ་པ་བཟང་པོ་གང་འདྲས་གཅིག་ལ་ཟེར་གྱི་རེད་ཟེར་ན། ཨ་ནི་་་་རྦད་དེ་ངས་ཆོས་བཟང་པོ་དེ་ཉན་ཆོས་བཟང་པོ་དེ་ཉན་བྱས་ཨ་ནི་་་་ཆོས་དེའི་ནང་ལོགས་ནས་ག་རེ་བསྟན་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་སེམས་བཙོག་པ་དེ་བཙོག་པ་མེད་པ་བཟོས། སེམས་ངན་པ་དེ་སེམས་བཟང་པོ་ལ་བཟོས།ཨོའོ་་་་དེ་འདྲས་བཟོ་ཡས་ཀྱི་ཐབས་ཤེས་བཟང་པོ་བསྟན་གྱི་ཡོད་ཙང་ཆོས་བཟང་པོ་བྱས་པ་རེད།
- རྒན་མཁས་བཙུནབྱས་ཙང་དེ་འདྲས་བཟོ་ཡས་ཀྱི་ཆོས་བཟང་པོ་དེ་ངས་ཡག་པོ་གཅིག་བྱས་བྱས་ཉན། ཉན་པ་ལ་བརྟེན་ནས་ཆོས་ནས་གསུངས་པ་ནང་བཞིན་ངས་སྒྲུབ། གྲུབ་ནས་ཨ་ནི་་་་མཐར་ཐུག་ངས་སེམས་ཅན་ལ་ཕན་ཐོགས་བྱས་ཨ་་་་བསམ་པའི་སྒོ་ནས་སེམས་བཟང་པོ་གཅིག་གི་སྒོ་ནས་ཉན་དགོས་རེད།ཟེར་བྱས་ནས་རྒྱུད་རྡོ་རྗེ་རྩེ་མོ་ནས་འདི་འདྲས་གསུངས་བཞག་བྱས་པ་རེད།
- རྒན་མཁས་བཙུནདེ་ཙམ་དུ་མ་ཟད་ད་དུང་ཡང་ཚོམས་ལས་བྱས་པ་རེད། ཚོམས་ཟེར་ཡས་དེ་ཡང་སངས་རྒྱས་ཀྱི་གསུངས་གཅིག་རེད། ད་སངས་རྒྱས་ཀྱི་གསུང་ལ་ཆོག་དོ་༿མང་པོ་༾ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནབྱས་ཙང་ད་་་་ཁོ་ཚོའི་ནང་ལོགས་ནས་ལུང་འདི་གས་དེ་དྲངས་པ་རེད།ལུང་དྲངས་པ་ཟེར་གྱི་རེད་པ་དེ་ཚོ་ལ་ཡ་ད་ཞབས་དཀར་བས་ད་ལྟ་ཡང་ཚོམས་ལས་ཟེར་ཚོམས་ལུང་དྲངས་པ་རེད། འོང་་་་ད་ཚོམས་ཀྱི་ནང་ལོགས་ལ་ཡང་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནགཉིད་རྨོངས་ལེ་ལོ་རྣམས་སྤོངས་ལ། རབ་ཏུ་དགའ་བ་བསྐྱེད་དེ་ཉོན་གསུངས་པ་རེད།
- རྒན་མཁས་བཙུནད་ཆོས་ཉན་དུས་བསམ་བློ་དེ་འདྲས་གཅིག་འཁྱེར་ནས་ཉན་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར། འོ་ཡག གང་འདྲས་གཅིག་འཁྱེར་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། ཆོས་ཉན་ས་ལ་གཉིད་ཁུགས་ནས་བསྡད་དགོས་མ་རེད་འགྲིག་གི་མ་རེད།
- རྒན་མཁས་བཙུནཨ་་་་རྨུགས་རྨུགས་པ་ཟེར་ན་བསམ་བློ་ལ་ག་༿གང་༾གའི་བསམས་མ་ཐུབ་པ་བྱས་བྱས་ཨ་ནི་་་་ག་རེ་ཟེར་དགོས་རེད་པས་དྲན་མེད་ལ་ཡ་དྲན་པ་གང་ཡང་མེད་པ་ད་གཅིག་གི་ཨ་་་་སེམས་མར་འཐིབས་བསྡད་པའི་བཟོ་འདྲ་པོ་གཅིག་བྱས་བྱས་ཆོས་ཀྱི་ནང་དོན་གོ་མ་ཐུབ་པ་འོ་་་་དེ་འདྲས་བྱས་ནའི་འགྲིག་གི་མ་རེད་ཟེར།
- རྒན་མཁས་བཙུནཨ་ནི་་་་ཡང་ལེ་ལོ་བྱས་བྱས་བསྡད་པ་ཡིན་ན་ཡང་འགྲིག་གི་མ་རེད་ཟེར།ཨོའོ་་་་དེ་གས་དེ་སྤངས་བྱས་ཨ་ནི་་་་ཆོས་རབ་ཏུ་ཉན་དགོས་རེད་ཟེར།སེམས་དགའ་ཚོར་དང་ལྡན་པའི་སྒོ་ནས་ཆོས་ཉན་དགོས་རེད་ཟེར་བྱས་ནས་རེ་བ་དེ་འདྲས་བསྟོན་འདུག་ཟེར།
- རྒན་མཁས་བཙུནཨོའོ་་་་དེ་ནང་བཞིན་ཨ་ནི་་་་ཁྱེད་རང་ཚོས་ད་ངས་དེ་རིང་ཆོས་བཟང་པོ་བཤད་ཀྱི་རེད། བྱས་ཙང་སེམས་བཟང་པོ་བྱས་བྱས་ཉན་ཤོག་ཨཱ་་་་བྱས་བྱས་རེ་བ་དེ་བཏོན་གྱི་འདུག་གཱ ཞབས་དཀར་པས་འོང་་་་།
- རྒན་མཁས་བཙུནད་དེ་ནས་སྐྱེས་རབས་ལས་ཟེར་སྐྱེས་རབས་ལས་ཟེར་ཡས་དེ་ཡང་དེ་རེད་པ། ཨ་་་་སངས་རྒྱས་ཀྱི་བཀའི་ནང་ལོགས་ནས་སྐྱེས་རབས་རེད། སྐྱེས་རབས་ནང་ལོགས་ནས་ག་རེ་གསུངས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནནད་པའི་སྨན་པའི་ཚིག་ཉན་བཞིན། རིམ་གྲོ་བསྐྱེད་ལ་ཆོས་ཉོན་ཅིག་བྱས་པ་རེད།འོ་་་་ད་ཆོས་ཉན་མཁན་གྱི་བསམ་བློ་གང་འདྲས་གཅིག་འཁྱེར་བྱས་ཆོས་ཉན་དགོས་རེད་ཟེར་ན།དཔེར་ན་ཆ་བཞག་བྱས་པ་རེད།
- རྒན་མཁས་བཙུནདཔེར་ན་ཆ་བཞག་ན་ནད་པས་སྨན་པའི་ཚིག་ཉན་པ་བཞིན་འདི་དཔེ་རེད་དཔེ་དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་དཔེར་ན་ནད་པ་གཅིག་ཡོད་པ་ཡིན་ན། ནད་པ་ཁོ་ལ་ད་ལྟ་བཞེད་སྣང་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནན་ཚས་མནར་ནས་ན་ཚ་ཞེ་དྲག་བཏང་གི་རེད། བྱས་ཙང་ཁོ་སེམས་ཀྱི་ནང་ལོགས་ལ་བཞེད་སྣང་ཞེ་དྲག་ཡོའོ་༿ཡོད་༾རེད་སྡུག་བསྔལ་ཞེ་དྲག་ཡོའོ་༿ཡོད་༾རེད། ད་སྡུག་བསྔལ་དེ་སེལ་ཡས་ཀྱི་ཐབས་ཤེས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནསྨན་པ་འཚལ་དགོས་རེད་རེད་པཱ། ན་ཚ་བཟོ་མཁན་གྱི་སྨན་པ་འཚལ་དགོས་རེད་རེད་པཱ། ཨ་ནི་་་་སྨན་པ་འཚལ་བྱས་སྨན་པ་བརྙེད་ཀྱི་རེད་པཱ། བརྙེད་སོང་ན་སྨན་པས་ཨོའོ་་་་ཁྱེད་རང་གི་ན་ཚ་དེ་དེ་འདྲས་ཟེར་རེད་བཞག
- རྒན་མཁས་བཙུནན་ཚ་དེ་འདུག་བཟོ་རེད་དང་པོ་འབྱུང་རྐྱེན་དེ་འདྲས་ཟེར་བྱུང་བཞག ད་ལྟ་གནས་ཚུལ་དེ་འདྲས་རེད་ད་དེ་མེད་པ་བཟོ་དགོས་བྱུང་ན། ཐབས་ཤེས་དེ་འདྲས་ཟེར་བྱེད་དགོས་རེད་སྨན་དེ་འདྲས་ཟེར་བཏང་དགོས་རེད་ཟེར་བསླབ་སོང་ན། ཨོའོ་་་་ནད་པ་དེ་གས་སྨན་པ་ལ་སྨན་པ་ཁྱེད་རང་གིས་ག་རེ་བཤད་པ་ནང་བཞིན་ངས་བྱེད་ཀྱི་ཡིན་ཟེར།
- རྒན་མཁས་བཙུནཁ་ལ་ཡག་པོ་ཉན་གྱི་ཡོའོ་༿ཡོད་༾རེད་ཟེར། འོང་་་་སྨན་པ་དེས་འདི་མ་བཟའ་ཨ་་་་ཟེར་ན་བཟའ་གྱི་མ་རེད། འདི་བཟོ་ཨ་་་་ཟེར་ན་འདི་བཟའ་གྱི་རེད།འདི་འདྲས་ཟེར་བྱེད་ཨ་་་་ཟེར་ན་བྱེད་ཀྱི་ཡོའོ་༿ཡོད་༾རེད། འདི་འདྲས་ཟེར་མ་བྱེད་ཨ་་་ཟེར་ན་བྱེད་ཀྱི་ཡོའོ་༿ཡོད་༾མ་རེད། ནད་པ་དེས་སྨན་པའི་ཁ་ལ་ཡག་པོ་ཉན་གྱི་འདུག་ཟེར།
- རྒན་མཁས་བཙུནཉན་གྱི་རེད་པ་ཨོའོ་་་་འདུག་བཟོ་ནང་བཞིན་ཆོས་ཉན་མཁན་ཁྱེད་རང་གིས་ཨ་ནི་་་་ཆོས་བཤད་མཁན་དེ་ལ་ཆོས་ཉན་སྟངས་འདུ་བཟོ་ཉན་དགོས་རེད་ཟེར། རྒྱུ་མཚན་ག་རེ་རེད་ཟེར་ན། ཆོས་ཉན་མཁན་ཁྱེད་རང་ཡང་ད་ལྟ་ནད་པ་དང་གཅིག་པ་རེད་ཟེར།
- རྒན་མཁས་བཙུནརྒྱུ་མཚན་ག་རེ་རེད་ཟེར་ན་ཁྱེད་རང་གིས་སེམས་ནང་ལོགས་ལ་ན་ཚ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར། ཁྱེད་རང་གི་སེམས་ཀྱི་ནང་ལོགས་ལ་ན་ཚ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། ན་ཚ་ཉོན་མོངས་པའི་ན་ཚ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར། འོང་་་་ཉོན་མོངས་པའི་ན་ཚ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་འདོད་ཆགས་ཀྱི་ན་ཚ་ཟེར་ཡས།ཞེ་སྡང་གི་ན་ཚ་ཟེ་ཡས ་གཏི་མུགས་ཀྱི་ན་ཚ་ཟེར་ཡས་ཕྲག་དོག་གི་ན་ཚ་སེར་སྣའི་ན་ཚ་དེ་ཚོ་འགང་ག་༿ཚང་མ་༾ལོགས་ཉིན་མོངས་ཀྱི་ན་ཚ་དང་གཅིག་པ་རེད།ཨོའོ་་་་བྱས་ཙང་ན་ཚ་དེ་འདྲས་མང་པོ་ཞེ་པོ་གཅིག་ཡོའོ་༿ཡོད་༾རེད་ཟེར། ད་དེ་གས་དེ་ཕར་བཟོ་དགོས་བྱུང་ན་ཐབས་ཤེས་ག་རེ་བྱེད་རྒྱུ་རེད་ཟེར་ན་སོ་སོས་རང་བཞིན་གྱི་ཕར་མེད་པ་བཟོ་ཐུབ་ཀྱི་མ་རེད་པ་ཟེར།
- རྒན་མཁས་བཙུནད་དེ་མེད་པར་བཟོ་ཡས་ཀྱི་ཐབས་ཤེས་ཀྱི་ཁོ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། ཨོའོ་་་་སངས་རྒྱས་བཅོམ་ལྡན་འདས་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཨ་ནི་་་་རྗེ་འབྲང་གི་སྐྱེས་བུ་དམ་པ་དེ་ཚོས་ཐབས་ཤེས་བཟང་པོ་ཆོས་ཟེར་ཡས་གཅིག་བསྟན་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ད་དེའི་སྒོ་ནས་སེམས་དྲི་མ་དེ་ཚོ་མེད་པ་བཟོས་ནད་དེ་ཚོ་མེད་པ་གཙང་མ་བཟོས་ན་བཟོ་ཐུབ་ཀྱི་རེད། བྱས་ཙང་ཨོའོ་་་་ཆོས་བསྟན་གྱི་སྐྱེས་བུ་དམ་པ་དེའི་སར་ནས་ཆོས་ཉན་དུས་ཙམ་པར་སེམས་འདི་འདྲས་གཅིག་འཁྱེར་ནས་ཉན་ཞུ་ཟེར། ཨོའོ་་་་དེ་འདྲས་གསུངས་ཡོའོ་༿ཡོད་༾རེད་དཔེའི་སྒོ་ནས་གསུངས་འདུག
- རྒན་མཁས་བཙུནགསུངས་པ་ལྟར། སེམས་ཀྱི་ཀུན་སློང་བཟང་པོ་དང་ཟེར། སེམས་ཀྱི་ཀུན་སློང་བཟང་པོ་ཟེར་ན་སེམས་ཀྱི་ཀུན་སློང་ཟེར་ན་སེམས་ཀྱི་ཁོངས་ནས་སོ་སོའི་བསམ་བློ་འཁྱེར་སྟངས་ཡག་པོ་གཅིག་ཁྱེར་ནས་སེམས་ཀྱི་ཁྱེར་བཟོ་ཡག་པོ་གཅིག་འཁྱེར་ནས་ཨ་ནི་་་་ཆོས་ཉན་དགོས་རེད། ཉན་དགོས་རེད་ཟེར་ཨོའོ་་་་དེ་འདྲས་གསུངས་པ་རེད།
- རྒན་མཁས་བཙུནལུས་ཀྱི་ཀུན་སྤྱོད་འདི་སེམས་ཀྱི་ཁྱེར་སྟངས་དེ་རེད་པ། ད་ཆོས་ཉན་དུས་ཙ་ནས་ལུས་ཀྱི་ཀུན་སྤྱོད་གཅིག་ཡོའོ་༿ཡོད་༾རེད་པཱ། ལུས་ཀྱི་ཀུན་སྤྱོད་ཟེར་དུས་ཙ་ནས་གཟུགས་པོའི་བསྡད་སྟངས་འདྲ་གཅིག་ཨོའོ་་་་ཆོས་ཁོ་ཉན་དུས་ཙ་ནས་གཟུགས་པོ་ཁོ་བསྡད་སྟངས་གང་འདྲས་གཅིག་བསྡད་དགོས་རེད་ཟེར་ན།
- རྒན་མཁས་བཙུནརབ་ཏུ་གུས་པའི་སྒོ་ནས་གསན་པར་འཚལ་ཟེར་ཨ་ནི་་་་ལུས་ཀྱི་གུས་པའི་རྣམ་འགྱུར་བསྟན་སྟངས་རང་གིས་ལུང་པའི་ཡུལ་གྱི་དབང་གིས་སྣ་མིན་སྣ་ཚོགས་ཡོང་གི་རེད་པཱ།
- རྒན་མཁས་བཙུནཁ་ཤས་ཀྱིས་ནི་ཨ་ནི་་་་དཀྱིལ་ཀྲུང་བྱས་ནས་བསྡད་ཀྱི་རེད་པ། ཁ་ཤས་ཀྱིས་ནི་པུས་མོ་གཙུགས་བྱས་བསྡད་ཀྱི་རེད་པ། ཨོའོ་་་་ཁ་ཤས་གཅིག་གིས་བཟང་པོའི་འདུག་སྟངས་སྒོ་ནས་བསྡད་ཀྱི་རེད་པ།
- རྒན་མཁས་བཙུནད་བསྡད་སྟངས་མང་པོ་ཡོའོ་༿ཡོད་༾རེད་སོ་སོའི་ལུང་པའི་ཁྱད་ཆོས་ཀྱི་བསྡད་སྟངས་འདྲས་ཀྱི་མ་རེད།ཨོའ་་་ཨོ་ད་གང་འདྲས་སྒོ་ནས་བསྡད་ན་ཡང་ལུས་གུས་པའི་སྒོ་ནས་བསྡད་ནས་ཆོས་ཉན་དགོས་རེད་ཟེར།ཨོའོ་་་་བྱས་གསན་པར་འཚལ་ཟེར་།
- རྒན་མཁས་བཙུནདེ་ཡང་འོ་སྐོལ་རྣམས་ཀྱིས་ད་རེས་དལ་འབྱོར་གྱི་གྲུ་བོ་ཆེ་འདི་རྙེད་པའི་དུས་འདིར།འོང་ཨ་ནི་་་་འཇིགས་རུང་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་པ་ཞིག་བྱ་དགོས།
- རྒན་མཁས་བཙུནའོང་་་་དེའི་རྒྱུ་མཚན་གང་ཡིན་ཞེ་ན། རང་རེ་རྣམས་ཀྱི་སྔོན་གྱི་དགེ་བའི་མཐུ་ཞིག་ལ་བརྟེན་ནས་སྟབས་ཀ་ཡག་པོ་ཞིག་འཕྲོད་དེ། ད་རེས་མི་ལུས་རིན་པོ་ཆེ་ཐོབ་དབང་པོ་སྒོ་ལྔ་ཚང་། སྨྲ་བསམ་དབང་དང་ལྡན།དགེ་བའི་བཤེས་གཉེན་གྱིས་ཟིན། རྒྱལ་བའི་བསྟན་པ་དང་མཇལ། ཆོས་བྱེད་དབང་ཡོད།
- རྒན་མཁས་བཙུནབྱེད་ཐབས་ཤེས་པའི་དུས་འདིར་འཁོར་བ་ལས་ཐར་ངེས་པའི་ཆོས་རྣམ་དག་ཅིག་མ་བྱས་ན། ཕྱིས་འདི་ལྟ་བུ་བརྟེན་ཤིན་ཏུ་རྙེད་པར་དཀའ་ཞིང་ཆོས་དང་མཇལ་བ་ཡང་ཤིན་ཏུ་དཀོན་ཏེ།འོ་་་་འདི་བར་དུ་ཁོང་རང་གིས་ད་ཞབས་དཀར་པ་ཁོང་གིས་སེམས་ཀྱི་ནང་ཀྱི་བསམས་ཚུལ་དེ་རེད། ད་འོ་ན་་་་ཁོང་གིས་ནམ་རྒྱུན་ནས་ཐུགས་ཀྱི་ནང་ལ་ག་རེ་བསྒོམས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་འདིའི་འདྲས་གཅིག་གསུངས་ཀྱི་འདུག་གཱ ད་ང་རང་ཚོ་མི་ཟེར་ཡས་དེ་ཟེར་སེམས་ཅན་ཟེར་ཡས་དེ་གང་འདྲས་གཅིག་བྱེད་འོས་པ་རེད་ཟེར་ན།ཨོའོ་་་་ད་མ་གཞི་སེམས་ཅན་ཆོག་དོ་༿མང་པོ༾ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནསེམས་ཅན་མང་པོའི་ནང་ལོགས་ནས་མི་ཟེར་ཡས་དེ་མང་པོ་ཞེ་དྲག་མ་རེད་བྱས་པ་རེད། མི་ཟེར་ཡས་དེ་ཉུང་ཉུང་རེད་ཟེར་མི་ཟེར་ཡས་དེ་དཀོན་པོ་ཞེ་དྲག་རེད་ཟེར་འོང་་་་ང་རང་ཚོ་དཔེར་ན་མི་འདུག་བཟོ་གྲངས་ཀ་བརྒྱབ་ན་གྲངས་ཀ་བརྒྱབ་ཐུབ་ཀྱི་རེད་ཟེར།
- རྒན་མཁས་བཙུནརེད་པཱ།འཛམ་བུ་གླིང་ལ་དེང་སང་མི་འདི་འདྲས་གཅིག་ཡོའོ་༿ཡོད་༾རེད་ཟེར་བྱས་ནས་གྲངས་ཀ་བརྒྱབ་ཐུབ་ཀྱི་ཡོའོ་༿ཡོད་༾རེད་ཟེར། ད་སེམས་ཅན་གཞན་དག་གི་ལུས་ལ་ཡིན་ན་དཔེར་ན་ད་སྲོག་ཆགས་རང་ཚོའི་སྲོག་ཆགས་ཕྲ་མོ་མང་པོ་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནདེ་འདྲས་ཀྱི་སྲོག་ཆགས་ཕྲ་མོ་ཡིན་ན་དཔེར་ན་འདི་འདྲས་ཆུ་ཆུང་གཅིག་གི་ནང་ལ་ཡོད་པའི་སྲོག་ཆགས་ཕྲ་མོ་དེ་ལ་གྲངས་ཀ་བརྒྱབ་པ་ཡིན་ན་དེ་ལ་ང་རང་ཚོས་གྲངས་ཀ་ཐེབས་ཀྱི་མ་རེད་བྱས་པ་རེད།སེམས་ཅན་གཞན་དག་མང་པོ་དེ་འདྲས་ཡོའོ་༿ཡོད་༾རེད་ཟེར།ཡིན་ན་ཡང་མི་ཉུང་ཉུང་རེད་ཟེར་དེ་ཚོ་ལ་ལྟོས་ན་བྱས་ཙང་མི་ལུས་ཟེར་ཡས་དེ་ལས་སླ་པོ་ལ་འཐོབ་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནད་བྱས་ཙང་མི་ལུས་ཟེར་ཡས་དེ་ལས་སླ་པོ་རྙེད་ཡས་ཡོའོ་༿ཡོད་༾མ་རེད་ཟེར། ཨོའོ་་་་དེ་འདྲས་གསུངས་ཀྱི་ཡོའོ་༿ཡོད་༾རེད་དཱ་ཁོང་གིས། འོང་་་་བྱས་ཙང་ང་ཚོས་མི་ལུས་ཟེར་ཡས་དེ་ལ་གཅེས་སྤྲས་ཡག་པོ་བྱས། བདག་པོ་ཡག་པོ་བརྒྱབ། དེ་བེད་སྤྱོད་ཡག་པོ་བཏང་།དེ་འདྲས་བྱེད་དགོས་རེད་གསུངས་ཡོད་པ་རེད།འོང་་་་མི་ལུས་དེ་ག་རེ་ལ་ཆ་བཞག་པ་རེད་ཟེར་ན་གྲུ་ཆེན་པོ་གཅིག་ལ་ཆ་བཞག་འདུག་གཱ
- རྒན་མཁས་བཙུནའོ་་་་ང་རང་ཚོའི་མི་ལུས་གྲུ་ཆེན་པོ་གཅིག་དང་ཆ་རེད། གྲུ་གཅིག་དང་གཅིག་པ་རེད་ཟེར།རྒྱུ་མཚན་ག་རེ་རེད་ཟེར་ན།འཁོར་བ་ཟེར་ཡས་དེ་རྒྱ་མཚོ་ཆེན་པོ་གཅིག་དང་གཅིག་པ་རེད་ཟེར།
- རྒན་མཁས་བཙུནད་འཁོར་བ་ཟེར་ཡས་དེ་རྒྱ་མཚོ་ཆེན་པོ་གཅིག་དང་གཅིག་པ་ཡིན་དུས་ཙམ་ནས་རྒྱ་མཚོ་ཆེན་པོ་དེའི་ནང་ལོགས་ནས། ཁྱེད་རང་ཕར་འགྲོ་དགོས་ཀྱི་འདུག་ན། ཐབས་ཤེས་ག་རེ་ལ་བརྟེན་རྒྱུ་རེད་ཟེར་ན་གྲུ་གཅིག་ལ་བརྟེན་བྱས་འགྲོ་རྒྱུ་རེད་ཟེར།
- རྒན་མཁས་བཙུནབྱས་ཙང་ད་ཁྱེད་རང་གིས་ལུས་འདི་མི་ལུས་འདི་གྲུ་དང་གཅིག་པ་རེད་མི་ལུས་འདི་ལ་བརྟེན་ནས་ཨ་ནི་་་་ཁྱེད་རང་གིས་ལམ་བསྒྲུབ་པ་ཡིན་ན། ཨ་ནི་་་་རྒྱ་མཚོ་ཆེན་པོ་འདི་ནས་བརྒལ་ནས་ཕར་འགྲོ་ཐུབ་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་ཡ་་་་བྱས་ཙང་མི་ལུས་འདི་འདྲས་བསྒྲུབ་དགོས་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོང་་་་ད་འཇིག་རུང་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བར་བྱ་དགོས་ཏེ་ཟེར། འཁོར་བ་འདི་རྒྱ་མཚོ་ཆེན་པོའི་དཔེ་ལ་བཀོད་འདུག་ག ཨ་ནི་་་་རྒྱ་མཚོ་འདི་ཡང་ཆུ་འདུག་བཟོ་ལྡིང་ནས་བསྡད་མཁན་དེ་འདྲས་མ་རེད།
- རྒན་མཁས་བཙུནའདིའི་ནང་ལོགས་ལ་རྦ་རླབས་མང་པོ་བརྒྱབ་བྱས་ཨ་ནི་་་་སེམས་ཅན་སྡུག་ཅག་མང་པོ་བྱས། ཨ་ནི་་་་འདིའི་དཀྱིལ་གནས་དགོས་བྱུང་ན་སྡུག་བསྔལ་ཞེ་དྲག་ཡོང་གི་རེད་ཟེར་འཇིགས་སུ་རུང་བ་གཅིག་བྱས་ཙང་གནས་འཇིགས་སུ་རུང་བ་དེ་ལ་ཐར་བ་གཅིག་བྱེད་དགོས་རེད་ཟེར་ཐར་བྱེད་དགོས་ཀྱི་ཡོད་ན།
- རྒན་མཁས་བཙུནཐར་ཐབས་དེ་ག་རེ་རེད་ཟེར་ན་ཨ་ནི་་་་མི་ལུས་འཐོབ་དུས་ཨ་ནི་་་་ཐར་ཐབས་བྱེད་དགོས་རེད་ཟེར། མི་ལུས་འདིའི་སྟེང་ལ་ཐར་ཡས་ཀྱི་ཐབས་ཤེས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། ད་ཆོས་བྱེད་དགོས་རེད་ཟེར་ད་ཞབས་དཀར་པ་ཁོང་རང་ངོ་མ་ཁོ་འདི་བཤད་སྙིང་འདོད་ཀྱི་ཡོའོ་༿ཡོད་༾རེད། འོང་་་་ད་ཆོས་བྱེད་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར་འདི་བཤད་སྙིང་འདོད་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའདིའི་རྒྱུ་མཚན་གང་ཡིན་ཞེ་ན། རང་རེ་རྣམས་ཀྱིས་སྔོན་གྱི་དགེ་བའི་མཐུ་ཞིག་ལ་བརྟེན་ནས་ད་འོ་ན་་་་ང་ཚོ་ལ་ད་ལྟའི་ལུས་དེ་ག་ནས་བྱུང་པ་རེད་ཟེར་ན། བསམ་བློ་བཏང་གི་རེད་པཱ། མི་ལུས་ཟེར་ཡས་དེ་ག་ནས་བྱུང་པ་རེད།
- རྒན་མཁས་བཙུནཁོ་ཨ་ནི་་་་བྱོལ་སོང་བྱེད་དགོས་པ་གང་ཡིན་ཁྱེད་རང་ཨ་ནི་་་་མི་ལུས་བྱེད་དགོས་པ་རྒྱུ་མཚན་ག་༿གང་༾རེད། བསམ་བློ་བཏང་དགོས་རེད་ཟེར་ཨ་ནི་་་་མི་ལུས་ཟེར་ཡས་དེ་གང་ནས་བྱུང་པ་རེད་ཟེར་ན། འདི་གཙོ་བོ་ཡིན་ན་ཁྱེད་རང་གིས་སྔོན་གྱི་ལས་བཟང་པོ་གཅིག་བསགས་པ་ལ་བརྟེན་ནས་ད་མི་ལུས་གྲུབ་པ་པའི་རྒྱུ་གཉིས་ཡོའོ་༿ཡོད་༾རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནརྒྱུ་གཅིག་ག་རེ་རེད་ཟེར་ན་ཉེར་ལེན་ཟེར་ཡས་དེ་རེད་ཟེར། རྒྱུ་གཅིག་ག་རེ་རེད་ཟེར་ན་ལྷན་ཅིག་བྱེད་རྐྱེན་ཟེར་ཡས་དེ་རེད་ཟེར།ད་མི་ལུས་གྲུབ་བྱེད་དེ་ཉེར་ལེན་ལྟ་བུ་རྒྱུ་གཙོ་བོ་དེ་ག་༿གང་༾རེད་ཟེར་ན། ཨ་ནི་་་་ཚེ་སྔོན་མ་ཁྱེད་རང་བསགས་བཞག་པའི་ལས་དེ་རེད་ཟེར་སྔོན་གྱི་དགེ་བའི་མཐུ་ལ་ཞིག་ལ་བརྟེན་ནས་ཟེར་ར་རེད་པ། འདི་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནསྔོན་གྱི་ལས་ཀྱི་མཐུ་གཅིག་ལ་བརྟེན་ནས་བྱུང་པ་རེད། རྐྱེན་ཁོ་ག་རེ་རེད་ཟེར་ན་ཨ་ནི་་་་ཚེ་ད་རེས་ཕ་མ་རེད་པ་ཨོའོ་་་་དེ་འདྲས་ལ་བརྟེན་ནས་ཨ་ནི་་་་དེ་འདྲས་སྟབས་ཀ་འགྲིག་པ་ལ་བརྟེན་ནས་རྟེན་འབྲེལ་འགྲིག་པ་ལ་བརྟེན་རྟེན་འབྲེལ་ཚང་པ་ལ་བརྟེན་ནས་སྟབས་ཀ་འགྲིག་པ་ཟེར་ན་སྟབས་ཀ་ཚང་བ་ལ་བརྟེན་ནས་རྟེན་འབྲེལ་དེ་ཚང་མ་ལ་བརྟེན་ནས་ཨ་ནི་་་་ད་རེས་ཁྱེད་རང་ལ་ག་རེ་འཐོབ་པ་རེད་ཟེར་ན།
- རྒན་མཁས་བཙུནམི་ལུས་རིན་པོ་ཆེ་འཐོབ་པ་རེད་ཟེར། ཨོའོ་་་་དེ་འདྲས་ཀྱི་མི་ལུས་དེ་ལ་ཡང་ད་ང་རང་ཚོ་ཕར་ཚུར་མི་ལ་ཡང་མང་པོ་ཡོའོ་༿ཡོད་༾རེད་རེད་པཱ། མི་ལུས་ཁ་ཤས་ཡིན་ན་དབང་པོ་མ་ཚང་པ་དེ་འདྲས་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནམི་ལུས་ཁ་ཤས་ཡིན་ན་ཨ་ནི་་་་ནད་པ་འདྲ་དེ་ཡོའོ་༿ཡོད་༾རེད། ཁ་ཤས་ཡིན་གཅིག་གི་དབུལ་འཕོངས་ལྟ་བུ་དང་། ཨོའོ་་་་དབང་མེད་པ་དང་ལྟ་བུ་དེ་འདྲས་རེད་པཱ། ཨོའོ་་་་དེ་འདྲས་མ་ཡིན་པ་ད་ད་ལྟ་དབང་པོ་ཡང་ཚང་པ་ཨ་ནི་་་་རྦད་དེ་བསམ་པ་དྲན་པ་དང་ལྡན་པ། ཤེས་རབ་དང་ལྡན་པ་དགེ་བའི་ཤེས་གཉེན་གྱིས་ཟིན་པ་དེ་འདྲས་ཀྱི་མི་ལུས་གཙང་མ་ཡག་པོ་རྦད་དེ་ཆོས་བྱེད་ཡས་ཀྱི་ཚོགས་འགང་ག་༿ཚང་མ་༾འཚོགས་བསྡད་ཡོད་པ། ཨོའོ་་་་དེ་འདྲས་ཀྱི་སྐབས་གཅིག་ལ་སླེབས་བཞག་ཟེར།
- རྒན་མཁས་བཙུནད་དེ་འདྲས་གཅིག་འཛོམས་དུས་ཀྱི་སྐབས་དེ་ལ་ད་ཁྱེད་རང་གིས་མི་ལུས་དེ་འཕྲོ་བརླག་ལ་བཏང་སོང་ན། ཨ་ནི་་་་སྐྱོ་པོ་ཞེ་དྲག་རེད་འཕྲོ་བརླག་ལ་མ་གཏོང་ཨཱ་ཟེར་ནས་ཨོའོ་་་་དེ་གསུངས་ཀྱི་ཡོད་པ་འདྲ། ག་རེ་རེད་ཟེར་ན་མི་ལུས་འདི་འཐོབ་ནས་ཡག་པོ་གཅིག་བྱས་བྱས་བེད་སྤྱོད་གཏོང་མ་ཐུབ་པ་ཡིན་ན་རྗེས་མར་ཡང་སེང་ཡང་སེང་ཡོའོ་༿ཡོད་༾མ་རེད་ཟེར། ཡང་འཐོབ་ཡས་མེད་པ་རྒྱུ་མཚན་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་སངས་རྒྱས་བཅོམ་ལྷན་འདས་ཀྱི་མི་ལུས་ཡང་ཡང་འཐོབ་ཀྱི་མ་རེད་དཱ་་་་ཟེར་གསུངས་བཞག གང་འདྲས་གསུངས་བཞག་ཟེར་ན། སངས་རྒྱས་ཀྱི་ཞལ་ནས་བྱས་པ་རེད། ཡང་འདི་སངས་རྒྱས་ཀྱི་མདོ་ལུང་དྲངས་པ་རེད་པ། ཞབས་དཀར་བས་འཇིག་རྟེན་ཁམས་ནི་གྲངས་མང་ཡང་། འཛམ་གླིང་སོག་ཁར་སྐྱེ་བ་དཀོན། གཙང་མའི་མི་ལུས་ཤིན་ཏུ་དཀའ༎ཞེས་དང་།
- རྒན་མཁས་བཙུནད་ང་ཚོ་འཇིག་རྟེན་ཁམས་ག་ཚོད་ཡོའོ་༿ཡོད་༾རེད་ཟེར་ན།འཇིག་རྟེན་གྱི་ཁམས་ཆོག་དོ་༿མང་པོ༾རེད་བྱས་པ་རེད། དེ་དེང་སང་ང་རང་ཚོས་ཚན་རིག་དང་དེ་འདྲས་ཀྱིས་བརྟགས་དཔྱད་བྱས་ནས་ཁམས་མང་པོ་ཡོད་པ་འདུག་ག འཇིག་རྟེན་གྱི་ཁམས་མང་པོ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནད་འཇིག་རྟེན་གྱི་ཁམས་མང་པོ་ཡོའོ་༿ཡོད་༾རེད་ཡིན་ན་ཡང་། ད་ཅིག་གི་ང་རང་ཚོའི་ད་དའི་ས་གཞི་རི་མོ་འདི་ལྟ་བུའི་འཇིག་རྟེན་གྱི་ཁམས་འགྲོ་བ་མིའི་ལུས་འཚོ་གནས་བྱེད་སའི་གནས་ཡིན་ན་དཀོན་པོ་རེད་ཟེར། ཨོའོ་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད་འདིར།
- རྒན་མཁས་བཙུནཨ་ནི་་་་ཡང་ད་ལྟ་ང་རང་ཚོ་ས་གཞི་རི་མོ་འདིའི་སྒང་ལ་མི་ལུས་འཚོ་ཐུབ་ཀྱི་ཡོའོ་༿ཡོད་༾རེད་དའི་ཡིན་ན་ཡང་། ཡང་འཚོ་མཁན་གྱི་མི་ལུས་དེ་ཚོ་ལ་ཡང་། ཡང་མི་ལུས་ལ་ཅིག་གི་ཆོས་ལ་སློབ་སྦྱོང་བྱེད་ཐུབ་དང་མ་ཐུབ་ཀྱི་ཆ་རྐྱེན་ཚང་དང་མ་ཚང་ཡང་མང་པོ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་གསུངས་ཀྱི་འདུག་ག བྱས་ཙང་ཁོས་ཆ་རྐྱེན་ཚང་པའི་མི་ཚོས་མི་ལུས་འཕྲོ་བརླག་མ་གཏོང་ཟེར་བྱས་ནས་འདུག་བཟོ་གསུངས་ཀྱི་ཡོའོ་༿ཡོད་༾རེད། ཨོའོ་་་་ཞེས་དང་།
- རྒན་མཁས་བཙུནརྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ན་ཀུན་མཁྱེན་དག ཨུ་དུམ་བ་རའི་མེ་ཏོག་བཞིན། བརྒྱ་ལམ་ནང་ན་རེ་འགའ་ཞིག འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ། གསང་སྔགས་སྤྱོད་པའི་ཚུལ་འདི་ནི། དེ་བས་ཀྱང་ནི་དཀོན་པའོ།ཞེས་དང་ཟེར། ད་ཡང་ང་རང་ཚོའི་སངས་རྒྱས་ཀྱི་བསྟན་པ་ཟེར་ཡས་དེ་ཡོང་ཡས་དཀོན་པོ་ཞེ་དྲག་རེད་ཟེར།
- རྒན་མཁས་བཙུནསངས་རྒྱས་ཀྱི་བསྟན་པ་ཟེར་ཡས་དེ་མཇལ་ཡས་དཀོན་པོ་ཞེ་དྲག་རེད་ཟེར། དེའི་ནང་ལོགས་ནང་ནས་ཀྱང་ལྷག་པར་གསང་སྔགས་ཀྱི་བསྟན་པ་ཟེར་ཡས་དེ་དང་མཇལ་ཡས་དཀོན་པོ་ཞེ་དྲག་རེད་ཟེར།
- རྒན་མཁས་བཙུནའོ་ཡག་་་་བྱས་ཙང་ད་རེས་བསྟན་པ་དང་མཇལ་བའི་སྐབས་དེར་མི་ལུས་དེ་འཕྲོ་བརླག་ལ་བཏང་བྱས་བསྟན་པ་ལ་བཞུགས། བསྟན་པའི་ནང་ལོགས་ནས་བསྟན་པ་ནང་བཞིན་གྱི་ལམ་ལ་སློབ་སྦྱོང་བྱེད་མ་ཐུབ་ན།
- རྒན་མཁས་བཙུནཨ་ནི་་་་སྐྱོ་པོ་ཞེ་དྲག་རེད་ཁྱེད་རང་ལ་འབྲས་བུ་ཞེ་དྲག་བསྟན་ཡས་ཡོང་གི་མ་རེད། ཁྱེད་རང་གི་མི་ལུས་དེ་འདུག་བཟོ་འཕྲོ་བརླག་ལ་འདུག་བཟོ་འགྲོ་འགྲོ་གི་༿ཡི་༾རེད་ཟེར། ཨོའོ་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་ཡག ཨོའོ་་་་བྱས་ང་རང་ཚོའི་མི་ལུས་དེ་ཡང་དཀོན་པོ་རེད། བསྟན་པ་དེ་ཡང་དཀོན་པོ་རེད། ཨོའོ་་་་ད་དཀོན་པོ་གང་འདྲས་འདྲ་ཅིག་རེད་ཟེར་ན། དཔེར་ཆ་བཞག་ན། ཨ་་་་སངས་རྒྱས་ཟེར་ཡས་དེ་དཀོན་པོ་རེད་པ་བྱས་པ་རེད། མེ་ཏོག་ཨུ་དུམ་བ་ར་ཟེར་ཡས་དེ་དཀོན་པོ་རེད་པཱ། ཨོའོ་་་་དེ་ནང་བཞིན་ང་རང་ཚོ་མི་ལུས་དེ་ཡང་དཀོན་པོ་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ད་སོང་ཙང་དཀོན་པོ་དེ་གས་༿དག་༾དེ་ཨ་ནི་་་་ད་རེས་ཁྱེད་རང་ལ་ལན་གཅིག་འཐོབ་དུས། དེ་དཀོན་པོ་ཞེ་པོ་གཅིག་རེད་དའི་ད་རེས་ཁྱེད་རང་ལ་ལན་གཅིག་ཐོབ་པ་རེད་པ། ད་འཐོབ་པའི་སྐབས་སུ་འཕྲོ་བརླག་ལ་བཏང་ན་སྐྱོ་པོ་ཞེ་དྲག་རེད།
- རྒན་མཁས་བཙུནཨོའོ་་་་དེ་གསུངས་ཀྱི་འདུག་ག ཨང་་་་བྱས་ད་གསང་སྔགས་སྤྱོད་པའི་ཚུལ་དེ་ནི་དེ་བས་ཀྱང་ནི་དཀོན་པའོ་ཟེར། གསང་སྔགས་སྤྱོད་པའི་ཚུལ་ཟེར་ན་སྔགས་ཀྱི་བསྟན་པ་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནསྔགས་ཀྱི་བསྟན་པ་དེ་ནི་དེ་བས་ཀྱང་དཀོན་པ་གཅིག་འདུག་ཟེར། ཨོའོ་་་་བྱས་ཙང་ཁོས་ད་ལྟ་སྔགས་ཀྱི་བསྟན་པ་དང་མཇལ་དུས་ཨ་ནི་་་་མི་ལུས་རིན་པོ་ཆེ་དེ་འཕྲོ་བརླག་ལ་བཏང་བྱས་སྔགས་ཀྱི་བསྟན་པ་ལ་བཞུགས་ཨ་ནི་་་་སྔགས་ཀྱི་ནང་ལོགས་ནང་ནས་ག་རེ་གསུངས་ཀྱི་འདུག གང་འདྲས་བྱེད་དགོས་ཀྱི་འདུག
- རྒན་མཁས་བཙུནདེ་འདྲས་ཉམས་ལེན་འདྲ་པོ་ཏོག་ཙམ་གཅིག་བྱེད་མ་ཐུབ་ན་གྱོང་ཞེ་དྲག་ཤོར་གྱི་རེད། ཨོའོ་་་་ད་དེ་བསླབ་བྱ་འདུག་བཟོ་བསྟན་པ་རེད། ད་བྱས་ཙང་ཞེས་དང་ཟེར།
- རྒན་མཁས་བཙུནརྗེ་བདག་ཉིད་ཆེན་པོས་ཟེར། ད་དེ་རྗེ་བདག་ཉིད་ཆེན་པོ་ཟེར་ཡས་དེ་དེ་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། རྗེ་ཙོང་ཁ་པ་ལ། འོང་་་་ཞབས་དཀར་བ་ཟེར་ཡས་དེ་ཁོང་རང་རྒྱུ་བྱས་ན་ཁོང་རང་གིས་ཉམས་ལེན་བྱེད་ཡས་དེ། ཡིན་ན་གཙོ་བོ་དེ་ལ་བྱེད་ཀྱི་འདུག་ག་གསང་སྔགས་རྙིང་མའི་ཆོས་ལ་ཉམས་ལེན་གཙོ་བོ་བྱས་པ་རེད།
- རྒན་མཁས་བཙུནཨོའོ་་་་ཡིན་ན་ཡང་ཁོང་རང་གིས་ཆོས་ལུགས་ཀྱི་གྲུབ་མཐའ་ལ་ཕར་ཚུར་ཞེན་ཁོག་ཞེ་དྲག་འཁྱེར་གྱི་མ་རེད། ཨོའོ་་་་ཆོས་ལུགས་འགང་ག་༿ཚང་མ་༾ལོགས་ལ་གུས་པ་བྱས། ཆོས་ལུགས་འགང་ག་༿ཚང་མ་༾ལོགས་ལ་བརྩི་བཀུར་བྱས། དེ་འདྲས་བྱེད་ཀྱི་འདུག་ག་བྱས་ཙང་ད་ལྟ་ང་རང་ཚོ་ཆོས་ཉན་མཁན་ཚོ་ལ་བསླབ་བྱ་ཨོའོ་ཨ་ནི་་་་རྗེ་བདག་ཉིད་ཆེན་པོའི་བཀའ་མོལ་དེ་བསླབ་བྱ་བརྒྱབ་ཀྱི་འདུག་གཱ
- རྒན་མཁས་བཙུནརྗེ་བདག་ཉིད་ཆེན་པོས་ཟེར། རྗེ་ཙོང་ཁ་པས་ཟེར་གྱི་ཡོའོ་༿ཡོད་༾རེད། ཨོའོ་་་་རྗེ་ཙོང་ཁ་པས་གང་འདྲས་གཅིག་གསུངས་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནམི་ཡི་ལུས་དང་བསྟན་དང་མཇལ་བ་ནི། ཡང་ཡང་མི་རྙེད་ད་རེས་ཙམ་ལགས་ཤིང་། འདི་ན་དོན་ཆེན་སྒྲུབ་པའི་གནས་ཡོད་པས། ཚུལ་འདི་སོམས་ལ་མི་ལུས་སྙིང་པོར་ལོངས།ཞེས་གསུངས་བཞག ཨོའོ་་་་དེ་ལུང་གཅིག་དྲངས་པ་རེད།
- རྒན་མཁས་བཙུནད་རྗེ་བདག་ཉིད་ཆེན་པོའི་གསུངས་དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། མི་ཡི་ལུས་ཟེར་ཡས་དེ་རེ་འགའ་རེ་འགའ་ཙམ་ཞིག་ཐོབ་ཀྱི་རེད་མ་གཏོགས། རྟག་པར་རེ་ཞིག་ལས་སླ་པོ་གཅིག་འཐོབ་མཁན་ཅིག་མ་རེད།
- རྒན་མཁས་བཙུནསངས་རྒྱས་ཀྱི་བསྟན་པ་ཟེར་ཡས་དེ་ཡང་། ཡང་ཡང་མཇལ་ཡས་ཡོད་མཁན་ཅིག་མ་རེད། ཨོའོ་་་་བྱས་ཙང་ད་ད་རེས་ཡང་ཡང་འཐོབ་ཡས་མི་ལུས་ད་གའི་༿དག་༾དེ་རིང་ཐོབ་པ་རེད། ཡང་ཡང་ཡང་ཡང་མཇལ་ཡས་མེད་པའི་སངས་རྒྱས་ཀྱི་བསྟན་པ་དེ་ཡང་ཁྱེད་རང་ལ་མཇལ་པ་རེད།
- རྒན་མཁས་བཙུནཨོའོ་་་་ད་དེ་འདྲས་ཀྱི་སྐབས་སུ་ཡིན་ན་ད་དོན་ཆེན་སྒྲུབ་པའི་གནས་ཡོད་པས། དོན་ཆེན་སྒྲུབ་ཡས་ཀྱི་གནས་སྐབས་ཅིག་ལ་སླེབས་བཞག དོན་ཆེན་སྒྲུབ་ཡས་ཀྱི་ཆ་རྐྱེན་ཚང་བཞག་ཟེར་ཚང་དུས་དེར་ལ་ད་མི་ལུས་དེ་ལ་ད་སྙིང་པོ་ལེན་དགོས་རེད། ལེན་པའི་སྐབས་ལ་སླེབས་བཞག་ཟེར་ཨོའོ་་་་འདུག་བཟོ་གསུངས་པ་རེད་བྱས་པ་རེད།
- རྒན་མཁས་བཙུནད་དེ་ནས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཟེར་ན་ཡང་གསང་སྔགས་རྙིང་མའི་མཁས་པ་ཅིག་རེད། ད་ཡང་ཁོང་གིས་ཀྱང་ག་རེ་གསུངས་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནདལ་འབྱོར་འདི་ནི་ཐོབ་པ་བརྒྱ་ལམ་ཙམ། དེ་བས་ཆོས་དང་འཕྲད་པ་ཉིན་སྐར་ཙམ། ཐེག་མཆོག་ཆོས་དང་མཇལ་བ་སྲིད་མཐའ་ཙམ། སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། ཞེས་གསུངས། ཨོའོ་་་་ད་དེ་ག་རེ་ཟེར་བྱས་པ་རེད་ཟེར་ན།
- རྒན་མཁས་བཙུནཨོའོ་་་་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཆོས་ཉན་མཁན་ལ་རེ་བ་ག་རེ་བཏོན་ཡོའོ་༿ཡོད་༾རེད་ཟེར་ན། དལ་འབྱོར་འདི་ནི་བྱས་པ་རེད། དལ་འབྱོར་ཟེར་ཡས་དེ་མི་ལུས་ཀྱི་མིང་ལ་ཟེར་ར་༿ཟེར་བ་༾རེད། དེ་ཡང་མི་ལུས་འགང་ག་༿ཚང་མ་༾ལོགས་ལ་ཟེར་གྱི་ཡོའོ་༿ཡོད་༾མ་རེད། ད་ང་རང་ཚོ་ཅིག་གི་དམ་པའི་ཆོས་སྒྲུབ་ཡས་ཀྱི་ཆ་རྐྱེན་ཡོངས་སུ་ཚང་པ་རྫོགས་པ་དེ་ལ་དལ་འབྱོར་མི་ལུས་ཟེར་གྱི་ཡོའོ་༿ཡོད་༾རེད། དེ་འདྲས་ཀྱི་དལ་འབྱོར་མི་ལུས་ཐོབ་ཡས་ལས་སླ་པོ་དེ་ཐོབ་བདེ་པོ་ཅིག་དང་ཨོའོ་་་་རྦད་དེ་མང་པོ་ཐོབ་ཡས་ཅིག་རེད་པས་ཟེར་ན། མ་རེད་ཟེར།
- རྒན་མཁས་བཙུནམ་རེད་ཟེར། བརྒྱ་ལམ་ཙམ་ན་ཅིག་རེད། བརྒྱ་ལམ་ཙམ་ན་ཟེར་དུས་ཙམ་པར་ད་ཅིག་གི་ག་རེ་ཟེར་དགོས་རེད་པས་རྦད་དེ་ལན་འདྲ་པོ་བརྒྱ་ཕྲག་མང་པོའི་ནང་ལོགས་ནས་ལན་གཅིག་ཙམ་དལ་འབྱོར་ཚང་བའི་མི་ལུས་ཅིག་འཐོབ་སོང་ན། མི་ལུས་འདྲ་པོ་གཅིག་འཐོབ་རྒྱུ་རེད་མ་གཞི་༿མ་གཏོགས་༾ཅིག་གི་ཡང་། ཡང་ཡང་ཐོབ་མཁན་ཅིག་མ་རེད་ཟེར། ཡོའོ་༿ཡོད་༾དེ་འདྲས་གསུངས་པ་རེད།
- རྒན་མཁས་བཙུནདེ་བས་ཆོས་དང་འཕྲད་པ་ཉིན་སྐར་ཙམ་ད་ཐོབ་པ་དཀོན་པོ་ཡིན་པ་ཙམ་དུ་མ་ཟད། འོང་ཨ་ནི་་་་དེ་ལས་ཀྱང་ཟེར། མི་ལུས་ཐོབ་པ་དེ་ལས་ཀྱང་དམ་པའི་ཆོས་དང་མཇལ་ཡས་དེ་དཀའ་ལས་ཁག་ག་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནད་དམ་པའི་ཆོས་དང་མཇལ་ཡས་དཀའ་ལས་ཁག་ག་ཡོད་པ་སོང་ཙང་། ད་ཅིག་གི་ཐེག་པ་ཆེན་པོའི་ཆོས་དང་མཇལ་ནས་ཐེག་པ་ཆེན་པོའི་ཆོས་ལ་ཉམས་ལེན་བྱེད་ཡས་ཟེར་ཡས་དེ་ཚོ་ཨ་ནི་་་་དངོས་གནས་སྲིད་མཐའ་ལྟ་བུ་ཆགས་ཀྱི་རེད་བྱས་པ་རེད།
- རྒན་མཁས་བཙུནདེ་འདྲས་ཟེར་བྱས་ནས་མི་ལུས་ཐོབ་ཡས་དཀོན་པོ་རེད་ཟེར་བྱས་ནས་གསུངས་ཀྱི་ཡོའོ་༿ཡོད་༾རེད། མི་ལུས་ཐོབ་ཡས་དཀོན་པོ་རེད། ཆོས་དང་མཇལ་ཡས་དཀོན་པོ་རེད་ཨོའོ་་་་ད་བྱས་ཙང་སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན་ཟེར།
- རྒན་མཁས་བཙུནད་ཁྱེད་རང་ཚོས་ཆོས་ལ་ཉན་མཁན་ཚོས་ཆོས་ལ་དད་པ་བྱས། ཆོས་ལ་འདོད་པ་ཡོད་མཁན་མི་ཡོད་ན། ཁྱེད་རང་ཉིད་ནས་དམ་པའི་ཆོས་གཅིག་བྱེད་རན་འདུག་གཱ ཟེར་ད་དུས་ཚོད་འཕྲོ་བརླག་བཏང་སོང་ན་ལས་ཀ་དེ་ཏག་ཏག་རེད་མི་འདུག་ག་ཟེར་བྱས་ནས་གསུངས་པ་རེད།
- རྒན་མཁས་བཙུནབྱས་པ་རེད། ཞེས་གསུངས་པ་བཞིན་ཆོས་ཤིག་བྱེད་དགོས་ཟེར་ད་ཡིན་གཅིག་མིན་གཅིག་ཆོས་གཅིག་བྱེད་དགོས་ཀྱི་རེད་ཟེར། ད་ཆོས་གཅིག་མ་བྱས་མ་པ་ནི་་་་མི་ལུས་དེ་དེ་འདྲས་ཟེར་བྱས་བྱས་འཕྲོ་བརླག་ལ་འགྲོ་བ་རེད་ད་འཕྲོ་བརླག་ལ་ཕྱིན་ན་ཕངས་པོ་ཞེ་དྲག་རེད་ཟེར།
- རྒན་མཁས་བཙུནརྒྱུ་མཚན་ག་རེ་རེད་ཟེར་ན་དེ་ཡང་ཡང་དུ་ཐོབ་བསྡད་མཁན་གཅིག་མ་རེད་ཟེར། འོ་་་་ད་དེ་འདྲས་རེད། མི་ལུས་དེ་འཐོབ་དཀའ་བ་དེ་འདྲས་རེད་གསུངས་པ་རེད། འོ་ཡག་་་་ད་མི་ལུས་ཐོབ་དཀའ་བའི་རྒྱུ་མཚན།
- རྒན་མཁས་བཙུནཨ་ནི་་་་ད་མི་ལུས་དེ་ཡང་ཡང་མ་རྙེད་པ་གཅིག་རྒྱུ་མཚན་ག་རེ་ཡིན་ནམ། རྒྱུ་མཚན་ཁོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་འགྱུར་དང་ཨ་ནི་་་་མཁས་པ་ཚོའི་གསུང་རབ་ལ་ཡིན་ན་མང་པོ་ཞེ་དྲག་གསུངས་ཡོའོ་༿ཡོད་༾རེད་པཱ། འོ་ཡག
- རྒན་མཁས་བཙུནགལ་ཏེ་མ་བྱས་ན་དེད་དཔོན་རྒྱ་མཚོའི་གླིང་དུ་ཕྱིན་ནས་ལག་སྟོང་དུ་འོངས་པ་ལས་ཀྱང་ཆེས་ཤིན་ཏུ་བླུན་ཏེ། སྲོག་མ་ཆད་ཀྱང་རོ། འདྲེས་མ་ཁྱེར་ཀྱང་སྨྱོན་པ་ཡིན་ཏེ། དཔེར་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་ཞིག་མི་གཙང་བ་ཁ་ལུད་དང་བཤང་གཅི་ལ་སོགས་པའི་སྣོད་བྱེད་པ་ལས་ཀྱང་ཆེས་ཤིན་ཏུ་བླུན་ཏེ། བྱས་པ་རེད། ད་དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནགལ་ཏེ་ཨ་ནི་་་་ཁྱེད་རང་གི་ལུས་དེ་དམ་པའི་ཆོས་སྒྲུབ་ཡས་ཀྱི་ཆ་རྐྱེན་ཆ་ཚང་ཡོད་པ་བྱས། ཨ་ནི་་་་དམ་པའི་ཆོས་སྒྲུབ་ཡས་ཀྱི་དགེ་བའི་བཤེས་གཉེན་དང་སངས་རྒྱས་ཀྱི་བསྟན་པ་དང་དེ་ཚོ་ཆ་ཚང་ཡོད་པ་བྱས། དེ་འདྲས་ཡོད་ཀྱིན་ཡོད་ཀྱིན་ལས་ཁྱེད་རང་གིས་དམ་པའི་ཆོས་མ་བྱས་པ་ཡིན་ན། ཨ་ནི་་་་ཁྱེད་རང་གང་འདྲས་ཅིག་རེད་ཟེར་ན།
- རྒན་མཁས་བཙུནཨ་་་་སྲོག་ད་ལྟ་ཆད་ཡོའོ་༿ཡོད་༾མ་རེད་ཁྱེད་རང་ད་ལྟ་མི་གསོན་པོ་རེད། ཡིན་ན་ཡང་ཁྱེད་རང་སྲོག་མེད་པ་དང་གཅིག་པ་རེད། ཟེར། ཁྱེད་རང་བླ་སྲོག་མེད་པ་དང་གཅིག་པ་རེད། ཁྱེད་རང་མི་དངོས་གནས་གཅིག་མ་རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཁྱེད་རང་འདྲེས་མ་ཁྱེར་ན་ཡང་མི་སྨྱོན་པ་འདྲས་ཅིག་ད་སེམས་ཅིག་གི་མ་གཞི་ཁྱེད་རང་མི་འདྲ་པོ་རེད་དའི་བསམ་བློ་འདྲ་ཅིག་བཏང་གག་བྱེད་ཀྱི་ཡོའོ་༿ཡོད་༾རེད་དའི་ཡིན་ན་ཡང་བསམ་བློ་ཐོངས་ཀྱི་མི་འདུག ཁྱེད་རང་སྨྱོན་པ་དང་གཅིག་པ་རེད་བསམ་བློ་ཐོངས་ཀྱི་མེད་འདུག བསམ་བློ་བཏང་ཤེས་ཀྱི་མི་འདུག་ཟེར་གྱི་ཡོའོ་༿ཡོད་༾རེད། ཨོའོ་་་་ག་རེ་རེད་ཟེར་ན་འདི་འབྲས་བུ་ཆེན་པོ་སྒྲུབ་ཡས་གདམས་ཡས་ཤེས་ཀྱི་མི་འདུག་ཟེར།
- རྒན་མཁས་བཙུནཁྱེད་རང་འབྲས་བུ་ཆུང་ཆུང་ཅིག་ལ་སེམས་ཆགས་ནས་ཨ་ནི་་་་ལས་ཀ་བྱེད་ཀྱི་འདུག་ཟེར། དེ་འདྲས་བྱས་ན་སྐྱོ་པོ་ཞེ་དྲག་རེད་ཟེར། ད་ག་རེ་བྱེད་དགོས་རེད་ཟེར་ན་འབྲས་བུ་ཆེན་པོ་ཡོད་ས་ཅིག་ལ་ལས་ཀ་བྱས་ནས་ཨ་ནི་་་་བཞུགས་དགོས་རེད་ཟེར།ཨཱ
- རྒན་མཁས་བཙུནཨ་ནི་་་་དེ་ཡག་པོ་ཡོའོ་༿ཡོད་༾རེད་ཟེར། ཨོའོ་་་་ད་ཞབས་དཀར་བས་ཆོས་ཉན་མཁན་དེ་ཚོ་ལ་སྐབས་དེ་དུས་བསླབ་བྱ། རེ་བ་དེ་འདྲས་བརྒྱབ་འདུག་ག
- རྒན་མཁས་བཙུནའོང་་་་་ཧ་ཡེ། གལ་ཏེ་ངས་མི་ལུས་རིན་པོ་ཆེ་དེ་དམ་པའི་ཆོས་མ་སྒྲུབ་པ་བྱས་བྱས་འདུག་བཟོ་འཕྲོ་བརླག་བཏང་པ་ཡིན་ན། དཔེ་ག་རེ་འདྲ་པོ་ཡོའོ་༿ཡོད་༾རེད་ཟེར་ན་དཔེ་འདི་འདྲས་གཅིག་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནརིན་པོ་ཆེའི་སྣོད་གཅིག་ཡོད་པ་བྱས་དཔེར་ན། གསེར་ལས་བཟོས་པའི་རིན་པོ་ཆེའི་སྣོད་གཅིག་ཡོད་པ་ཡིན་ན། ད་ཁོ་ཕྱི་ལོགས་ནས་བལྟས་ན་ཁོ་རིན་པོ་ཆེའི་སྣོད་རེད་པཱ། ད་རིན་པོའི་ཆེའི་སྣོད་དེའི་ནང་ལ་དངོས་གནས་བྱས་ན་ང་ཚོས་ག་རེ་བླུགས་དགོས་རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་ཅ་ལག་ཡག་ག་༿ཡག་པོ་༾རེད་པ་ཨ་ནི་་་་ནོར་བུའི་རིགས་ཆས་ལྟ་བུ་དང་ཡང་མིན་ན་ཅིག་གི་ག་རེ་ཟེར་དགོས་རེད་པས་འོ་མ་དང་དེ་འདྲས་ཀྱི་ཡག་ག་༿ཡག་པོ་༾དེ་འདྲས་བླུགས་དགོས་རེད་པཱ དེ་འདྲས་མ་བླུགས་པ་བྱས་སྣོད་ཁོ་གསེར་གྱི་སྣོད་ཡག་པོ་ཞེ་པོ་ཅིག་ཡོད་པ་བྱས། ཁོའི་ནང་ལོགས་ལ་བླུགས་ཁོ་ང་རང་ཚོའི་གཅིན་པ་དང་མི་གཙང་བ་དང་སྐྱུག་པ་དང་དེ་འདྲས་ཅིག་བླུགས་སོང་ན། ཨ་ནི་་་་སྣོད་རིན་པོ་ཆེ་ཁོའི་དོན་དག་མ་བྱུང་པ་རེད་པ།
- རྒན་མཁས་བཙུནཨ་ནི་་་་སྣོད་རིན་པོ་ཆེ་ཁོ་འཕྲོ་བརླག་ལ་བཏང་པ་རེད་པ། དེ་དང་གཅིག་པ་རེད་ཟེར་མི་ལུས་རིན་པོ་ཆེ་ཐོབ་ནའི་ལས་ཀ་ཡག་ག་༿ཡག་པོ་༾དེ་ཚོ་མ་བྱས་པ་བྱས། བསམ་བློ་ཡག་ག་དེ་ཚོ་མ་བཏང་པ་བྱས། སྤྱོད་པ་བཟང་ང་དེ་ཚོ་མ་སློབ་པ་བྱས་འདུག་བཟོ་བསྡད་པ་ཡིན་ན། ཨ་ནི་་་་མི་ལུས་རིན་པོ་ཆེ་དེ་འཕྲོ་བརླག་རེད།
- རྒན་མཁས་བཙུནདཔེར་ན་དཔེ་འདི་དང་གཅིག་པ་རེད། བཤེས་སྤྲིངས་ལས་ཟེར།མགོན་པོ་ཀླུ་གྲུབ་ཀྱིས་གང་འདྲས་ཅིག་གསུངས་ཀྱི་འདུག་ཟེར་ན། བཤེས་སྤྲིངས་ཟེར་ཡས་དེ་མགོན་པོ་ཀླུ་གྲུབ་ཀྱི་བརྩམས་གནང་པ་རེད་པ།
- རྒན་མཁས་བཙུནའོ་ད་་་་བཤེས་སྤྲིངས་ནས་གང་འདྲས་ཅིག་གསུངས་ཡོའོ་༿ཡོད་༾རེད་ཟེར་ན། གང་ཞིག་གསེར་སྣོད་རིན་ཆེན་སྤྲད་པ་ཡིས། མི་གཙང་ཕྱགས་དར་བྱེད་པ་དེ་བས་ནི། གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། བགྱིད་པ་དེ་ནི་ཆེས་རབ་བླུན་པོ་ཉིད་ཅེས་གསུངས།
- རྒན་མཁས་བཙུནཨོའོ་་་་མགོན་པོ་ཀླུ་གྲུབ་ཀྱི་བཤེས་སྤྲིངས་ནས་ག་རེ་གསུངས་པ་རེད་ཟེར་ན། མི་གང་ཞིག་རེད་པ་མི་གང་ཡང་རུང་བ་ཞིག་གི་ཟེར་དཔེར་ན་འདུག་བཟོ་ང་རང་ཚོ་འཇིག་རྟེན་པས་ཁོ་ལ་ཡ་འདུག་བཟོ་གསེར་གྱི་སྣོད་ཡག་པོ་ཞེ་པོ་ཅིག་ཡོད་པ་བྱས།
- རྒན་མཁས་བཙུནཁོའི་ནང་ལོགས་ལ་ཁོས་ཅ་ལག་ཡག་ག་༿ཡག་པོ་༾མ་བཞག་པ་བྱས་ཐལ་བ་གད་སྙིགས་ཤོ་ས་དང་མི་གཙང་བ་ཆབ་དོག་དང་དེ་འདྲས་བྱས་པ་ཡིན་ན། མི་གཞན་དག་གིས་ཁོ་ལ་ག་རེ་ཟེར་གྱི་རེད་ཟེར་ན།
- རྒན་མཁས་བཙུནཨཱ་་་་ཁོ་ལྐུག་པ་རེད་བཞག་ཨོའོ་་་་གསེར་གྱི་སྣོད་ཡག་པོ་ཁོ་ཁོས་འཕྲོ་བརླག་བཏང་གིས་ཟེར་གྱི་རེད་ཟེར། ཨོའོ་་་་དངོས་གནས་བྱས་ན་ཁོ་ལས་ད་དུང་སུ་ལྐུག་ག་ཡོའོ་༿ཡོད་༾རེད་ཟེར་ན། སོ་སོ་ལ་དལ་འབྱོར་གྱི་མི་ལུས་ཡག་པོ་གཅིག་ཡོད་པ་བྱས།
- རྒན་མཁས་བཙུནཁོ་ཨ་ནི་་་་དགེ་བ་བྱེད་ཡས་ཀྱི་ཆེད་དུ་བེད་སྤྱོད་མ་བཏང་པ་བྱས།ཆོས་སྒྲུབ་ཡས་ཀྱི་ཆེད་དུ་བེད་སྤྱོད་མ་བཏང་པ་བྱས། སྡིག་པ་དང་དེ་འདྲས་ཀྱི་ཆེད་དུ་བེད་སྤྱོད་བཏང་བྱས་ཨ་ནི་་་་མི་ལུས་དེ་བཙོག་པར་བྱས། མི་ལུས་དེ་འཕྲོ་བརླག་ལ་བཏང་སོང་ན།
- རྒན་མཁས་བཙུནད་དེ་དེ་བས་ཀྱང་ལྐུག་པ་གླེན་པ་མི་སྐྱུག་དྲོ་པོ་ཅིག་རེད་ཟེར། དེ་འདྲས་གསུངས་པ་རེད་ད་ཁོ་ཤེས་རབ་མི་འདུག་གསུངས་པ་རེད། རྡོག་རྡོག་བྱས་ན། འོ་ཡག་་་་བླངས་དོར་བྱེད་ཤེས་ཀྱི་མི་འདུག་གསུངས་ཀྱི་ཡོའོ་༿ཡོད་༾རེད། གསུངས་ཟེར།
- རྒན་མཁས་བཙུནདེ་ལྟ་བུའི་བློན་པོ་ཐ་ཆད་རྣམས་ཀྱིས་ཕྱིན་ཆད་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་རྙེད་པ་ཕར་ཞོག ངན་སོང་གསུམ་གྱི་གཡང་དུ་ལྷུང་ནས། བསྐལ་པ་བྱེ་བ་མང་པོའི་བར་དུ་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པ་མི་འགྱུར་ཏེ་ཟེར།
- རྒན་མཁས་བཙུནད་དེ་འདྲའི་མི་ལྐུག་པ་དེ་ཚོས་དམ་པའི་ཆོས་དེ་སོ་སོ་ལ་བསྒྲུབ་ཡས་ཡོད་ཀྱིན་ཡོད་ཀྱིན་ལས་མ་སྒྲུབ་པ་བྱས། ཨ་ནི་་་་རྦད་དེ་ཅིག་གི་མི་ལུས་དེ་འདུག་བཟོ་འཕྲོ་བརླག་ལ་བཏང་ནས་བཞག་སོང་ན།
- རྒན་མཁས་བཙུནཨ་ནི་་་་ཁོ་རང་འགྲོ་ས་ཁོ་ག་པར་འགྲོ་རྒྱུ་རེད་ཟེར་ན། ཁོས་མི་ལུས་དེ་ཡག་པོ་བྱས་བེད་སྤྱོད་མ་བཏང་ན། ད་ཁོས་མི་ལུས་དེ་ག་རེའི་ཕྱོགས་ལ་བེད་སྤྱོད་བཏང་གི་རེད་ཟེར་ན་སྡིག་པ་ཅིག་གི་བྱ་བ་ངན་པ་སྤྱོད་པ་ངན་པ། ཨོའོ་ཨ་ནི་་་་གཞན་དག་ལ་གནོད་པ་བསྐྱལ་ཡས་དང་དེ་འདྲས་ཀྱི་སྤྱོད་པ་ངན་པ་ལ་བསྐྱལ་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནམི་ལུས་དེ་བེད་སྤྱོད་བཏང་གི་ཡོའོ་༿ཡོད་༾རེད་པཱ། དེ་བཏང་སོང་ན་སྡིག་པ་ཟེར་ཡས་དེ་བསགས་པ་རེད་ཟེར། དེ་བསགས་སོང་ན་ཨ་ནི་་་་ཁོའི་འབྲས་བུ་ཁོ་ག་རེ་རེད་ཟེར་ན། ཨ་ནི་་་་ངན་སོང་ལ་ལྷུང་གི་རེད་ཟེར་ངན་སོང་གསུམ་ལ་ལྷུང་གི་རེད་གསུང་པ་རེད་པཱ། ངན་གསུམ་ཟེར་ན་ནང་པ་སངས་རྒྱས་པའི་གཞུང་གི་ནང་ལོགས་ལ་བྱས་ན།
- རྒན་མཁས་བཙུནཨ་ནི་་་་དུད་འགྲོའི་སྐྱེ་གནས། ཡི་དགས་ཀྱི་སྐྱེ་གནས། ཨོའོ་་་་དམྱལ་བའི་སྐྱེ་གནས། སྐྱེ་གནས་གསུམ་པོ་དེ་ལ་ངན་སོང་གི་སྐྱེ་གནས་གསུམ་ཟེར་ར་༿ཟེར་བ་༾རེད།
- རྒན་མཁས་བཙུནདེ་ག་རེ་རེད་ཟེར་ན།ལམ་ཀ་དེ་འགྲོ་ས་ཡག་པོ་ཡོའོ་༿ཡོད་༾མ་རེད་པ་གསུངས་ཀྱི་ཡོའོ་༿ཡོད་༾རེད་པ། ངན་པར་སོང་པ་རེད་ཨོའོ་་་་བྱས་ཙང་ངན་སོང་གསུམ་གསུངས་པ་རེད། ངན་སོང་གསུམ་དེ་དཔེ་ཆ་བཞག་སོང་ན་ག་རེ་དང་འདྲ་པོ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནགཡང་ས་དང་འདྲ་པོ་རེད་ཟེར། གཡང་ས་ཟེར་དུས་ཙ་ནས་ང་རང་ཚོ་དཔེར་ན་གཡང་མཐོ་པོ་དང་རི་མཐོ་པོ་དེ་འདྲས་ཀྱི་སྒང་ནས་མར་ཟགས་ཀྱི་རེད་པ།དེ་ལ་གཡང་ལ་ཟགས་པ་ཟེར་གྱི་རེད། ཨོའོ་་་་དེ་ནང་བཞིན་ངན་སོང་ལ་མར་ལྷུང་སོང་ན་གཡང་ལ་ཟགས་པ་དང་གཅིག་པ་རེད། ཐར་པར་ཡར་འགྲོ་ཡས་དེ་དཀའ་ལས་ཁག་པོ་ཞེ་དྲག་རེད། ཨོའོ་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོ་ཡག ད་དེ་ནས།
- རྒན་མཁས་བཙུནབསྐལ་པ་བྱེ་བ་མང་པོའི་བར་དུ་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་ཀྱི་མ་རེད་དཱ་ཟེར། ཁྱེད་རང་གིས་མི་ལུས་དེ་འཕྲོ་བརླག་ལ་ཅིག་བཏང་སོང་ན། བྱས་ཙང་ད་ད་རེས་མི་ལུས་འཐོབ་དུས་ཙ་ནས་བྱ་བ་བཟང་པོ་བྱས། མི་ལ་ཕན་ཐོག་ཡག་པོ་བྱས། དེ་འདྲས་བྱེད་དགོས་རེད་ད་ཟེར།
- རྒན་མཁས་བཙུནའོ་ཡག དེ་མ་བྱས་ན་མི་ལུས་ཟེར་ཡས་དེ་ཡང་ཡང་ཐོབ་ཀྱི་མ་རེད་ཟེར། བྱས་ཙང་ཁོས་དེ་འདྲས་གསུངས་ཀྱི་རེད། ནང་པ་སངས་རྒྱས་པས་ཡིན་ན་ཁྱེད་རང་ལ་ད་རེས་མི་ལུས་རིན་པོ་ཆེ་དེ་འཐོབ་འདུག་ག དེ་ག་རེས་འཐོབ་པ་རེད་ཟེར་ན།
- རྒན་མཁས་བཙུནཨོའོ་་་་དེ་སྔ་མ་ཁྱེད་རང་གིས་སྐྱེ་བ་སྔ་མ་སྔ་མ་རྣམས་སུ་ཁྱེད་རང་གིས་ལས་བཟང་པོ་བྱས་ནས་ཨོའོ་ཨ་ནི་་་་ཁོའི་བཀའ་དྲིན་གྱིས་ཨ་ནི་་་་མིའི་ཕ་མ་གཉིས་ཀྱི་ཕྲུག་གུར་ཁྱེད་རང་སྐྱེས་པ་རེད་ཟེར།
- རྒན་མཁས་བཙུནཨོའོ་ཡག་་་་བྱས་ཙང་ཨ་ནི་་་་ཁྱེད་རང་ལ་མི་ལུས་རིན་པོ་ཆེ་དེ་འཐོབ་པ་རེད་ཟེར། ད་དེ་འདྲས་ཀྱི་མི་ལུས་ཡག་པོ་དེའི་སྒང་ལ་ད་དུང་ལས་ཀ་ག་རེ་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནམུ་མཐུད་ནས་ཡང་གཅིག་གི་དགེ་བ་བཟང་པོ་ལས་ཀ་བཟང་པོ་མང་པོ་བསྒྲུབ་སོང་ན་ཨོའོ་་་་རྗེས་མར་མི་ལུས་ཐོབ་ཨ་ནི་་་་ཡང་མི་ལུས་དེའི་སྟེང་ལ་ཡང་དགེ་བ་བཟང་པོ་དང་ལས་ཀ་བཟང་པོ་མང་པོ་བསྒྲུབ་སོང་ན། ཨ་ནི་་་་བྱ་བ་བཟང་པོ་མང་པོ་མང་པོ་བསགས་ནས།ཨ་ནི་་་་རྗེས་མར་ག་ལེར་ག་ལེར་ཐར་པ་ཟེར་ཡས་དེ་འདུག་བཟོ་ཐོབ་ཀྱི་རེད་ཟེར་གསུངས་པ་རེད།
- རྒན་མཁས་བཙུནའོང་ཡག ང་རང་ཚོ་ད་ཐེངས་མི་ལུས་ཐོབ་ཤི་ཀྱི་རེད་པ། ཤི་པའི་རྗེས་ལ་ཁྱེད་རང་གཏན་ནས་མེད་པ་ཆགས་པ་དེ་འདྲས་མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། ནང་པ་སངས་རྒྱས་པའི་ལུགས་ལ་ཨོའོ་ཡག་་་་དེ་འདྲས་རེད་འདུག་ག
- རྒན་མཁས་བཙུནསྐྱེ་བ་ལེན་དགོས་རེད་ཟེར་ཁྱེད་རང་གཏན་ནས་མེད་པ་ཅིག་ཆགས་ནས་ད་རེས་ཁྱེད་རང་མི་ཚེ་འདི་ལ་ག་རེ་བྱེད་ཐུབ་ནའི་ཁེ་བཟང་ཡིན་ན་ད་དཀའ་ལས་དེ་འདྲས་རྒྱག་དགོས་མ་རེད་པཱ། གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོང་་་་ཁྱེད་རང་ག་རེ་བྱེད་ཀྱི་ཡིན་ནའི་བྱེད་ཟེར་ཡིན་ནའི་ང་རང་ཚོ་མི་ཟེར་ཡས་དེ། ཤི་སོང་ན་གཞི་ནས་ཡང་ཁྱེད་རང་སྐྱེ་བ་ལེན་རྒྱུ་ཡོད་པ་ཞིག་རེད། བྱས་ཙང་སྐྱེ་བ་ལེན་དགོས་པ་སོང་ཙང་། བྱས་ཙང་ཁྱེད་རང་སྐྱེ་བ་ཡག་ག་༿ཡག་པ་༾གཅིག་ལེན་ཡས་ཀྱི་ཆེད་དུ་ཨ་ནི་་་་ད་རེས་མ་ཤི་གོང་ལ་དཀའ་ལས་རྒྱག་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར། འོ་་་་དེ་ཡག་པོ་ཡོའོ་༿ཡོད་༾རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། ད་ཨ་ལས་་་་དེ་ཚོ་དེ་འདྲས་ཅིག་ལ་བཞག་རེད་པཱ།
- རྒན་མཁས་བཙུནདེའི་རྒྱུ་མཚན་ལ་ཡ། སྤྱོད་འཇུག་གི་ལུང་གཅིག་དྲངས་ཡོའོ་༿ཡོད་༾རེད། སྤྱོད་འཇུག་ཟེར་དུས་ཙ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཟེར་བྱས་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བརྩམས་པ་གནང་པ་རེད། ཨོའོ་ཡག
- རྒན་མཁས་བཙུནདེ་ཚོ་བསྟན་བཅོས་རེད་པ་ཨོ་་་་བསྟན་བཅོས་སྤྱོད་འཇུག་ཟེར་ཡས་དེའི་ནང་ལོགས་ནས་ག་རེ་གསུངས་ཡོའོ་༿ཡོད་༾རེད་ཟེར་ན།དགེ་བ་དག་ཀྱང་མ་བྱས་ལ། སྡིག་པ་དག་ཀྱང་ཉེར་བསགས་པས། བསྐལ་པ་བྱེ་བ་བརྒྱར་ཡང་ནི། བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར།ཞེས་གསུངས།
- རྒན་མཁས་བཙུནཨོའོ་་་་དེ་ག་རེ་གསུངས་པ་རེད་ཟེར་ན།རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ང་རང་ཚོས་མི་དེ་ཚོས་ཨོའོ་་་་བྱེད་སྟངས་སྡུག་ཅག་དེ་འདྲས་བྱེད་ཀྱི་འདུག ག་རེ་བྱེད་ཀྱི་འདུག་ཟེར་ན།
- རྒན་མཁས་བཙུནསོ་སོ་མི་ལུས་ཐོབ་བྱས་བསྡད་པའི་རིང་ལ་དགེ་བ་དག་ཀྱང་མ་བསགས་བྱས་པ་རེད། དགེ་བ་བྱས་མ་སོང་ཟེར་ཁོས་འོ་་་་ཁོས་དགེ་བ་མ་བྱས་འདུག་བཟོ་བཙུགས་གེར་འདུག་བཟོ་བསྡད་པ་ཡིན་ན་ཨོའོ་ཙ་རེད་དའི་ཁོས་བཙུགས་གེར་འདུག་བཟོ་བསྡད་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནཁོས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་སྡིག་པ་དག་ཉེར་བར་བསགས་བྱས་པ་རེད། ལས་ཀ་སྡུག་ག་ཀྱང་ཀྱང་བྱས་སོང་ཟེར། ག་རེ་བྱས་སོང་ཟེར་ན། མི་གཞན་དག་གི་སྲོག་བཅད་ཀྱི་ཡོའོ་༿ཡོད་༾རེད། རྐུ་མ་བརྐུས་ཀྱི་ཡོའོ་༿ཡོད་༾རེད། བརྫུན་བཤད་ཀྱི་ཡོའོ་༿ཡོད་༾རེད་དེ་འདྲས་ཀྱི་ལས་ཀ་སྡུག་ཅག་མང་པོ་བྱས་སོང་ཟེར། འོང་་་་སྡིག་པ་དག་ཀྱང་ཉེར་བ་བསགས་སོང་ཟེར། ཨ་ནི་་་སྡིག་པ་དག་ཉེར་བར་བསགས་ན་ག་རེ་བྱེད་ཀྱི་རེད། དེ་ལ་ཧང་སང་ཡས་ཡོའོ་༿ཡོད་༾རེད་པས་ཟེར།
- རྒན་མཁས་བཙུནསྡིག་པ་བྱས་ན་ཧང་སང་དགོས་བྱུང་དེ་སྡུག་ཅག་ཞེ་དྲག་རེད་ཟེར། སྡིག་པ་ཟེར་ན་གང་འདྲས་ཅིག་ལ་ཟེར་ར་༿ཟེར་བ་༾རེད་ཟེར་ན། སྤྱོད་པ་ངན་པ་བྱ་བ་ངན་པ་ལ་ཟེར་ར་༿ཟེར་བ་༾རེད། བྱ་བ་ངན་པ་ཟེར་ཡས་དེ་བྱས་ན་སྡུག་ཅག་ཞེ་དྲག་རེད་ཟེར།
- རྒན་མཁས་བཙུནཁོ་བྱས་ན་རྗེས་མ་ཁྱེད་རང་ཤི་པའི་རྗེས་ལ་ག་རེ་བྱེད་ཀྱི་རེད་ཟེར་ན། བསྐལ་བ་མང་པོའི་རིང་གང་ལ་མི་ལུས་འཐོབ་ཡས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། ཨོའོ་ཨ་ནི་་་་་ཁྱེད་རང་སྐྱེ་བ་ག་པར་ལེན་བྱས་བསྡད་དགོས་རེད་ཟེར་ན། ངན་སོང་ཀྱི་གནས་སུ་སྐྱེ་བ་ལེན་བྱས་བསྡད་ཀྱི་རེད་ཟེར།
- རྒན་མཁས་བཙུནཨ་ནི་་་་ངན་སོང་གི་གནས་སུ་གནས་སུ་སྐྱེ་བ་ལེན་བྱས་བསྡད་ན་དེ་ལ་ཧང་སང་ཡས་ག་རེ་ཡོའོ་༿ཡོད་༾རེད། དེ་ལ་ཡ་མཚན་ཡས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། ངན་སོང་གི་གནས་སུ་སྐྱེ་བ་བླངས་ན་ཁྱེད་རང་ལ་རང་དབང་ཡོའོ་༿ཡོད་༾མ་རེད། བདེ་བ་ཡོའོ་༿ཡོད་༾མ་རེད། འོ་ཡག དེ་འདྲས་རེད། ཁྱེད་རང་ལ་རང་དབང་མེད་དུས་སོ་སོ་ལ་དབང་མེད་དུས་མིས་ཁྱེད་རང་ལ་དབང་ཉེས་བཏང་གི་རེད་པཱ།
- རྒན་མཁས་བཙུནདཔེར་ན་ཁྱེད་རང་ངན་སོང་དཔེར་ན་ངན་སོང་དེ་འདྲས་རེད་པ། ང་རང་ཚོའི་མི་ཡུལ་སྒང་ལ་ཡོད་པའི་གཅིག་གི་ལུག་ཟེར་རྒྱུ། ཕག་པ་ཟེར་རྒྱུ་གཅིག་གི་རྟ་ཟེར་རྒྱུ་དེ་ཚོ་འགང་ག་༿ཚང་མ་༾ལོགས་ངན་སོང་རེད་པ་དུད་འགྲོ་ཟེར་ཡས་དེ་རེད་པཱ། དེ་ཚོ་ལ་དབང་མི་འདུག་ག ཁོ་རང་ལ་རང་དབང་མི་འདུག་ག ག་རེ་རེད་ཟེར་ན།
- རྒན་མཁས་བཙུནམིས་བེད་སྤྱོད་བཏང་རེད་པ་ཨོའོ་་་་གཅིག་གི་ཁལ་མ་འཁྱོག་ཚད་བསྐྱལ་ཡས་དང་ཨ་ནི་་་་གཅིག་གི་ཁོ་ལ་ཡ་མིས་ཨ་ནི་་་་གཅིག་གི་བཀོད་པ་མང་པོ་བཏང་བྱས་བཀོད་སྒྲིག་མང་པོ་བཏང་བྱས། ཁོ་རང་གི་རང་དབང་ནང་བཞིན་འཚོ་གནས་བྱེད་ཡས་མི་འདུག་ག
- རྒན་མཁས་བཙུནཨོའོ་་་་་དེ་འདྲས་ཀྱི་སྡུག་བསྔལ་མང་པོ་ཡོའོ་༿ཡོད་༾རེད་ཟེར། འོ་ཡག བྱས་ཙང་བྱ་བ་ངན་པ་ཟེར་ཡས་དེ་བྱས་སོང་ན། ངན་སོང་ལ་ལྷུང་བྱས་སྡུག་བསྔལ་ཞེ་དྲག་མྱོང་གི་རེད་ད་ཟེར། ངན་སོང་ལ་ལྷུང་སྡུག་བསྔལ་ཧང་སང་ཡས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། སྡུག་བསྔལ་ཟེར་ཡས་དེ་ང་རང་ཚོ་འགང་ག་༿ཚང་མ་༾ལོགས་ལ་མི་དགོས་བ་དེ་རེད་པཱ། ང་རང་ཚོ་འགང་ག་༿ཚང་མ་༾ལོགས་སྡུག་བསྔལ་མི་མྱོང་བའི་ཆེད་དུ་དཀའ་ལས་རྒྱག་གི་ཡོའོ་༿ཡོད་༾རེད་པ་བྱས་པ་རེད།
- རྒན་མཁས་བཙུནབྱས་ཙང་འདིའི་ཆེད་དུ་དཀའ་ལས་རྒྱག་གི་ཡོད་ན། ཨ་ནི་་་་རྗེས་མ་གི་སྡུག་བསྔལ་ཆེན་པོ་གཅིག་བཀག་ཡས་ཀྱི་ཆེད་དུ་ད་ལྟ་ནས་ཁྱེད་རང་གིས་དཀའ་ལས་ཡག་པོ་ཅིག་རྒྱག་དགོས་རེད་ཟེར་། འོ་་་་དཀའ་ལས་ཁོ་གང་འདྲས་ཅིག་རྒྱག་དགོས་རེད་ཟེར་ན།
- རྒན་མཁས་བཙུནདགེ་བའི་ཕྱོགས་ལ་ཡ་ལུས་དེ་བེད་སྤྱོད་བཏང་། དགེ་བ་ཟེར་ཡས་དེ་སྒྲུབ་དུས་དཀའ་ལས་ཏོག་ཙམ་ཡོའོ་༿ཡོད་༾རེད་བྱས་པ་རེད། འོང་་་་དཀའ་ལས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་མཚམས་རེ་ཁྱེད་ཀྱི་ཕྱོགས་ནས་དངུལ་འདྲ་པོ་དེ་འདྲས་སྤྲད་དགོས་ཀྱི་རེད། ཨ་ནི་་་་སེམས་རླབས་ཆེ་བ་དེ་ཚོས་སོ་སོའི་གཟུགས་པོ་དེ་གའི་མི་ལ་སྟེར་དགོས་ཀྱི་ཡོའོ་༿ཡོད་༾རེད་པ། ད་དེ་ཚོ་དཀའ་ལས་ཁག་པོ་རེད་པ།
- རྒན་མཁས་བཙུནའོང་་་་དཀའ་ལས་ད་ཏོག་ཙམ་ཡོའོ་༿ཡོད་༾རེད་དའི་ཡིན་ན་ཡང་འཁོར་བ་ལ་གནས་དུས་དཀའ་ལས་ལ་ལྟོས་སོང་ན། དཀའ་ལས་དེ་ཁྱེད་རང་གིས་ཆོས་བྱེད་པའི་སྐབས་ལ་བྱས་ན་དཀའ་ལས་ཆུང་ཆུང་རེད། དཀའ་ལས་དེ་ཡིན་ན་དུས་ཚོད་ཐུང་ཐུང་རེད། དེ་མ་ཡིན་པའི་ང་རང་ཚོ་འཁོར་བ་ལ་གནས་ཀྱི་བསྡད་པ་ཡིན་ན། དེའི་རིང་གང་ལ་བརྒྱབ་བཞག་དཀའ་ལས་དེ་ཆེན་པོ་རེད།
- རྒན་མཁས་བཙུནདུས་ཚོད་རིང་པོ་རེད་ཨོའོ་་་་དེ་འདྲས་གསུངས་ཀྱི་ཡོའོ་༿ཡོད་༾རེད། བྱས་ཙང་ད་ཁྱེད་རང་གིས་བསམ་བློ་ཡག་པོ་བཏང་ཚར་ར་ད་ག་རྗེས་མ་ནས་མི་ལུས་དེ་འཕྲོ་བརླག་ལ་མ་གཏོང་ཟེར་བྱས་ནས་ཞབས་དཀར་པས་རེ་བ་དེ་འདྲས་བཏོན་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་བྱས་བདེ་འགྲོའི་སྒྲ་ཡང་ཐོས་པར་མི་འགྱུར་བྱས་པ་རེད། བསྐལ་པ་བྱེ་བ་མང་པོར་ཟེར་དུས་ཙམ་ནས་དུས་ཚོད་རིང་པོ་ཅིག་གི་གལ་ཏེ་དགེ་བ་མ་བྱས་ན།
- རྒན་མཁས་བཙུནདུས་ཚོད་རིང་པོ་ཅིག་གི་རིང་གང་ལ་ངན་སོང་གི་གནས་ལ་འཁྱམས་བྱས་བསྡད་ནས་ཨ་ནི་་་་ང་རང་ཚོ་ལ་ཁྱེད་རང་དངོས་སུ་བདེ་འགྲོ་བྱེད་ཡས་ཙམ་བདེ་བ་མྱོང་ཡས་ཕར་བཞག་ནས། དངོས་སུ་བདེ་འགྲོའི་སྐྱེ་བ་ལེན་ཡས་ཕར་བཞག བདེ་འགྲོ་བདེ་འགྲོ་ཟེར་མིང་དང་སྐད་ཆ་ཙམ་ཡང་རྣ་ཅོག་ལ་གོ་ས་མེད་པའི་གནས་དེ་འདྲས་ལ་ཡང་སླེབས་བསྡད་ཀྱི་རེད།
- རྒན་མཁས་བཙུནསྐྱོ་པོ་ཞེ་དྲག་ཡོང་གི་རེད་ད་ཟེར་བྱས་ཙང་བྱ་བ་ངན་པ་ཟེར་ཡས་དེ་མ་བྱེད་ཨ་་་།ཟེར་བྱས་ནས་དེ་འདྲས་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནད་དེ་ནས། དེས་ན་ཚེ་འདིའི་ལྟོ་གོས་ཅུང་ཟད་རེའི་ཕྱིར་སྡིག་བསགས་ནས།
- རྒན་མཁས་བཙུནཕྱི་མར་བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་པར་བྱེད་པའི་མི་དེ་ལས་བླུན་པ་ཞིག་འཇིག་རྟེན་གྱི་ཁམས་འདི་ན་མེད་དེ།བྱས་པ་རེད།
- རྒན་མཁས་བཙུནད་ཏག་ཏག་རེད་འདུག་ག་འོ་འོང་། ཚེ་འདི་ང་རང་ཚོ་མི་ཟེར་ཡས་དེ་ཁོ་རང་གིས་ཚེ་འདིའི་བདེ་བ་འདྲ་པོ་ཏིག་ཙ་གཅིག་མྱོང་ཡས་ཀྱི་ཆེད་དུ། ཚེ་འདིའི་དཔེར་ན་ང་རང་ཚོ་སོ་སོའོ་གྲོད་ཁོག་རྒྱགས་ཡས་ཀྱི་ཆེད་དུ་རེད་པ།
- རྒན་མཁས་བཙུནཡང་མིན་ན་སོ་སོ་ལ་དབང་ཆ་འདྲ་པོ་ཏིག་ཙ་ཅིག་རགས་ཡས་ཀྱི་ཆེད་དུ་རེད། ཡང་མིན་ན་སོ་སོ་སྙན་གྲགས་འདྲ་པོ་ཁོ་དེ་མཁས་པ་རེད་ད། ཁོ་བློ་ཁོག་ཆེན་པོ་རེད་ད། ཁོ་སེམས་བཟང་པོ་ཡོའོ་༿ཡོད་༾རེད་ད། དེ་འདྲས་ཀྱི་སྐད་ཆ་སྟོང་པ་ཅིག་རགས་ཡས་ཀྱི་ཆེད་དུ་ཨ་ནི་་་་ཁོས་དཀའ་ལས་ཞེ་དྲག་རྒྱག་གི་ཡོའོ་༿ཡོད་༾རེད། དེ་ཚོ་ཆོ་མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོང་་་་དེ་ཚོ་ཆོ་ཡོའོ་༿ཡོད་༾མ་རེད་ཟེར། ཁོས་དེའི་ཆེད་དུ་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནགཞན་དག་ལ་ཁོ་ཡག་པོ་ཡོའོ་༿ཡོད་༾མ་རེད་ད། ཁོ་ཅིག་གི་བྱས་ནས་ཁ་ནས་སྐད་ཆ་བཙོག་པ་མང་པོ་བཤད། འོ་་་་ཁོས་ལུས་ནས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། སེམས་ཅན་གཞན་དག་གི་སྲོག་བཅད་ཀྱི་རེད།
- རྒན་མཁས་བཙུནསེམས་ཅན་གཞན་དག་གི་རྩ་ནས་ཅ་ལག་ལ་སོགས་པ་མ་བྱིན་པར་ལེན་གྱི་རེད། དེ་འདྲས་ཀྱི་སྤྱོད་པ་མང་པོ་བྱེད་ཀྱི་ཡོའོ་༿ཡོད་༾རེད་། སོ་སོའོ་ཚེ་འདིའི་ཁེ་ཕན་སྒྲུབ་ཡས་ཀྱི་ཆེད་དུ་དེ་འདྲས་བྱས་ན་ཡག་པོ་ཡོའོ་༿ཡོད་༾མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་བྱས་པ་ཡིན་ན་ཚེ་དེ་རེས་ཁྱེད་རང་ལ་ཁེ་སང་ཏིག་ཙམ་ཅིག་གི་སྒོར་མོ་འདྲ་པོ་ཅིག་གི འགོ་ཁྲིད་འདྲ་པོ་ཅིག་གི་ཏིག་ཙ་ཏིག་ཙ་༿ཏོག་ཙམ་༾བྱས་ཚར་ནས་ཁྱེད་རང་ལ་ཁེ་བཟང་འདྲ་པོ་རགས་ཀྱི་ཡོད་ན་ཡང་། ཕྱི་མ་རྗེས་མ་སྐྱེ་བ་རྗེས་མ་དེ་ཨ་ནི་་་་ཁྱེད་རང་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནམི་ལུས་ཐེབ་ཆ་གཅིག་ཡིའི་༿ཀྱང་༾། མི་ལུས་བཟང་པོ་དང་། མི་ལུས་དབང་ཆེན་པོ་དང་སྟོབས་འབྱོར་བཟང་པོ་ཡོང་ཡས་ཕར་བཞག་ནས་མི་ལུས་ཐོབ་ཆ་གཅིག་འཐོབ་ཡས་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནའོ་ན་་་་ཁྱེད་རང་ག་པར་འགྲོ་དགོས་རེད་ཟེར་ན། བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་པར་བྱེད་པའི་ཨོའོ་་་་ངན་སོང་ཟེར་ཡས་དེའི་གནས་ལ་སྐྱེ་གི་༿ཡི་༾རེད་ད། ཨོའོ་་་་དེ་འདྲས་ལ་སྐྱེ་ཡས་ཀྱི་ལས་ཀ་བྱེད་མཁན་མི་སྡུག་ཅག་དེ་ལས་ལྐུག་ག་༿པ་༾ཅིག་དག་སྐྱོ་བ་ཅིག ད་འཇིག་རྟེན་འདིའི་སྒང་དེར་ལ་སུ་ཡོའོ་༿ཡོད་༾རེད་པས།
- རྒན་མཁས་བཙུནམི་དེ་ལྐུག་ཤོས་ཡིན་པ་ལས་ཀ་དེ་འདྲས་བྱེད་མཁན་མི་དེ། ལས་ཀ་དེ་འདྲས་མ་བྱེད་ཟེར་བྱས་ནས་རེ་བ་དེ་བཏོན་གྱི་ཡོའོ་༿ཡོད་༾རེད། ཞབས་དཀར་པས། འོང་་་་སྤྱོད་འཇུག་ལས།
- རྒན་མཁས་བཙུནའདི་འདྲའི་དལ་བ་རྙེད་གྱུར་ནས། བདག་གིས་དགེ་གོམས་མ་བྱས་ན། འདི་ལས་བསླུན་པའང་གཞན་མེད་ཅིང་། འདི་ལས་རྨོངས་པའང་གཞན་མེད་དོ་ཞེས་གསུངས། འོང་་་་སྤྱོད་འཇུག་གི་ཚིག་དེ་ཡང་གོ་བདེ་པོ་འདུག ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ང་རང་ཚོ་སོ་སོ་ལ་ད་ལྟ་མི་ལུས་རིན་པོ་ཆེ་ཅིག་འཐོབ་བསྡད་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནད་དེ་འདྲས་ཀྱི་མི་ལུས་རིན་པོ་ཆེ་དེ་མི་ལུས་རིན་པོ་ཆེ་ཡིན་པ་སོ་སོས་ངོ་ཤེས་ཡག་པོ་བཏང་ངོས་འཛིན་ཡག་པོ་བྱེད་དགོས་རེད་ད། ངོས་འཛིན་ཡག་པོ་མ་བྱས་ན། དེ་མི་ལུས་དེ་ཡག་པོ་ཡིན་པ་ད། དེ་དཀོན་པོ་ཡིན་པ་ད། དེས་དོན་དག་བྱས་པ་ཡིན་ན་དོན་ཆེན་པོ་ཡོད་ལུགས་དེ་ཚོ་བསམ་བློ་བཏང་ནས། དེ་ལ་ཡ་གཅེས་སྤྲས་འདྲ་པོ་ཡག་པོ་བྱས་བྱས། དགེ་བའི་ཕྱོགས་ལ་བེད་སྤྱོད་བཏང་མ་ཐུབ་ན།
- རྒན་མཁས་བཙུནཨ་ནི་་་་ཁྱེད་རང་གིས་མི་ལུས་དེ་ག་རེའི་ཕྱོགས་ལ་བེད་སྤྱོད་བཏང་གི་རེད་ཟེར་ན། བྱ་བ་སྡུག་པ། བྱ་བ་ངན་པ་ཨོའོ་་་་དེ་འདྲས་ཀྱི་ཕྱོགས་སུ་བེད་སྤྱོད་བཏང་གི་རེད། ཨོའོ་་་་དེ་འདུག་བཟོ་བེད་སྤྱོད་བཏང་པ་ཡིན་ན།
- རྒན་མཁས་བཙུནཨ་ནི་་་་ད་རེས་མི་ལུས་ཐོབ་པ་དེ་སྔོན་མ་དཀའ་ལས་ཞེ་དྲག་བརྒྱབ་ནས་ཐོབ་པ་རེད། ད་དེ་ཁྱེད་རང་གི་ཚེ་འདི་འདུག་བཟོ་འཕྲོ་བརླག་བཏང་པ་ཡིན་ན། རྗེས་མར་མི་ལུས་དེ་འདྲས་ཡང་ཡང་རག་གི་མ་རེད།
- རྒན་མཁས་བཙུནབྱས་ཙང་སྐྱོ་པོ་ཞེ་པོ་བྱེད་ཀྱི་རེད། དེ་ལས་ད་རེས་མི་ལུས་དེ་གཅེས་སྤྲས་ཡག་པོ་བྱས་བྱས། བསྐྱངས་དགོས་རེད་ད་ཟེར། དེ་མ་བྱས་པ་ན་མི་དེ་ལྐུག་པ་ཞེ་དྲག་རེད་ད་ཟེར། མི་ལུས་འཐོབ་མཁན་གྱི་མི་དེ་མི་ལུས་ལ་རྩ་ཆེན་པོ་མ་བརྩིས་པ་བྱས། མི་ལུས་དེ་ཡག་པོ་ཡིན་པ་ལ་མ་བརྩིས་པ་བྱས། མི་ལུས་འདི་ད་ག་ཟེར་འཕྲོ་བརླག་ལ་བཏང་། དེ་འདྲས་ཞེ་དྲག་བྱས་པ་ཡིན་ན་མི་དེ་ལྐུགས་ཞེ་དྲག་རེད་ད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནབྱས་ཙང་དེ་ལས་བསླུས་པ་གཞན་མེད་གསུངས་པ་རེད། མི་ལུས་འཐོབ་དུས་ད་དགེ་བར་ཡིན་གཅིག་མིན་གཅིག་གོམས་པར་བྱེད་དགོས་རེད་ཟེར། དགེ་བ་ལ་གོམས་པར་མ་བྱས་ན་དགེ་བར་མ་སློབ་ན། ཨ་ནི་་་་ང་རང་ཚོ་མི་ལུས་ཐོབ་པ་སྟོང་ཟད་རེད། འདི་ཁྱེད་རང་བསླུས་པའི་ནང་ལོགས་ནས་བསླུ་ཚབས་ཆེ་ཤོས་དེ་རེད་ཟེར། བསླུས་པ་ཟེར་ན་ཁྱེད་རང་མགོ་བསྐོར་འོག་ལ་འཐེབས་ག་རེའི་མགོ་བསྐོར་འོག་ལ་ཐེབས་པ་རེད་ཟེར་ན།
- རྒན་མཁས་བཙུནཁྱེད་རང་ལ་སོ་སོའི་བསམ་པ་ངན་པ་ཁོས་མགོ་བསྐོར་བཏང་ནས་སོ་སོས་སོ་སོར་མགོ་བསྐོར་ལ་ཚུད་པ་རེད། ཨོའོ་་་་དེ་འདྲས་ཀྱི་མགོ་བསྐོར་འོག་ལ་ཚུད་སོང་ན། ཨ་ནི་་་་ད་ཁྱེད་རང་རྨོངས་པ། གླེན་པ། ལྐུགས་པ་ཞེ་པོ་ཅིག་རེད།
- རྒན་མཁས་བཙུནའོ་ཡག ད་བྱ་བ་ཡག་ག་༿པ་༾དེ་བསྒྲུབ་མ་ཤེས་པ་རེད། བྱ་བ་ངན་པ་དེའི་ནང་ལོགས་ལ་འདུག་བཟོ་ཕྱིན་པ་རེད། དེ་ལྐུགས་པ་རེད་ལྐུགས་པའི་བྱེད་སྟངས་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོ་ཡག ད་དེ་འདྲས་བྱས་ན་ཐབས་སྐྱོ་པོ་རེད་ད། རྗེས་མ་ནས་དེ་འདྲས་མ་བྱེད་ཨ་་་་ ཟེར་ར་རེད།
- རྒན་མཁས་བཙུནདེ་ལྟ་བུའི་བླུན་པོ་ཐ་ཆད་ཀྱི་སྡིག་ཅན་དེ་འཆི་བའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་བའི་གནས་སུ་འགྱུར་ཏེ།ཟེར་ད་འདི་འདྲས་ཀྱི་མི་ལྐུགས་པ་དལ་འབྱོར་ཐོབ་དུས་དལ་འབྱོར་ད་ག་ཟེར་འཕྲོ་བརླག་བཏང་མཁན་དེ། རྗེས་མ་ནས་ཤི་དུས་ཙམ་པ་ཐབས་སྐྱོ་པོ་བྱས་ནས་ཤི་གི་རེད་ཟེར།
- རྒན་མཁས་བཙུནཤི་སྟངས་གང་འདྲས་ཤི་གི་རེད་ཟེར་ན། ཨ་ནི་་་་རྦད་དེ་ཤི་དུས་ཙམ་པར་མར་ཤི་འགྲོ་དུས་ཙ་ནས་ད་ངན་སོང་གསུམ་ལ་མར་ཟགས་འགྲོ་གི་༿ཡི་༾རེད་ཟེར།
- རྒན་མཁས་བཙུནཨོའོ་་་་སེམས་སྐྱིད་པོ་བྱས་ནས། སེམས་བདེ་པོ་བྱས་ནས། ཨ་ནི་་་་འགྲོ་བ་མི་ལུས་ཐོབ་ཡས་དེ་འདྲས་ཡོང་ཡས་ཡོའོ་༿ཡོད་༾མ་རེད་ཟེར། ཨོའོ་་་་ཤི་སྟངས་ཁོ་ཡང་སྐྱོ་པོ་བྱས་ནས་ཤི་གི་༿ཡི་༾རེད་བྱས་པ་རེད། འོང་་་་ད་དེ་འདྲས་སངས་རྒྱས་བྱང་སེམས་རྣམས་ཀྱི་སྙིང་རྗེའི་ཡུལ་དུ་གྱུར་པ་དེ་སྐྱོ་པོ་ཞེ་པོ་རེད་བྱས་པ་རེད།
- རྒན་མཁས་བཙུནའོ་ཡག སློབ་དཔོན་ཆེན་པོས་ཟེར། ཨ་་་་སློབ་པོ་ཆེན་པོ་ཟེར་ན་སློབ་དཔོན་པདྨ་འབྱུང་གནས་ལ་ཟེར་ར་རེད། སློབ་དཔོན་ཆེན་པོས་གང་འདྲས་གཅིག་གསུངས་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནདལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། ཆོས་མེད་སྟོང་ལོག་མཁན་རྣམས་སྙིང་རེ་རྗེ།ཟེར་གསུངས། ད་དལ་འབྱོར་གྱི་མི་ལུས་དེ་ཐོབ་ཡས་དཀའ་ལས་ཁག་པོ་ཡིན་གྱིན་ཡིན་གྱིན་ལས་མི་ཁ་ཤས་ལ་ཡ་མི་ལུས་གཅིག་ཐོབ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཡིན་ན་ཡང་ཁོས་ཁོ་རང་གིས་མི་ལུས་དེ་བེད་སྤྱོད་ཡག་པོ་མ་བཏང་པ་བྱས། མི་ལུས་ཐོབ་པ་ཁོ་ད་ག་ཟེར་འཕྲོ་བརླག་ལ་བཏང་ནས། ཨ་ནི་་་་ཚེ་འདིའི་ཁེ་ཕན་བསྒྲུབ་ཡས་དང་ཚེ་འདིའི་རེ་བ་འདྲ་པོ་ཅུང་ཟད་གྲུབ་ཡས་ཀྱི་ཆེད་དུ།
- རྒན་མཁས་བཙུནཨ་ནི་་་་མི་ལུས་རྩ་ཆེན་པོ་དེ་འདུག་བཟོ་འཕྲོ་བརླག་ལ་བཏང་སོང་ན། ད་གལ་ཆེ་བ་དེ་ཚེ་ད་རེས་མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད་ནང་པ་སངས་རྒྱས་པས། གལ་ཆེ་བ་དེ་ག་དུས་རེད་ཟེར་ན།
- རྒན་མཁས་བཙུནགལ་ཆེ་བ་དེ་མ་འོངས་པའི་ཚེ་དེ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོང་་་་ད་རེད་ཚེ་འདི་བེད་སྤྱོད་ཡག་པོ་གཅིག་བཏང་བྱས། མ་འོངས་པའི་ཚེ་དེ་འདི་ལས་བཟང་ང་ཅིག་ཡོང་ཡས་ཀྱིས་བརྩིས་རྒྱག་དགོས་རེད་ཟེར། འོ་ཡག དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད་པཱ། དེ་འདྲས་མ་བྱས་པ་ལ་དེ་རེས་ཐོབ་པའི་མི་ལུས་འདི་འདུག་བཟོ་འཕྲོ་བརླག་ལ་ཤོར་སོང་ན།
- རྒན་མཁས་བཙུནཨ་ནི་་་་ཤི་དུས་ཙམ་པར་ད་སོ་སོ་ལ་དགེ་བ་ག་གའི་༿གང་ཡང་༾འཁྱེར་ཡས་མེད་པ་བྱས་ཤི་དགོས་བྱེད་ཀྱི་རེད། དེ་འདྲས་ལ་ཤི་སོང་ན་ཆོས་མེད་པའི་སྟོང་ལོག་ལ་ཤི་བའི་བཟོ་འདྲ་ཅིག་རེད། དཔེར་ན་ཆུ་ལེན་ག་ལ་ཕྱིན་ནས་ཆུ་འཁྱེར་མ་ཡོང་པར་ཆུ་བན་སྟོང་པ་ལ་འཁྱེར་ཡོང་པའི་བཟོ་འདྲ་ཅིག་རེད་ཟེར།
- རྒན་མཁས་བཙུནག་གའི་༿གང་ཡང་༾རག་ཡོའོ་༿ཡོད་༾མ་རེད་དེ་འདྲས་ཀྱི་སྟོང་པ་ལ་ཤི་དགོས་བྱུང་ན། དགེ་བ་ག་གའི་༿གང་ཡང་༾མ་རག་པར་ཤི་དགོས་བྱེད་ན། ཨ་ནི་་་་སྐྱོ་པོ་ཞེ་དྲག་རེད་ཟེར། སྙིང་རྗེ་ཡས་ཀྱི་གནས་འདྲ་ཅིག་རེད་ཟེར། ཡ་ང་ཡས་ཀྱི་གནས་འདྲ་ཅིག་རེད་ཟེར། འོང་་་་དེ་འདྲས་མ་རེད་ཟེར་ད་ང་རང་ཚོ་མི་ལུས་ཐོབ་དུས་ཙ་ནས་མི་ལུས་དེ་འཕྲོ་བརླག་ལ་མ་གཏོང་ཟེར་བྱས་ནས། དེ་ལ་ཡ་གཅེས་སྤྲས་བྱེད་དགོས་ཡས་ལ་སྐུལ་མ་གནང་གི་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནདེས་ན་ཕོ་མོ་མདོ་དོན་ཆེ་ཆུང་ཀྱང་ཆོས་ཡོད་མེད་ཀྱི་སྟེང་ནས་འབྱེད་དགོས་ཏེ་ཟེར། ད་ང་རང་ཚོ་འདི་ཕོ་ཁྱོ་ག་རེད། ད་འདི་མོའི་ནང་ལོགས་ནས་ཅིག་གི་མོ་མཆོག་རེད། དཔའ་མོ་རེད་ཟེར་བྱས་བྱས་ང་རང་ཚོའི་མི་ཅིག་གི་ཕར་ཚད་གཞི་འདྲ་པོ་བརྩིས་དུས་ཙ་ནས། ཁོ་རྦད་དེ་ཅིག་གི་ཕོ་ཁྱོ་ག་རེད།
- རྒན་མཁས་བཙུནདཔའ་བོ་རེད་ཅིག་གི་བརྩིས་ཡས་ཀྱི་ཚད་གཞི་དེ་ག་ནས་བརྩིས་པ་རེད་ཟེར་ན། ཁོས་མི་ལུས་འདི་དགེ་བ་བྱེད་ཡས་ཆེད་དུ་བེད་སྤྱོད་བཏང་སོང་སྡིག་པ་བྱེད་ཡས་ཀྱི་ཆེད་དུ་བེད་སྤྱོད་བཏང་སོང་ཨོའོ་་་འདི་ནས་བརྩི་གི་༿ཡི་༾རེད་ཟེར།
- རྒན་མཁས་བཙུནམི་ལུས་འདི་དགེ་བ་བྱེད་ཡས་ཀྱི་ཆེད་དུས་བེད་སྤྱོད་བཏང་མི་གཞན་དག་ལ་ཕན་འདོགས་མང་པོ་དང་མི་གཞན་དག་ལ་བསམ་བློ་བཏང་ནས་ལས་ཀ་རླབས་ཆེན་སྒྲུབ་པ་འདི། ཨོའོ་་་་ད་འདི་ཕོ་ཁྱོ་ག་རེད།
- རྒན་མཁས་བཙུནཨོའོ་་་་མདོ་དོན་ཡོད་པའི་སྐྱེ་བོ་དེ་འདི་རེད་ཟེར། ད་མདོ་དོན་མེད་པའི་སྐྱེ་བོ་དེ་ག་རེ་རེད་ཟེར་ན།སོ་སོ་གཅིག་གུ་༿གཅིག་པུ་༾གི་ཆེད་དུ་ཨ་ནི་་་་། ཡང་མིན་ན་སོ་སོའི་ཁྱིམ་ཚང་ཆུང་ཆུང་འདྲ་པོ་གཅིག་གི་ཆེད་དུ་དཀའ་ལས་འདྲ་པོ་བརྒྱབ།
- རྒན་མཁས་བཙུནཨ་ནི་་་་མི་ལུས་དེ་འཕྲོ་བརླག་བཏང་སོང་ན། ཨོའོ་་་་ད་དེ་ཕོ་ཁྱོ་ག་མ་རེད། ཐབས་སྐྱོ་པོ་རེད། ཨོའོ་་་་སྐྱེ་བོ་དེ་མདོ་དོན་ག་གའི་༿གང་ཡང་༾མེད་པའི་སྐྱེ་བོ་དེ་རེད། ཨོའོ་་་་འདུག་བཟོ་བརྩིས་ཀྱི་རེད་ཟེར།
- རྒན་མཁས་བཙུནབརྩིས་ས་ཁོ་ཚད་གཞི་འདི་ནས་བརྩེ་གི་༿ཡི་༾རེད་ཟེར། འོ་ཡག་་་་མ་གཏོགས་ཅིག་གི་ཨ་ནི་་་་དངུལ་མང་ལོས་དང་དེ་ནས་བརྩིས་ཀྱི་མ་རེད། བྱས་པ་རེད་རེད་པཱ། འདི་ནང་པ་སངས་རྒྱས་པའི་རིན་ཐང་བརྩིས་སྟངས་རེད་པ། ཨོའོ་བྱས་་། ཞེས་ཟེར་གསུངས། བྱེད་དགོས་ཏེ། ཕ་དམ་པའི་ཞལ་ནས།ཟེར།
- རྒན་མཁས་བཙུནཕ་དམ་པ་ཟེར་ཡས་དེ་དེ་རེད། ཡང་ང་ཚོའི་རྒྱ་གར་གྱི་མཁས་པ་ཆེན་པོ་ཅིག་རེད། རྒྱ་གར་མཁས་པ་ཆེན་པོའི་དེའི་མིང་ལ་ཡ་ང་ཚོ་བོད་ལ་ག་རེ་ཟེར་གྱི་རེད་ཟེར་ན།
- རྒན་མཁས་བཙུནཕ་དམ་པ། ཕ་དམ་པ་ཟེར་ར་༿ཟེར་བ་༾རེད། ཕ་དམ་པ་སངས་རྒྱས་ཟེར་བྱས་ནས་ང་རང་བོད་ལ་ཐེངས་མ་ལྔ་ཕེབས་པ་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད། ཁོང་རང་ཡིན་རྒྱུ་རྒྱ་གར་གྱི་མཁས་པ་ཅིག་བྱས། བོད་ལ་ཐེངས་མ་ལྔ་ཕེབས་བྱས་ཨ་ནི་་་་བོད་ཀྱི་འགྲོ་བ་རྣམས་ལ་ཆོས་ཀྱི་ཕན་ཐོགས་ཞེ་དྲག་གནང་པ་ཡིན་ཟེར།
- རྒན་མཁས་བཙུནཨོའོ་་་་ཁོང་རང་བཞུགས་ས་དེ་མང་ཆེ་བ་སྐུ་ཚེའི་སྨད་ལ། ཨོའོ་་་་སྐུ་ཚེའི་སྟོད་ལ་བོད་ཀྱི་ས་ཆ་ག་ས་ག་ལ་༿གང་ས་གང་ལ་༾ཕེབས་ཡོའོ་༿ཡོད་༾རེད་པཱ། ད་སྐུ་ཚེའི་སྨད་ལ་གཙོ་བོ་བཞུགས་ས་དེ་ག་པར་བཞུགས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནང་རང་ཚོ་བོད་ཀྱི་ས་ཆ་དིང་རི་ལ་བཞུགས་པ་རེད་ཟེར་གྱི་ཡོའོ་༿ཡོད་༾རེད། བྱས་ཙང་དིང་རིའི་བརྒྱུད་དེ་པར་ཁོང་གིས་ཆོས་མང་པོ་གསུངས་པ་རེད་པཱ། བྱས་ཙང་དེའི་ནང་ལོགས་ནས་དིང་རི་བརྒྱད་བཅུ་ཟེར་ཡས་ཅིག་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནསློབ་དཔོན་ཁོང་རང་གིས་གསུངས་པའི་ནང་ལོགས་ནས། དིང་རི་བ་ཚོ་ལ་བསླབ་བྱ་བསླབ་བྱས་བརྒྱད་བཅུ་ཐམས་པ་ཅིག་ཡོའོ་༿ཡོད་༾རེད། ཨོའོ་་་་བསླབ་བྱ་བརྒྱད་བཅུ་ཁོ་ལ་དིང་རི་བརྒྱད་བཅུ་ཟེར་ར་༿ཟེར་བ་༾རེད།
- རྒན་མཁས་བཙུནཨོའོ་་་་ད་དིང་རི་བརྒྱད་བཅུ་ཁོའི་ནང་ལོགས་ནས་ལུང་གཅིག་དྲངས་འདུག་ག ཞབས་དཀར་པས་འོང་་་་དེ་འདྲས་གསུངས་ཀྱི་འདུག་ག དིང་རི་བ་ཕ་དམ་པའི་ཞལ་ནས་འདི་འདྲས་གསུངས་པ་རེད་ཟེར།
- རྒན་མཁས་བཙུནསྙིང་རུས་མེད་པའི་མི་ལ་སངས་རྒྱས་དཀོན། དཀའ་བ་དང་དུ་ལོངས་ཤིག་དིང་རི་བ། ད་ལྟ་མི་ཁོམ་ཁོམ་དུས་ནམ་ཞིག་འོང་། དུས་བརྒྱ་ཟ་མ་གཅིག་ཡིན་དིང་རི་བ། ཕོ་མོ་མདོ་དོན་ཆེ་ཆུང་ད་རེས་ཤེས། ཚེ་ལ་སྟོང་ལོག་མ་བྱེད་དིང་རི་བ།ཟེར་བྱས་ནས།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་གསུངས་པ་རེད། དིང་རི་བ་དིང་རི་བ་ཟེར་ཡས་དེ་བརྒྱད་བཅུ་ཐམས་པ་ཡོའོ་༿ཡོད་༾རེད། བྱས་ཙང་དེའི་མིང་ལ་དིང་རི་བ་བརྒྱད་བཅུ་ཟེར་ར་༿ཟེར་བ་༾རེད། ཨོའོ་་་་འདིའི་ནང་ལོགས་ནས་ལུང་དྲངས་འདུག་ག
- རྒན་མཁས་བཙུནའོང་་་་ད་ཕ་དམ་པའི་ལུང་དེའི་ནང་ལོགས་ནས་ཚིག་དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད། ཟེར་ན།སྙིང་རུས་མེད་པའི་མི་ལ་སངས་རྒྱས་དཀོན་བྱས་པ་རེད། སྙིང་རུས་མེད་པ་ཟེར་ན་མི་དེ་ལ་སེམས་ཀྱི་ནང་ལོགས་ནས་སྟོབས་ཤུགས་མེད་པ། སེམས་ཀྱི་ནང་ལོགས་ནས་ནུས་པ་མེད་པ། བརྩོན་འགྲུས་ཀྱི་ཤུགས་མེད་པ་དེ་ལ་སྙིང་རུས་མེད་པ་ཟེར་ར་༿ཟེར་བ་༾རེད།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་ཀྱི་བརྩོན་འགྲུས་ཀྱི་ཤུགས་མེད་པའི་མི་དེ་ལ། སངས་རྒྱས་ཟེར་ཡས་དེ་ལས་སླ་པོ་བྱས་ནས་འཐོབ་ཡས་ཡོའོ་༿ཡོད་༾རེད་པས། ཁོ་ལ་ཡ་སངས་རྒྱས་མང་པོ་འཐོབ་ཀྱི་རེད་པས་ཟེར་ན། སངས་རྒྱས་གཅིག་ཡའི་༿ཀྱང་༾འཐོབ་ཀྱི་མ་རེད་བྱས་པ་རེད་ཁོ་ལ་ཡ།
- རྒན་མཁས་བཙུནའོང་་་་དཀོན་པོ་ཞེ་དྲག་རེད་ཟེར་རྒྱུ་མཚན་ག་རེ་རེད་ཟེར་ན། ཁོས་དགེ་བ་བྱེད་ཡས་ཀྱི་ཆེད་དུ་བརྩོན་འགྲུས་བརྩམས་ཀྱི་ཡོའོ་༿ཡོད་༾མ་རེད་པ། བྱས་ཙང་སངས་རྒྱས་འཐོབ་ཀྱི་མ་རེད་བྱས་པ་རེད། བྱས་ཙང་སངས་རྒྱས་འཐོབ་དགོས་ཀྱི་ཡོད་ན། དཀའ་བ་དང་དུ་ལོངས་ཤིག་ཟེར།
- རྒན་མཁས་བཙུནཨོའོ་་་་དཀའ་བ་སོ་སོ་ལ་སངས་རྒྱས་འཐོབ་ཡས་ཀྱི་ཆེད་དུ་དགེ་བ་བསྒྲུབ་དུས་ཙ་པར་དཀའ་ངལ་ཕྲད་ཀྱི་རེད་པ། ཡིན་ན་ཡང་དགེ་བའི་ཆེད་དུ་དཀའ་ངལ་ཕྲད་སོང་ན། དེ་ཚོ་དཀའ་ངལ་དེ་ཁྱད་བསད་བྱས་ནས། ཨ་ནི་་་་དགེ་བ་དེ་ལ་ཨེ་ལས་༿དེ་ལས་༾བློ་སྟོབས་ཆེ་རུ་བཏང་ནས། དགེ་བ་བསྒྲུབ་དགོས་རེད་ཟེར།
- རྒན་མཁས་བཙུནདེ་ལ་དཔའ་ཞུམ་ནས་དགེ་བ་གཡུག་བཞག་བློས་བཏང་ནས་བཞག་པ་ཡིན་ན། ཨ་ནི་་་་བྱབ་ཆུང་ཆུང་རེད། ཐབས་སྐྱོ་པོ་རེད་ཟེར་ཨོའོ་་་་དེ་གསུངས་པ་རེད།
- རྒན་མཁས་བཙུནད་ལྟ་མི་ཁོམ་ཁོམ་དུས་ནམ་ཞིག་འོང་། ཟེར། ཡང་ནི་འགའ་ཞིག་གིས་དེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར། ཨ་ལས་ད་ལྟ་ང་ཆོས་སྒྲུབ་ལོང་མི་འདུག ཨ་ལས་ད་ལྟ་ང་རང་གི་སྤྲུག་གུ་ཆུང་ཆུང་ཡིན་། ཨ་ལས་ད་ལྟ་ལས་ཀ་མང་པོ་ཅིག་ཡོད་ན་ཡང་ལས་ཀ་དེ་གས་དེ་ཆ་ཚང་ཚར་སོང་ན། ཨ་ནི་་་་ང་ཆོས་བྱེད་ཀྱི་ཡིན་གསུངས་ཀྱི་ཡོའོ་༿ཡོད་༾རེད།ཟེར།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་བྱས་སོང་ན་ཕྱི་དྲག་པ་རེད་བྱས་པ་རེད། ཨོའོ་་་་ཡོང་གི་མ་རེད་ད་ལྟ་ནས་བྱེད་དགོས་རེད་ཟེར།
- རྒན་མཁས་བཙུནཆོས་བྱེད་ཡས་ཀྱི་ནུས་པ་ད་ལྟ་ཁྱེད་རང་ལ་ཡོད། ད་ལྟ་ཡོད་དུས་ཆོས་བྱེད་དགོས་རེད་མ་གཏོགས་རྗེས་མར་རྒན་ཁོག་ཆགས་དུས་ད་ལྟ་ང་ཆོས་བྱེད་ཀྱི་ཡིན་ཟེར་ན་ཕྱི་དྲག་པ་རེད། ཕྱི་དྲག་པ་རེད་ཡོང་གི་མ་རེད་བྱས་པ་རེད།
- རྒན་མཁས་བཙུནད་ལྟ་ཁོམ་པ་མེད་ན་ཨ་ནི་་་་ཁྱེད་ལ་ཁོམ་པ་ག་དུས་ཡོང་གི་རེད། ཡོང་ཡས་ཡོའོ་༿ཡོད་༾མ་རེད་ཟེར། བྱས་ཙང་དུས་བརྒྱ་ཟམ་མ་གཅིག་ཡིན་ཟེར། ཨོའོ་་་་ད་ཅིག་གི་དུས་ཚོད་རིང་པོ་ལྟ་བུ་ཁྱེད་རང་གིས་ཅིག་གི་དུས་ཚོད་རིང་པོ་ཞེ་པོ་ཅིག་མར་རྗེས་མར་ནར་ནས་ལོང་ཡོད་མདོག་མདོག་བྱས་ནའི་༿ཀྱང་༾ལོང་ཡོའོ་༿ཡོད་༾མ་རེད་ད།
- རྒན་མཁས་བཙུནད་ལྟ་ནས་ལོང་ཡོད་པའི་སྐབས་དེར། དུས་ཚོད་ཡོད་པའི་སྐབས་དེར་ཆོས་སྒྲུབ་ཀྱི་ཡིན་ན་ད་ལྟ་བསྒྲུབ། ཨོའོ་་་་སྒྲུབ་རན་བཞག་དེ་གསུངས་པ་རེད།
- རྒན་མཁས་བཙུནཕོ་མོ་མདོ་དོན་ཆེ་ཆུང་ད་རེད་ཤེས་ཟེར་ད། ཕོ་དང་མོ་སྐྱེས་བུ་དམ་པ་ཡིན་མིན་དང་། ཨོའོ་་་་དེ་དཔའ་བོ་ཡིན་ནམ་དང་། ཨོའོ་་་་དེ་ཕོ་ཁྱོ་ག་ཡིན་ནམ་དང་། ཡང་མིན་ན་བུ་མོ་དེ་ཨ་ནི་་་་ཅིག་གི་བུ་མོ་མཆོག་ཡིན་མིན་དང་དཔའ་མོ་ཡིན་མིན་དང་བལྟ་ས་དེ་ག་ནས་བལྟ་དགོས་རེད་ཟེར་ན། ད་རེད་ཁྱེད་རང་གི་མི་ལུས་འདིའི་སྒང་ནས་བྱ་བ་བསྒྲུབ་སྟངས་སྒང་ནས་བལྟ་དགོས་རེད་ཟེར།
- རྒན་མཁས་བཙུནགང་ཡིན་ཟེར་ན། མི་ལུས་འདིའི་སྒང་ནས་བྱ་བ་རླབས་ཆེན་པོ་གཞན་དག་ལ་ཕན་པའི་བྱ་བ་མང་པོ་རྒྱ་ཆེན་པོ་དེ་བསྒྲུབ་ཐུབ་ན་སྐྱེས་བུ་དམ་པ་རེད།
- རྒན་མཁས་བཙུནའོ་ཡག་་་་དེ་མིན་པའི་ཚེ་སྟོང་ལོག་བྱེད་མཁན་བྱེད་མཁན་དང་གཅིག་པ་རེད། ཆོ་མི་འདུག ཚེ་འདི་སྟོང་ལོག་མ་བྱེད་བྱས་པ་རེད། ད་ཚེ་སྟོང་པ་ལ་ལོག་བྱས་བྱས་མ་གཏོང་ཟེར། དེ་འདྲས་གསུངས་པ་རེད།
- རྒན་མཁས་བཙུནཞེས་གསུངས་པ་བཞིན་དུ་ཚེ་འདིར་ཆོས་ཀྱི་ཡུལ་དབུས་སུ་སྐྱེས་ནས་ཚེ་ཕྱི་མར་སྟོང་ལོག་ཏུ་མི་འགྲོ་བར། ཕོ་སྤྱང་གྲུང་འཛོམས་པ་རྣམས་ཀྱིས་ད་རེས་མི་ལུས་རིན་པོ་ཆེ་འདི་དམ་པའི་ཆོས་ཀྱིས། དོན་དང་བཅས་པ་ནོམ་པ་དང་བཅས་པ་ཞིག་བྱེད་འཚལ་ཟེར།
- རྒན་མཁས་བཙུནད་ཕོ་སྤྱང་གྲུང་དང་ལྡན་པ་ཕོ་སྤྱང་གྲུང་དང་འཛོམས་པ་ཟེར་དུས་ཙ་ནས་ཨ་ནི་་་་ཅིག་གི་ང་རང་ཚོའི་དེ་རེད་པ། སྐྱེས་བུ་རྣམས་ཀྱི་རེད་པ་མི། ང་རང་ཚོ་མི་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་པ། ཨ་ནི་་་་ཁྱེད་རང་སྤྱང་པོ་ཅིག་དང་གྲུང་པོ་ཅིག་དང་ཤེས་རབ་དང་ལྡན་པ་ཅིག་ཡིན་ན། ད་ག་རེ་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནམི་ལུས་རིན་པོ་ཆེ་ཐོབ་པ་འདི་འཕྲོ་བརླག་པ་མ་བཏང་པ་བྱས། ད་ལྟའི་ཆོས་བྱེད་ཡས་ཀྱི་ཆེད་དུ་བེད་སྤྱོད་ཡག་པོ་ཅིག་བཏང་། དམ་པའི་ཆོས་ཀྱི་ནོམ་པ་དང་བཅས་པ་ཞིག་བྱེད་འཚལ་ཟེར། ནོམ་པ་དང་བཅས་ཟེར་ན།
- རྒན་མཁས་བཙུནདམ་པའི་ཆོས་ཀྱི་འབྲས་བུ་དང་ལྡན་པ་ཞིག་བྱེད་དགོས་རེད་ཟེར། འོ་ཡག དེ་འདྲས་གསུངས་པ་རེད་བྱས་པ་རེད། ཞབས་དཀར་པས་སྐབས་དེ་དུས་དམ་པའི་ཆོས་ཉན་མཁན་ཚོ་ལ། ཁོ་ལ་རེ་བ་དེ་འདྲས་བཏོན་པ་རེད་ཟེར།
- རྒན་མཁས་བཙུནད་ཡང་དམ་པའི་ཆོས་ཅིག་བསྒྲུབ་ད་བསྒྲུབ་དགོས་ཀྱི་འདུག་དའི་ངས་རྗེས་མ་ནས་ག་ལེར་ག་ལེར་སྒྲུབ་ཀྱི་ཡིན་ཟེར་ན། དེ་ཡང་མ་བྱུང་པ་རེད་ཟེར། དེ་ཡང་ག་ལེ་སོས་དལ་བྱས་ན་ཆོག་གམ་སྙམ་ན་མི་ཆོག་སྟེ། ཨོའོ་་་་དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནདེ་ངས་ག་ལེར་ག་ལེར་ལ་བྱས་དགོས་རྗེས་མ་བྱས་དགོས་ད་ལྟ་ང་དུས་ཚོད་དེ་མི་འདུག ད་ལྟ་ང་ལས་ཀ་གཞན་དག་བྱེད་དགོས་ཀྱི་འདུག རེད་པཱ།
- རྒན་མཁས་བཙུནརྗེས་མ་ཨ་ནི་་་་ང་ཆོས་བྱེད་ཀྱི་ཡིན་ད་ཟེར་ན། དེ་མི་ཆོག དེ་འགྲིག་གི་མ་རེད། ཨོའོ་་་་དེ་གསུངས་པ་རེད་ཞབས་དཀར་བས། དེ་འདྲས་བྱས་ན་འགྲིག་གི་མ་རེད་ཟེར།
- རྒན་མཁས་བཙུནད་ལྟ་མ་བྱས་པ་བྱས། ད་ལྟ་ཨ་ལས་ང་གཟུགས་པོར་ཤུགས་ཡོད་དུས་ཙམ་པར་ང་རང་གི་ཕྲུག་གུ་དེ་གསོ་སྐྱོངས་བྱས། ནང་ལ་ཡ་དངུལ་མང་པོ་བསགས་ཨོའོ་་་་དེ་འདྲས་བྱས། ཨ་ལས་སྔོན་ལ་ངས་ལས་ཀ་དེ་ཚོ་བྱས། དེ་ཚོ་བྱས་ཚར་སོང་ན་ཨ་ནི་་་་གཞི་ནས་ངས་རྗེས་མ་ཆོས་བྱེད་ཀར་ཡོང་གི་ཡིན་ཟེར་ན།
- རྒན་མཁས་བཙུནཕྱི་དྲག་པ་རེད་པ་གསུངས་ཀྱི་ཡོའོ་༿ཡོད་༾རེད། དེ་འགྲིག་གི་མ་རེད་ཟེར། ཕྱི་དྲག་པའི་རྒྱུ་མཚན་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནདེ་ཡི་རྒྱུ་མཚན། རང་རེ་རྣམས་ཀྱིས་མི་ལུས་རིན་པོ་ཆེ་ཐོབ་ཀྱང་ཡུན་རིང་མི་སྡོད་པར་འཆི་བ་ཡིན་ཏེ་ཞེས། ད་ཁྱེད་རང་གིས་ད་ངས་ཨ་ལས་མི་ལུས་རིན་པོ་ཆེ་དེ་ད་ལྟ་ཆོས་བྱེད་ཀྱི་མིན། ཨ་ནི་་་་རྗེས་མ་རྦད་དེ་ཨ་ནི་་་་ཆོས་བྱེད་ཀྱི་ཡིན། ད་ལྟ་ཨ་ལས་སྔ་དྲག་སོང་ཨ་ལས་ང་ལས་ཀ་གཞན་དག་མང་པོ་ཡོད་ཟེར་སོང་ན། ད་འདུག་བཟོ་སྒུག་བསྡད་ན་འགྲིག་གི་མ་རེད་ཟེར། རྒྱུ་མཚན་ག་རེ་རེད་རེད་ན།
- རྒན་མཁས་བཙུནང་རང་ཚོ་མི་ཟེར་ཡས་དེ་ལ་ཁྱེད་རང་རྗེས་མ་རྗེས་མ་ཟེར་གག་བྱས་པ་དེ་རྗེས་མ་ཆོས་བྱེད་ཀྱི་ཡིན་ཟེར་སྒུག་བསྡད་པ་ཡིན་ན། ཁྱེད་རང་ལ་རྗེས་མ་ཆོས་བྱེད་ལོང་ཡོང་གི་རེད་པས། རྗེས་མ་བར་དུ་ཁྱེད་རང་བསྡད་ཀྱི་རེད་པས།
- རྒན་མཁས་བཙུནདེའི་སྔོན་ལ་ཁྱེད་རང་ཤི་ན་ག་རེ་བྱེད་ག ཨོའོ་་་་རྒྱུ་མཚན་ག་རེ་རེད་ཟེར་ན། ང་རང་ཚོ་མི་ཟེར་ཡས་དེ་ལ་ཤི་ཡས་ཅིག་ཡོའོ་༿ཡོད་༾རེད་པ། ཤི་ཡས་དེ་དུས་ཚོད་གཏན་གཏན་ཡོའོ་༿ཡོད་༾མ་རེད་པ་ཟེར། འོ་་་་ད་རིང་ཤི་གི་༿ཡི་༾རེད་པས་མ་རེད་པས། སང་ཉིན་ཤི་གི་༿ཡི་༾རེད་མ་རེད་སོ་སོས་བཤད་ཐུབ་ཀྱི་མ་རེད།སོ་སོས་ཚོད་དཔག་བྱེད་ཐུབ་ཀྱི་མ་རེད།
- རྒན་མཁས་བཙུནའོ་ཡག་་་་བྱས་ཙང་ད་ལྟ་མ་ཤི་གོང་ལ་དེ་རིང་ཤི་གི་༿ཡི་༾མི་འདུག་ན། དེ་རིང་སློབ་སྦྱོང་བྱས། དམ་པའི་ཆོས་ལ་སློབ་སྦྱོང་བྱས།
- རྒན་མཁས་བཙུནསང་ཉིན་ཤི་མི་འདུག་ན་སང་ཉིན་ནས་མི་མཐུད་ནས་དམ་པའི་ཆོས་སློབ་སྦྱོང་བྱས། འདུག་བཟོ་དུས་ཚོད་ཟེར་ཡས་དེ་སོ་སོས་ཨ་ནི་་་་རྦད་དེ་ཅིག་གི་ཉིན་མ་གཅིག་ཉིན་མ་གཉིས་ཆུ་ཚོད་གཅིག་ཆུ་ཚོད་གཉོས་རྦད་དེ་ཨོའོ་་་་འདུག་བཟོ་ཟིན་དགོས་རེད་ཟེར།
- རྒན་མཁས་བཙུནདེ་མ་ཟིན་པ་ཡིན་ན། རྗེས་མ་ཡོང་གི་རེད་རྗེས་མ་ཡོང་གི་རེད་བསམས་ནས་སྒུག་བསྡད་པ་ཡིན་ན། ཡོང་གི་མ་རེད་ཟེར་ཉིན་གཅིག་ཁྱེད་རང་ཐོ་དེ་ཁ་ལ་ཤི་སོང་ན། ཆོས་བྱེད་ལོང་མེད་པ་ཤི་འགྲོ་གི་༿ཡི་༾རེད་ཟེར།
- རྒན་མཁས་བཙུནསྐྱོ་པོ་ཞེ་དྲག་བྱས་པ་རེད། ཟེར། ཨོའོ་་་་དེ་ཟེར་གྱི་ཡོའོ་༿ཡོད་༾རེད། ང་རང་ཚོ་རྒྱུ་མཚན་ཁོ་ང་རང་ཚོ་ནམ་འཆི་ངེས་པ་ཡོའོ་༿ཡོད་༾མ་རེད་ད་ཟེར་གྱི་ཡོའོ་༿ཡོད་༾རེད། འོ་ཡག་ ག་དུས་ཤི་མ་ཤི་ངེས་པ་ཡོའོ་༿ཡོད་༾མ་རེད། གཏན་གཏན་ཡོའོ་༿ཡོད་༾རེད་ཟེར་ཡུན་རིང་མི་བསྡོད་པ་འཆི་གི་༿ཡི་༾རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ད་ནམ་འཆི་གཏན་གཏན་མེད་པ་སོང་ཙང་ད་ལྟ་མ་ཤི་པའི་སྐབས། རིག་པ་གསལ་བའི་སྐབས་ཆོས་མ་བྱས་པ་ཡིན་ན། ཨ་ནི་་་་རེ་བ་ཡོའོ་༿ཡོད་༾རེད། རྗེས་མ་བྱེད་ལོང་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནའོ་ཡག་་་་བྱས་ཙང་ཁོས་ད་ལྟ་ནས་བྱེད་དགོས་རེད་ཟེར། ད་གང་ལྟར་དེ་འདྲས་རེད་གསུངས་པ་རེད་ཞབས་དཀར་པས། སྐབས་དེ་དུས་ཆོས་ཉན་མཁན་དེ་ཚོ་ལ་རེ་བ་བསླབ་བྱ་ག་རེ་བསྟོན་པ་རེད་ཟེར་ན།
- རྒན་མཁས་བཙུནཆོས་ཉན་དུས་ཙ་ནས་བསམ་བློ་འདི་འདྲས་བཏང་ནས་ཆོས་ཉན་དགོས་རེད་ད་ཟེར། བསམ་བློ་གང་བྱུང་མ་བྱུང་བཏང་བྱས་ཆོས་ཉན་པ་ཡིན་ན། ཆོས་ནང་ལ་བསྟན་པའི་ནང་དོན་དེ་གས་ཁྱེད་རང་གིས་ཡག་པོ་བྱས་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་མ་རེད། ཤེས་ཀྱི་མ་རེད། སེམས་ལ་ཡ་སྐྱེས་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནའོ་ད་་་་བྱས་ཙང་ཨ་ནི་་་་ཁོས་ངས་འདི་ནས་ཨོའོ་་་་བསམ་བློ་བཏང་སྟངས་ཅིག་སློབ་ཀྱི་ཡོད་ཟེར། བསླབ་པ་དེ་ནང་བཞིན་བྱེད་ཞིག་ཨཱ ་་་བསམ་བློ་བཏང་ཤོག་ཨཱ་་་་ གསུངས་ཀྱི་ཡོའོ་༿ཡོད་༾རེད། ད་བྱས་ཙང་བསམ་བློ་ག་རེ་བཏང་དགོས་རེད་ཟེར་ན།
- རྒན་མཁས་བཙུནད་ང་ཆོས་བྱེད་ཡས་དེ་ད་རེས་མི་ལུས་ཐོབ་དུས་དེ་ལ་བྱས་ན་མ་གཏོགས་རྗེས་མ་ཡང་ཡང་མི་ལུས་འཐོབ་ཡས་མེད། ད་རེས་ཐོབ་པའི་མི་ལུས་དེ་ཡང་ལྷོད་ལྷོད་བྱས་སྒུག་བསྡད་ན་འགྲིག་ཡས་མེད། རྒྱུ་མཚན་ཁོ་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནམི་ལུས་ཟེར་ཡས་ཁོ་ཨ་ནི་་་་ཅིག་གི་འཐོབ་དུས་དཀའ་ལས་ཁག་པོ་རེད། འཐོབ་བསྡད་པ་ཁོ་ཡང་ལས་སླ་པོ་ལ་འཇིག་འགྲོ་མཁན་ཞིག་རེད་ཟེར།
- རྒན་མཁས་བཙུནཁོ་ལ་ཡ་ཤི་ཡས་ཀྱི་རྐྱེན་མང་པོ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར། ཡོའོ་༿ཡོད་༾རེད་པཱ། འོང་་་་ཅིག་གི་གནས་ཚུལ་མང་པོ་ཡོའོ་༿ཡོད་༾རེད་པཱ། ང་རང་ཚོ་གློ་བུར་ཐོ་རྒྱག་གི་གནས་ཚུལ་མང་པོ་ཡོའོ་༿ཡོད་༾རེད་བྱས་ཙང་ད་དེ་ཚོ་འགང་ག་༿ཚང་མ་༾ལོགས་ཅིག་གི་ཤི་ཡས་རྐྱེན་ཅིག་རེད་ཟེར།
- རྒན་མཁས་བཙུནའོ་ཡག ཁོས་ཨ་ནི་་་་མ་ཤི་གོང་ལ་ཆོས་བྱེད་དགོས་རེད་ད། ཤི་ཡས་དེ་མགྱོགས་པོ་ཡོང་མདོག་ཁ་པོ་རེད།
- རྒན་མཁས་བཙུནའོ་་་་དེ་གཏན་གཏན་མེད་པ་དེ་འདྲས་རེད་ཟེར། སངས་རྒྱས་ཀྱིས་དེ་འདྲས་གསུངས་བཞག་ཟེར། སངས་རྒྱས་ཀྱི་ཞལ་ནས། སྐྱེ་བ་ཡོད་ན་འཆི་བ་ཡོད། དར་བ་ཡོད་ན་རྒུད་པ་ཡོད། ལང་ཚོ་དེ་ཡང་མི་རྟག་སྟེ། དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག འཚོ་བའི་ཚེ་ཡང་འཆི་བས་འཕྲོག རྟག་པའི་ཆོས་ནི་གང་ཡང་མེད། ཅེས་ཡོའོ་༿ཡོད་༾ཡག སངས་རྒྱས་ཀྱི་ག་རེ་གསུངས་པ་རེད། ཟེར་ན།
- རྒན་མཁས་བཙུནསྐྱེ་བ་ཡོད་ན་འཆི་བ་ཡོད་བྱས་པ་རེད། ད་སེམས་ཅན་ཟེར་ཡས་དེ་སྐྱེས་ཡོད་ན་ད་ང་རང་ཚོ་འགང་ག་༿ཚང་མ་༾ལོགས་སྐྱེས་རེད་པ། ཁྱེད་རང་སྐྱེ་བ་ཡོད་དུས་ཙམ་ད་ཁྱེད་རང་རྗེས་མ་ཤི་རྒྱུ་ཡིན་པ་གཏན་འཁེལ་པ་རེད་ཟེར།
- རྒན་མཁས་བཙུནའོ་ཡག་་་་གང་ཡིན་ཟེར་ན་དངོས་པོ་ག་རེ་དང་ག་རེ་ཡིན་ན་ཡང་ཁོ་འདུག་བཟོ་གྲུབ་ཡས་གཅིག་ཡོད་དུས་ཙམ་ནས། ད་ཁོ་ནམ་ཞིག་འཐོར་ཞིག་འགྲོ་ཡས་དང་ནམ་ཞིག་འཇིག་ཡས་ཡོད་ཡས་ཁོ་ཡའི་ཆོས་ཉིད་ཅིག་རེད་བྱས་པ་རེད་ཁོ་རང་གི་དངོས་པོ་ཁོ་རང་གི་ཆོས་ཉིད་ཅིག་བྱས་ཙང་ད་ང་རང་མི་དེ་ཚོ་སྐྱེས་པ་ཅིག་ཡིན་ཙང་རྗེས་མ་ཤི་རྒྱུ་ཡིན་པ་དེ་དངོས་པོ་ཁོ་རང་གིས་འགྱུར་ལྡོག་གི་ཆོས་ཉིད་ཅིག་རེད།
- རྒན་མཁས་བཙུནད་ཁོ། ཁོ་ལ་གཡོལ་ཐབས་རྒྱུ་ནས་ཡོའོ་༿ཡོད་༾མ་རེད་པཱ། དེ་ལ་གཡོལ་ཐབས་མེད་ཙང་སྔོན་མའི་སྐྱེས་བུ་དམ་པ་ཚོས་ཀྱང་ཅིག་གི་གཟུགས་མཛེས་པས་བླུ་ཡས་མེད་འདུག གཅིག་གི་བང་མགྱོགས་པས་བྲོས་པས་ཐར་ཡས་མེད་འདུག དབང་ཆེ་བས་དེ་ལ་དབང་ཡོད་བཏང་ནས་རྫིག་རྫིག་བྱེད་ཡས་མེད་འདུག རྒྱུ་ཡོད་པས་དེ་ཤི་ཡག་ཟ་འདི་༿ཟེར་བ་དེ་༾ཉོ་ཡག་མི་འདུག དེ་འདྲས་གསུངས་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནབྱས་ཙང་ཁོ་དངོས་པོའི་ཆོས་ཉིད་ཡིན་དུས་ཙང་ནས་སུ་དགུ་ཅིག་༿སུ་གང་གཅིག་༾གིས་འགྱུར་ལྡོག་བཏང་ཐུབ་ཀྱི་མ་རེད་པ། འོ་་་་ཁོ་དངོས་པོ་ཁོ་རང་གི་ཆོས་ཉིད་དང་མཐུན་པར་བསྐོར་ར་ཁོ་རྒྱག་གི་རེད་པཱ། བྱས་ཙང་ཁོས་དེ་འདྲས་རེད་ཟེར། སྐྱེ་བ་ཡོད་ན་ཤི་བ་ཡོད་ཟེར་བྱས་པ་རེད། དར་བ་ཡོད་ན་རྒུད་པ་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནའོ་ཡག དེ་རེད་རེད་པཱ། ད་གང་ལྟར་ཡར་ཅིག་གི་འཕེལ་རྒྱས་ཟེར་ཡས་དེ་ཡོད་དུས་ཙམ་པར་འཕེལ་རྒྱས་ཀྱི་མཐའ་ཡང་མར་མར་ཉམས་རྒྱུ་ཡོད་པ་དེ་འཕེལ་རྒྱས་ཁོ་རང་གི་ཆོས་ཉིད་རེད། གསུངས་པ་རེད། ཨོའོ་་་་དེ་ནང་བཞིན་ལང་འཚོ་དེ་ཡང་མི་རྟག་དེ་ཟེར།
- རྒན་མཁས་བཙུནང་རང་ཚོའི་མི་རྣམས་ཀྱི་ལང་འཚོ་ཟེར་ཡས་ད་གའི་ད་ལྟ་ཨ་ལས་ང་ཤ་རྒྱས་ཁྲག་རྒྱས། སྟོབས་ཆེན་པོ་ན་ཚ་མེད་པ་དེ་འདྲས་ཀྱི་གནས་སྐབས་ཅིག་ཡིན་ན་ཡང་། རྟག་པར་རེ་ཞིག་དེ་འདྲས་བསྡད་མཁན་ཅིག་མ་རེད།
- རྒན་མཁས་བཙུནཁོ་དངོས་པོ་ཡིན་དུས་ཙ་ནས། དངོས་པོའི་ཆོས་ཉིད་མི་རྟག་པ་ཟེར་ཡས་དེ་ཚང་ཡོའོ་༿ཡོད་༾རེད། བྱས་ཙང་མར་ཡང་མར་ག་ལེར་ག་ལེར་བསྐོར་ར་བརྒྱབ་ནས་རྒས་འགྲོ་ཡས་རྒན་ཁོག སྤོ་ཏོ་དེ་འདྲས་ཆགས་ཡས་ཀྱི་བསྐོར་ར་རྒྱག་གི་རེད་ཟེར། ལང་འཚོ། དེ་ཡང་མི་རྟག་དེ་ཟེར། དར་བའི་མདོག་ཀྱང་ནད་ཀྱི་འཕྲོག ཟེར།
- རྒན་མཁས་བཙུནང་རང་ཚོ་ད་ལྟ་དར་བྱས་ཅིག་གི་རྦད་དེ་ག་རེ་ཟེར་དགོས་རེད། དར་བྱས་སྟོབས་དང་ལྡན་པ་ནད་མེད་པ། དེ་འདྲས་ཅིག་རེད་དའི་ཡིན་ན་ཡང་དེ་ལ་ན་ཚ་གཅིག་སླེབས་གཉིས་སླེབས་གསུམ་སླེབས་ཨ་ནི་་་་སྟོབས་ཤུགས་དེ་ཡང་མར་ཉམས་འགྲོ་གི་༿ཡི་༾རེད། ཟེར།
- རྒན་མཁས་བཙུནནད་ཀྱིས་འཕྲོག་འགྲོ་གི་༿ཡི་༾རེད། ཟེར། འཚོ་བའི་ཚེ་དེ་ཡང་ད་ལྟ་ང་མ་ཤི་བ་གསོན་པ་ཡིན་ཟེར་བྱས་བྱས་འཚོ་གནས་བྱེད་བཞིན་པའི་སྐབས་དེ་ཡང་ཤི་བ་ཟེར་བ་ཁོ་དངོས་པོའི་ཆོས་ཉིད་ཁོས་བཅོམ་ནས། འོང་་་་ད་ཁོ་ཤི་ཚར་ར་ཟེར་ཡས་ཅིག་ཡོང་གི་རེད་བྱས་པ་རེད། འཚོ་བའི་ཚེ་དེ་ཡང་འཆི་བས་འཕྲོག་གི་རེད་ཟེར།
- རྒན་མཁས་བཙུནརྟག་པའི་ཆོས་ནི་གང་ཡང་མེད་ཟེར། ད་འཇིག་རྟེན་འདིའི་སྒང་ལ་དངོས་པོ་ཅིག་ཡིན་ཕྱིན་བྱས་ལ་དེ་ལ་མི་འགྱུར་པར་རྟག་པར་རེ་ཞིག་གནས་བསྡད་མཁན་འགྱུར་མདོག་ཁྱོན་ནས་མེད་པ་ཅིག་ཡོའོ་༿ཡོད་༾རེད་པས་ཟེར་ན།
- རྒན་མཁས་བཙུནའཇིག་རྟེན་འདིའི་སྒང་ལ་དངོས་པོ་དེ་འདྲས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། འོ་ཡག་སོང་ཙང་། དངོས་པོ་ཡིན་ཕྱིན་ཆད་དེ་ལ་འོ་་་་ཅིག་གི་མི་རྟག་པའི་རང་བཞིན་ཅན་ཅིག་རེད། འགྱུར་བ་ཡོད་པའི་རང་བཞིན་ཅན་རེད། སོང་ཙང་ང་རང་ཚོ་མི་ཟེར་ཡས་དེ་ཡང་དངོས་པོ་ཅིག་ཡིན་དུས་ཙ་ནས་མི་རྟག་པའི་རང་བཞིན་དེ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནབྱས་ཙང་རྟག་པར་རེ་ཞིག་ཁྱེད་རང་གནས་ཐུབ་ཀྱི་མ་རེད། ཨོའོ་་་་བྱས་ཙང་ད་ལྟ་མ་ཤི་བའི་གནས་སྐབས་འདིར་ཨ་ནི་་་་ཆོས་བྱེད་དགོས་རེད་ཟེར་བྱས་ནས་འདི་གསུངས་ཀྱི་ཡོའོ་༿ཡོད་༾རེད། ཅེས་དང་སློབ་དཔོན་ཆེན་པོས་ཟེར། ད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ག་རེ་གསུངས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནམི་རྟག་བློ་གཏད་མེད་པར་མ་ཤེས་ན། ད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདའ། ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། འཆི་ཀའི་ནད་པ་སྣུམ་ཟད་མར་མེ་འདྲ། ཚེ་ཡི་འཕེལ་རྐྱེན་ཟད་པས་བསྡད་དབང་མེད།ཅེས་གསུངས་ཟེར།
- རྒན་མཁས་བཙུནཨ་་་་དེ་ཚོ་གོ་བདེ་པོ་རེད་པ་སློབ་དཔོན་ཆེ་པོ་པདྨ་འབྱུང་གནས་ཀྱིས། ག་རེ་གསུངས་པ་རེད་ཟེར་ན། མི་རྟག་བློ་གཏད་མེད་པར་མ་ཤེས་ན།ཟེར། ང་རང་ཚོའི་ཚེ་འདི་གང་འདྲས་རེད་ཟེར་ན།
- རྒན་མཁས་བཙུནམི་རྟག་པ་རེད། དེ་ལ་ཡ་བློ་གཏད་ས་ག་གའི་༿གང་ཡང་༾ཡོའོ་༿ཡོད་༾མ་རེད། ད་ང་ཤི་ཀྱི་མ་རེད། སྣང་དག་ཡོའོ་༿ཡོད་༾མ་རེད་ཟེར་སོ་སོ་ལ་ཡིད་ཆེས་བྱས་བསྡད་ཡས་གའི་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནཡིད་ཆེས་བྱས་བསྡད་ས་མེད་པ་དེ་སོས་ཤེས་དགོས་རེད་ཟེར། དེ་མ་ཤེས་ན་ཅིག་གི་ང་རྗེས་མ་ཤི་ད་ཤི་ཡི་རེད་བསམས་ཀྱིས་ཡོའོ་༿ཡོད་༾རེད་དའི། དེ་རིང་ཤི་ཡི་རེད་བསམས་པའི་བསམ་བློ་དེ་སུ་ཡང་མེད་པ་སོང་ཙང་། ཤི་ཀི་མ་རེད་ཨ་་་་ཤི་ཀི་མ་རེད་ཨཱ་་་་བསམས་བྱས།
- རྒན་མཁས་བཙུནདེ་རིང་ཤི་ཡི་མ་རེད་བསམས་བྱས་ཁོས་ལས་ཀ་ཡག་ག་༿པ་༾དེ་བྱེད་ཀྱི་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། བྱས་ཙང་ཁོས་དེ་འདྲས་ཤེས་དགོས་རེད་མ་ཤེས་ན་སྐྱོན་ཞེ་དྲག་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས་ཟེར་མི་རྣམས་ཀྱི་དེ་རིང་ཤི་ཨ་ཡོང་ཨ་ལས་སྔོན་ལ་ཆོས་གཡུག་ཞོགས་ཨ་ལས་ད་ལོ་ང་རང་ཚོ་ལས་ཀ་འདི་བྱས། ཨ་་་་དེའི་རྗེས་མར་ལས་ཀ་འདི་བྱས། ཨ་ལས་ད་ལོ་ཨོའོ་ཙི་ཡོང་ཟེར་གྱི་འདུག་ཟེར། བྱེད་ཀྱི་འདུག་ཟེར། ད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས་ནས་བསྡད་ཀྱི་འདུག་ཟེར།
- རྒན་མཁས་བཙུནསྐྱིད་འདོད་ངང་ལ་མི་ཚེ་སྡུག་གི་འདའ་ཟེར། ཨ་ནི་་་་སེམས་ཀྱི་ནང་ལོགས་ལ་ང་རང་ཚོ་མི་འགང་ག་༿ཚང་མ་༾ལོགས་ག་རེ་བསམས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནསྐྱིད་པོ་ཞེ་པོ་ཅིག་བྱུང་ན་བསམས་ད། སྡུག་བསྔལ་མ་བྱུང་རོགས་བྱས་སྐྱིད་པ་ཅིག་བྱུང་རོགས་བྱས་ན་བསམས་སྐྱིད་པ་ཅིག་གི་རེ་བ་ཞེ་པོ་བྱས། ཨ་ནི་་་་དེ་འདྲས་ཅིག་གི་རེ་བ་དེ་གྲུབ་ཡས་ཀྱི་ཆེད་དུ་སོ་སོས་སྤྱང་མདོག་ཁ་པོ་ཞེ་པོ་བྱས་བྱས་ལས་ཀ་ཞེ་པོ་བྱེད་ཀྱི་འདུག་ཟེར།
- རྒན་མཁས་བཙུནཡིན་ན་ཡང་ལས་ཀ་དེ་གས་༿དེ་དག་༾དེ་བྱས་པ་ལ་བརྟེན་ནས་ཁྱེད་རང་གིས། ཡག་ག་༿པ་༾ཅིག་བསྒྲུབ་ཐུབ་ཀྱི་འདུག་གས་ཟེར་ན། གྲུབ་ཐུབ་ཀྱི་ཡོའོ་༿ཡོད་༾མ་རེད། ག་རེ་རེད་ཟེར་ན། ད་ཁྱེད་རང་ཐབས་ཤེས་ལ་རྨོངས་བསྡད་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནའོ་ཡག་་་་བྱས་ཙང་ཁོས་ཐབས་ཤེས་ཡག་ག་༿པ་༾ཁོ་ནི་ཤེས་ཡོའོ་༿ཡོད་༾མ་རེད། ཨ་ནི་་་་ཐབས་ཤེས་སྡུག་ག་༿པ་༾དེ་ཨ་ནི་་་་ངའི་བདེ་བ་བསྒྲུབ་ཡས་ཀྱི་རྒྱུ་འདྲ་པོ་དེ་ཡིན། ཐབས་ཤེས་འདྲ་པོ་ཡིན་ཞུ་གྱི་༿ཡི་༾ཡོའོ་༿ཡོད་༾རེད། དེ་ནི་ལམ་ནོར་བསྡད་པ་ཅིག་རེད་ཟེར།
- རྒན་མཁས་བཙུནསྐྱིད་པ་གང་ཡང་ཡོའོ་༼ཡོད་༽མ་རེད་ཟེར། སྐྱིད་འདོད་ངང་ལ་མི་ཚེ་སྡུག་གི་འདའ་ཟེར། སྡུག་སྡུག་ངང་ལ་མེ་ཚེ་བསྐྱལ་དགོས་ཀྱི་ཡོའོ་༿ཡོད་༾རེད། ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད།
- རྒན་མཁས་བཙུནཨ་ནི་་་་ཆོས་འདྲ་ཅིག་བྱེད་དགོ་༿དགོས་༾བསམས།བྱེད་དགོས་བསམས། ཨ་ནི་་་་རྗེས་མ་ཅིག་བྱས་ཨ་བསམས། རྗེས་མ་ཅིག་བྱས་ཨ་བསམས། དེ་འདྲས་ཅིག་སྒུག་སྒུག་ཨ་ནི་་་་གཡེང་གཡེང་དེ་འདྲས་ཅིག་ལ་དུས་ཚོད་ཕྱིན་ཚར་པ་རེད། ཆོས་བསྒྲུབ་ཡས་ཀྱི་དུས་ཚོད་མ་བྱུང་པ་བྱས་པ་རེད། ཨ་ནི་་་་འཆི་ཀའི་ནད་པ་སྣུམ་ཟད་མར་མེ་འདྲ། ཟེར།
- རྒན་མཁས་བཙུནཨ་ནི་་་ཤི་ཀའི་མཐའ་མ་ལ་སླེབས་དུས་ཙ་ནས། ད་ཤི་ཀ་ལ་མ་དེ་ལ་སླེབས་དུས་ཙ་ནས་ཨ་ནི་་་འགྱོད་པ་ཞེ་པོ་བྱས་བྱས་འོ་ད། ང་མགྱོགས་པོ་ཤི་པ་ཆོས་མ་བྱས་ན་འགྲིག་མ་སོང་ཟེར་བྱས་བྱས། ཆོས་བྱེད་རྩིས་བྱས་ན། ཨ་ནི་་་་ཚར་ཚར་ར་རེད།
- རྒན་མཁས་བཙུནཁྱེད་རང་དཔེར་ན་སྣུམ་གྱི་མར་མེ་ཅིག་ལ་ཆ་བཞག་ན་དཔེར་ན་ང་རང་ཚོ་མེ་སྤར་གྱི་ཡོའོ་༿ཡོད་༾རེད་པཱ། མར་མེ་ལ་གཙོ་བོ་ག་རེ་དགོ་༿དགོས་༾ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་སྣུམ་ཡིན་ནའི་མར་ཁུ་ཡིན་ནའི་རེད་ཅིག་དགོས་ཀྱི་ཡོའོ་༿ཡོད་༾རེད་པ། ད་མར་ཁུ་ཟད་འགྲོ་དུས་དེ་ནི་མར་མེ་ག་ཚོད་འབར་ཡིན་འདོད་ནའི་ལའི་ཁོ་འབར་ཡས་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནཁོ་སྣུམ་ཟད་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་པ། ཨོའོ་་་་དེ་ནང་བཞིན་ཤི་ཀ་ལ་མ་ལ་ད་ངས་ཆོས་འགའ་ཞེ་པོ་ཅིག་བྱེད་ཀྱི་ཡིན་མདོག་མདོག་བྱས་ན་ཡང་ཐབས་ཤེས་ཡོའོ་༿ཡོད་༾མ་རེད། ཁྱེད་རང་ཤི་རན་པ་རེད་ཟེར། བྱེད་ལོང་ཡོའོ་༿ཡོད་༾མ་རེད།གསུངས་ཀྱི་ཡོའོ་༿ཡོད་༾རེད་དེ་ནང་བཞིན་ད་ཨ་ནི་་་་བསམ་བློ་གཏོང་ཤེས་པ་དགོ་༿དགོས་༾ཡོའོ་༿ཡོད་༾རེད། གསུངས་པ་རེད་པ།
- རྒན་མཁས་བཙུནཚེ་ཡི་འཕེལ་རྐྱེན་ཟད་པས་བསྡད་དབང་མེད།ཟེར། ད་ཚེ་འདི་ཡི་འཕེན་ཡས་ཡོའོ་༿ཡོད་༾མ་རེད། ཚེ་འདིའི་འཕེལ་ཡས་ཀྱི་རྐྱེན་འགང་ག་༿ཚང་མ༾ཟད་ཚར་ར་༿ཚར་བ་༾རེད། འོ་ད་་་་འཕེལ་ཡས་ཡོའོ་༿ཡོད་༾མ་རེད་ད་མར་རྒུད་ནས་ཤི་རན་གྱི་ཡོའོ་༿ཡོད་༾རེད། བྱས་ཙང་ད་ཤི་པའི་སྐབས་སུ་སླེབས་དུས། ད་བསམ་བློ་འདྲ་པོ་གཏོང་ག་བྱས་པ་ཡིན་ནའི་ཕྱི་དྲག་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནབྱས་ཙང་ད་ལྟ་ནད་མེད་པ་སྟོབས་དང་ལྡན་པ། ཆོས་བསྒྲུབ་ན་ཡང་སྒྲུབ་པའི་ནུས་པ་ཡོད་པའི་སྐབས་དེར་ཨ་ནི་་་་ཆོས་བསྒྲུབ་དགོས་རེད། ཟེར། དོན་དག་དེའི་གནད་འགག་དེ་བསྟན་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཅེས་གསུངས་པ་བཞིན་སྐྱེས་ཕན་ཆད་མ་ཤི་བར་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་ཙམ་ཡང་མེད་ལ། ཚེ་ཐར་དུ་ལུས་པ་མ་ཤི་བ་གཅིག་ཀྱང་མེད་ལ། མ་ཤི་བ་འདུག་བཟོ་བསྡད་བསྡད་མཁན་འཛམ་བུ་གླིང་གི་སྒང་ལ་མི་རྡོག་པོ་གཅིག་ཀྱང་བྱུང་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་དེ་ཚོ་ཁྱེད་རང་གིས་བསམ་བློ་བཏང་དགོས་རེད་ཟེར། འོ་ཡག་་་་བསམ་བློ་བཏང་ཚར་ར་ད་གར་ཚེ་འདིའི་ཁེ་ཕན་གྱི་ཆེད་དུ་ལས་ཀ་ག་ཚོད་བརྒྱབ་ན་ཡང་གང་ལྟར་ཁྱེད་རང་ཤི་དགོས་རེད།
- རྒན་མཁས་བཙུནཤི་བའི་སྐབས་སུ་ཁྱེད་རང་གིས་དཀའ་ལས་ཞེ་དྲག་བརྒྱབ་ནས་བསྒྲུབ་བཞག་པའི་དངོས་པོ་དེའི་ནང་ལོགས་ནས་ཁྱེད་རང་ལ་ཕན་ཐོགས་པའི་དངོས་པོ་རྡོག་པོ་གཅིག་ཀྱང་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནའོ་་་བྱས་ཙང་དངོས་གནས་བྱས་ན། དཀའ་ལས་བརྒྱབ་པ་དེ་སྡུག་གྱོང་བཟོ་འདྲ་ཅིག་ལ་ཕྱིན་པ་རེད་མ་གཏོགས་ཕན་མ་འཐོག་པ་རེད་པཱ། སོ་སོས་བསམ་བློ་བཏང་ཚར་ར་ད་ག་ཁེ་གྱོང་གཉིས་བརྩིས་ཤེས་པ་ཅིག་དགོས་རེད་གསུངས་པ་རེད། ཁེ་གྱོང་བརྩི་མ་ཤེས་ན་སྐྱོ་པོ་ཞེ་དྲག་བྱེད་ཀྱི་རེད་ཟེར། འོ་་་་དེ་གསུངས་ཀྱི་ཡོད་པ་འདྲ།
- རྒན་མཁས་བཙུནཡོད་དམ་མེད་དམ་སྙམ་པའི་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་པ་ཡིན་ཏེ་ཟེར། ད་ཨ་་་་དེ་འདྲས་མ་བཏང་པ་ཡིན་ན་ཐེ་ཚོམ་སྐྱེས་ས་ཁོ་ཡང་ཡོའོ་༿ཡོད་༾མ་རེད་པ། འཇིག་རྟེན་འདིའི་སྒང་ལ་མ་ཤི་པའི་མི་གཅིག་ཡའི་༿ཀྱང་༾ཡོའོ་༿ཡོད་༾རེད་པས། ཨོའོ་་་་དེ་མེད་པཱ། ཡོའོ་༿ཡོད་༾མ་རེད་ཟེར། ཨོའོ་་་་དེ་འདྲས་རེད་ད། ང་རང་ཚོ་ནམ་རྒྱུན་དེ་རེད་པ།
- རྒན་མཁས་བཙུནཨོའོ་་་་ཅིག་གི་ཤི་གི་༿ཡི་༾མ་རེད་བསམས་པའི་བློ་དེ་སོ་སོ་རང་ཅག་ལ་འདུག་བཟོ་ཉར་བསྡད་ཙང་། ཨ་ནི་་་་དེ་རིང་ཡའི་༿ཡང་༾ཤི་ཨེ་ཡོང་། སང་ཉིན་ཤི་ཨེ་ཡོང་། ཤི་ཀྱི་༿ཡི་༾མ་རེད་བསམས་བྱས་དེ་རིང་གི་འཆར་གཞི་གཅིག་བཟོས། སང་ཉིན་གྱི་འཆར་གཞི་བཟོས། གནངས་ཉིན་ག་གྱི་༿ཡི་༾འཆར་གཞི། ལོ་རྗེས་མ་གི་འཆར་གཞི། འཆར་གཞི་ཆོག་ཏོ་༿མང་པོ་༾བཟོ་གི་༿ཡི་༾ཡོའོ་༿ཡོད་༾རེད་པཱ། མ་ཤི་བའི་བརྩིས་རྒྱག་གི་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནད་དེ་འདྲས་མ་རེད་ཟེར། ཨོའོ་་་་དེ་གསུངས་ཀྱི་ཡོད་པ་འདྲ། འོང་་་་ཆོས་མ་བྱས་ན་འཆར་གཞི་མང་པོ་ཡོད་ན་ཡག་པོ་ཡོའོ་༿ཡོད་༾མ་རེད་ཟེར། འོང་་་་དེ་ནི་གཅིག་སེམས་ཀྱི་སྒོ་ནས་སོ་སོས་གཞན་དག་ལ་ཕན་འདོགས་བྱེད་ཡས་ཡིན་ན། འཆར་གཞི་མང་པོ་བཟོས་ནས་ངས་མ་ཤི་བར་དུ་ལ་དེ་རིང་འདི་བསྒྲུབ་འདི་བསྒྲུབ་ཟེར། ཨོའོ་་་་ད་གཞན་དག་ལ་ཕན་ཡས་ཀྱི་ལས་ཀ་མང་པོའི་འཆར་གཞི་བཟོས་པ་ན་དེ་ཡག་པོ་ཡོའོ་༿ཡོད་༾རེད་ཟེར་དེ་བཟོ་དགོས་རེད་ཟེར།
- རྒན་མཁས་བཙུནདེ་མ་གཏོགས་ཅིག་གིས་ཤི་ཡས་ཀྱི་བསམ་བློ་མ་འཁོར་པ་བྱས། འོང་ཨ་ནི་་་་སོ་སོར་ཁེ་བཟང་འདྲ་ཅིག་འཐོབ་ཡས་ཀྱི་ཆེད་དུ་འཆར་གཞི་མང་པོ་བཟོས་པ་ཡིན་ན་དེ་ཚེ་འདི་ལ་འཆར་གཞི་དེ་གྲུབ་པ་ཡིན་ན་ཡང་ཕན་འདོགས་ཞེ་དྲག་ཡོང་ཡས་ཡོའོ་༿ཡོད་༾མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཅེས་གསུངས་པ་བཞིན། འོང་ཨ་ནི་་་་དེ་འདྲས་རེད། ཡོད་དམ་མེད་དམ་སྙམ་པའི་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་པ་ཡིན་ཏེ་ཟེར།
- རྒན་མཁས་བཙུནསློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས་ཟེར། སའམ་འོན་ཏེ་མཐོ་རིས་ན། སྐྱེས་ནས་གང་ཞིག་མ་ཤི་བ། འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། ཞེས་གསུངས་པ་བཞིན་ནོ་ཟེར། སློབ་དཔོན་དཔའ་བོ་ཟེར་ཡས་དེ་སློབ་དཔོན་རྟ་དབྱངས་ཀྱི་མིང་རེད། འོ་་་་འདི་རྒྱ་གར་གྱི་མཁས་པ་ཆེན་པོ་གཅིག་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་རེད་པ།
- རྒན་མཁས་བཙུནསློབ་དཔོན་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མའི་གྲས་ཀ་རེད་འོ་ད། དེས་ཁོང་གིས་ག་རེ་གསུངས་པ་རེད་ཟེར་ན། ང་རང་ཚོ་སེམས་ཅན་མ་ཤི་བ་དེ་ཅིག་གི་ག་ས་ག་ལ་༿གང་ས་གང་ལ་༾འཚལ་གར་ཕྱིན་པ་ཡིན་ནའི་བརྙེད་ཡས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། ཨོའོ་་་་ས་གཞི་ཆེན་པོ་འདིའི་སྒང་ནས་བརྙེད་ཡས་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནསའམ་འོན་ཏེ་མཐོ་རིས་ན། སྐྱེས་ནས་གང་ཞིག་མ་ཤི་བ། ད་ང་རང་ཚོའི་ས་གཞི་ཆེན་པོའམ་ད་ཅིག་གི་ཡང་མིན་ན་ལྷ་དང་མཐོ་ས་ལྷ་ལ་སོགས་པ་གང་དུ་སྐྱེས་པ་ཡིན་ན་ཡང་མ་ཤི་བ་བསྡད་ཡས་ཟེར་དེ་སུ་ལ་ཡང་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནསྐྱེས་ནས་མ་ཤི་བ་འགའ་ཞིག་ཁྱོད་ཀྱིས་མཐོང་བའམ་ཟེར་ཁྱེད་རང་གིས་མ་ཤི་བའི་སེམས་ཅན་དེ་འདྲས་གཅིག་ཙམ་གཅིག་བརྙེད་བྱུང་ངས་༿ངམ་༾། མཐོང་བྱུང་ངས་༿ངམ་༾། ཡང་མིན་ན་ཁྱེད་རང་གིས་མ་མཐོང་ནའང་མ་ཤི་པའི་མི་ཅིག་ཕར་པ་འདུག་ཟེར་བྱས་བྱས། ཁྱེད་རང་གིས་ཨམ་ཅོག་༼རྣ་ཅོག་༽ལ་གོ་རྒྱུ་འདུག་གས་༿གམ་༾ཟེར། ཨོའོ་་་་དེ་འདྲས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནསྐྱེས་པའི་གཞུ་གུ་དེར་གང་ལྟར་ཁོ་ཤི་རྒྱུ་གཏན་གཏན་རང་རེད་ཟེར། འོང་བྱས་་་་འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། ཐོས་སམ་འོན་ཏེ་ཐེ་ཚོམ་ཟ་ཟེར། ཁྱེད་རང་ཨོའོ་ཙི་མ་ཤི་པ་དེ་འདྲས་གཅིག་ཙམ་གཉིས་ཙམ་དེ་འདྲས་མེད་འགྲོ་བསམས་བྱས་ཁྱེད་རང་ཐེ་ཚོམ་དེ་འདྲས་ཟ་གི་༿ཡི་༾འདུག་གས་ཟེར། ཐེ་ཚོམ་ཟ་ཡས་ཁོ་ར་བསྡད་ཡོའོ་༿ཡོད་༾མ་རེད་ཟེར། ཐེ་ཚོམ་ཟས་ནའི་འགྲིག་གི་ཡོའོ་༿ཡོད་༾མ་རེད་ཟེར། མ་ཤི་པ་ཡོའོ་༿ཡོད་༾མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད་ད།
- རྒན་མཁས་བཙུནཆེ་བ་དགེ་བའི་བཤེས་གཉེན་ནས། བཟང་བ་ས་བདག་རྒྱལ་པོ་ཡན་ཆད་འོང་ད་་་་ཞབས་དཀར་བས་འདུག་བཟོ་གསུངས་ཀྱི་འདུག་ག མ་ཤི་བ་ཟེར་ཡས་དེ་གཅིག་ཡའི་༿ཀྱང་༾ཡོའོ་༿ཡོད་༾མ་རེད་ད་ཟེར།
- རྒན་མཁས་བཙུནད་ཁོང་ཚོ་ཤི་བ་ཟེར་ཡས་དེ་བསམ་བློ་འཁོར་ཤོག་ཨ་ཟེར་གྱི་ཡོའོ་༿ཡོད་༾རེད། འོང་་་་ཤི་བ་ལ་བཞེད་དགོས་རེད་ད་ཟེར། འོ་ད་་་་ཤི་བ་ལ་བཞེད་ས་དེ་ག་དུས་རེད་ཟེར་ན།
- རྒན་མཁས་བཙུནད་ལྟ་ཁྱེད་རང་ཆོས་བསྒྲུབ་ཡས་ལ་ནུས་པ་ཡོད་པའི་ཆོས་བསྒྲུབ་ན་བསྒྲུབས་ཐུབ་པའི་སྐབས་སུ་ཨ་ནི་་་་འཆི་བ་ལ་བཞེད་ནས་ཆོས་བསྒྲུབ་དགོས་རེད་ཟེར། རྗེས་མ་ཆོས་བསྒྲུབ་ཡས་ལ་ནུས་པ་མེད་དུས་དངོས་སུ་ཤི་རན་དུས་ཙ་ནས་ཤི་བ་ལ་བཞེད་ཀྱི་བསྡད་ན་དེ་མ་བྱུང་པ་རེད། སྐྱོ་པོ་ཞེ་པོ་བྱས་པ་རེད་ཟེར།
- རྒན་མཁས་བཙུནཤི་བ་བཞེད་པ་ཡིན་ན་ཡང་བཞེད་སྟངས་ཤེས་དགོས་རེད་ཟེར། དངོས་སུ་ཤི་བའི་སྐབས་ལ་རན་དུས་ཆོས་པ་ཡིན་ན་ཤི་བ་ལ་བཞེད་ཀྱི་མ་རེད་བྱས་པ་རེད། ཆོས་པ་མིན་པ་དེ་ཚོ་སྔོན་ལ་ཤི་ཡས་བསམ་བློ་མ་འཁོར་པ་བྱས། ད་ཤི་ཡས་དངོས་སུ་སླེབས་ཡོང་དུས་ཙ་ནས་ཨ་ནི་་་་ཤི་ཡས་ལ་བཞེད་ནས་ག་བྱེད་འདི་བྱེད་མེད་པ་ཆགས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནའོ་ད་་་་ཆོས་པ་ཡིན་པ་དང་ཆོས་པ་མིན་པ་གཉིས་ལ་ཁྱད་པ་འདི་ལྟ་བུ་ཡོའོ་༿ཡོད་༾རེད་ཟེར་གྱི་ཡོའོ་༿ཡོད་༾རེད། འོང་ད་་་་གང་ལྟར་མ་ཤི་ངས་གཅིག་ཡའི་ཡོའོ་༿ཡོད་༾མ་རེད་པ། ཆེ་བ་དགེ་བའི་བཤེས་གཉེན་ཞེ་པོ་ཅིག་ཡིན་ཟེར་མཁན་དེ་ཚོ་ཡང་ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་་་་བཟང་བ་རྦད་དེ་ཅིག་གི་དཔེར་ན་རྒྱལ་པོ་དང་ས་བདག་དང་རྦད་དེ་ཅིག་གི་འཇིག་རྟེན་ན་དབང་ཆེ་རིགས་ཆེ་ཚད་དེ་ཚོ་ཡང་ང་དབང་ཆེ་བ་ཡིན་ཟེར་མ་ཤི་བ་བསྡད་ས་ཡོའོ་༿ཡོད་༾མ་རེད་པ། ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར། འོང་་་་ཕྱུག་པོ་དེ་ཚོ་ཡང་ང་ཕྱུག་པོ་ཞེ་དྲག་ཡིན་ཤི་བ་ཁྱེད་རང་མ་ཡོང་བ་ཨ་་་་ཟེར་བྱས་བྱས་ཅ་ལག་འདྲ་དེ་འདྲས་སྤྲད་ནས་མ་ཤི་བ་ཉོ་ཡས་ཡོའོ་༿ཡོད་༾མ་རེད།ཟེར།
- རྒན་མཁས་བཙུནའོང་ད་་་་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནས་ལྟོགས་པོ་སློང་སྤྲང་ཡན་ཆད་ལྟོགས་པོ་སློང་སྤྲང་ཡན་ཆད་འགང་ག་༿ཚང་མ་༾མཐར་ཐུག་འགྲོ་ས་དེ་གང་རེད་ཟེར་ན།
- རྒན་མཁས་བཙུནཤི་བ་ཟེར་ཡས་ཀྱི་ལམ་ཁ་དེ་རེད་ཟེར། ད་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱས་ན་རྒྱལ་པོའི་ནང་ལོགས་ནས་སྟོབས་ཆེ་ཤོས་དེ་ལ་བརྩིས་ཀྱི་ཡོའོ་༿ཡོད་༾རེད་པ། ད་རྒྱལ་པོ་སྟོབས་ཆེ་ཤོས་དེ་ཡིན་ཟེར་ན་ཡང་ཁོ་གང་ལྟར་འགྲོ་ས་ཤི་ཡས་ཀྱི་ལམ་ཁ་དེ་རང་རེད།
- རྒན་མཁས་བཙུནད་སྐྱོ་ཤོས་འདྲ་པོ་ཁོ་སུ་རེད་ཟེར་ན། འོང་་་་དེ་རེད་པ། ལྟོགས་པ་སློང་སྤྲང་དེ་རེད་པ། ད་སློང་སྤྲང་ཟེར་ན་ང་རང་ཚོ་ག་རེ་ཟེར་དགོས་རེད་པས། ཁ་ལག་སློང་ནས་བཟའ་དགོས་མཁན་གྱི་སྤྲང་པོ་ད་ང་རང་ཚོའི་ཁ་སྐད་ལ་བྱས་པ་ཡིན་ན།
- རྒན་མཁས་བཙུནའོ་འོང་་་་ད་དེ་འདྲས་ཀྱི་ཅིག་གི་སྤྲང་པོ་དེ་ཚོ་རེད་པ། དེ་ཚོ་འདུག་བཟོ་བལྟ་དུས་ཙ་ནས་ཐབས་སྐྱོ་པོ་རེད་པ། ཐབས་སྐྱོ་པོ་དེ་ཚོ་ཡང་ད་ལྟ་ཡང་ཐབས་སྐྱོ་པོ་རེད་ལ། ཁོ་ཚོ་གནས་སྐབས་དེ་ལས་ཀྱང་སྐྱོ་བ་ཅིག་ག་རེ་ཆགས་རྒྱུ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཤི་བ་ཟེར་ཡས་དེ་ཡང་ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར། ད་གང་ལྟར་མ་ཤི་བ་སྐྱོ་བའི་རིགས་མ་ཤི་བ་བསྡད་ས་ཡོའོ་༿ཡོད་༾མ་རེད། ད་ཅིག་གི་ཡག་ག་༿ཡག་པ་༾མཐོ་བ་བཟང་བའི་རིགས་ཅིག་གི་མ་ཤི་བསྡད་ས་ཡོའོ་༿ཡོད་༾མ་རེད། འགང་ག་༿ཚང་མ་༾ལོགས་ཤི་བའི་ལམ་ཁ་དེར་འགྲོ་དགོས་ཀྱི་ཡོའོ་༿ཡོད་༾རེད། ཟེར།
- རྒན་མཁས་བཙུནད་མ་ཤི་བ་གཅིག་ཀྱང་ཡོའོ་༿ཡོད་༾མ་རེད་ད་ཟེར། ཨོའོ་་་་བྱས་ཙང་ད་ཤི་བ་ལ་བཞེད་སྣང་སྐྱེས་ཤོག་ཨ་ཟེར། ཨོའོ་་་་དེ་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནད་ཆུང་ངུ་མ་ལུས་སྐྱེས་འཕྲལ་ནས། རྒན་པོ་ལོ་ལོན་ལོ་བརྒྱད་ཅུ་མན་ཆད། འཆི་བདག་གི་དབང་དུ་མ་སོང་གཅིག་ཀྱང་མེད་ལ།ཟེར།
- རྒན་མཁས་བཙུནད་གང་ལྟར་ཆུང་ངུ་མ་ལས་སྐྱེ་གྲབས་ཡིན་པ་ཕྲུག་གུ་དམར་འབྱར་ཡིན་ནའང་འདྲ། དེ་ཡང་ད་གང་ལྟར་ནམ་ཞིག་ཤི་རྒྱུ་གཏན་གཏན་རེད། ཤི་ཡས་ལས་འགྲོ་ས་གཞན་དག་ཡོའོ་༿ཡོད་༾མ་རེད། ཡང་ད་ལྟ་མ་ཤི་བར་ལོ་འགའ་རོབ་བསྡད་པའི་ལོ་གྱ་བཅུའི་སྤོ་བོ་ལགས་ཟེར་ཡས་དེ་འདྲས་ཡོའོ་༿ཡོད་༾རེད་པ། དེ་ཡང་ད་ཁྱེད་རང་ལོ་གྱ་བཅུ་ལ་སླེབས་འདུག་ག་ཁྱེད་རང་ཤི་དགོས་མ་རེད། བྱས་བྱས་སུ་གཅིག་གིས་ཀྱང་དགོང་པ་སྤྲད་པ་མཁན་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནགང་ལྟར་ཤི་དགོས་རེད་ཟེར། ཨོའོ་་་་དེ་ཟེར་གྱི་ཡོའོ་༿ཡོད་༾རེད། འོ་ད་་་་འཆི་བདག་གི་དབང་དུ་མ་སོང་བ་གཅིག་ཀྱང་མེད་ལ། དེ་ཡང་རང་རེ་རྣམས་ཀྱི་ཡུལ་མི་གྲོང་པ། རྒས་པའི་ཕ་མ། སྐྱེས་པའི་བུ་ཚ། མཛའ་བའི་བཤེས་གཉེན། ཕལ་ཆེ་བས་ཚེ་འདིར་སྡོད་གཤོམ་མང་དུ་བྱས་ཀྱང་། འཆི་བདག་བདུད་པོ་ཁོ་བྱུང་ཚེ། སྡོད་དབང་སྐད་ཅིག་ཙམ་ཡང་མ་བྱུང་བར། ཚེ་ཕྱི་མའི་ཡུལ་ལ་ཆོས་མེད་ལག་སྟོང་དུ་སོང་བ་ནི་རྣམས་སོམས་དང་། འོ་ཡག འོ་སྐོལ་རྣམས་ཀྱང་དེའི་རང་བཞིན་ལས་མ་འདས། བྱས་པ་རེད།
- རྒན་མཁས་བཙུནད་དེ་ཚོ་གོ་བདེ་པོ་རེད། གང་རེད་ཟེར་ན། ཨིན་་་་འཆི་བདག་གི་དབང་དུ་མ་སོང་ཅིག་ཟེར་དུས་མ་ཤི་བ་ཅིག་ཟེར་གྱི་ཡོའོ་༿ཡོད་༾རེད། འོང་་་་འཆི་བདག་འཆི་བདག་ཟེར་དུས་ཙམ་པར་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཁྱེད་རང་ཤི་དགོས་ཡས་ཀྱི་དེ་རེད་པ། འོང་་་་ཁྱེད་རང་ཤི་དགོས་བཅུག་མཁན་འདྲ་པོ་ད་ཁྱེད་རང་ཤི་རུ་བཅུག་མཁན་དེ་འཆི་བདག་ཟེར་དེ་ཕྱི་ལོགས་ནས་ཕ་གའི་ཅིག་གི་རྫིག་པོ་འདྲ་ཅིག རྭ་གོག་ཟིང་ཟིང་འདྲ་པོ་ཅིག་གི། མཚོན་ཆ་འཁྱེར་གྱོག་སྐྱེས་བུ་སྡུག་ཅག་དེ་འདྲས་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནའོ་ན་་་་དེ་སུ་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ཁྱེད་རང་གིས་ཤི་དགོས་ཡས་ལས་ཡོའོ་༿ཡོད་༾རེད་པ། སོ་སོས་བསགས་བཞག་པ་ཨོའོ་་་་ཁོ་ལ་འཆི་བདག་ཟེར་ར་རེད།
- རྒན་མཁས་བཙུནད་ལས་དེའི་དབང་གིས་ཁྱེད་རང་ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད་པ། ཨོའོ་་་་ད་ཤི་དགོས་ཡས་ཀྱི་ལས་མ་བསགས་པའི་སེམས་ཅན་གཅིག་ཀྱང་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནད་རྡོག་རྡོག་བྱས་པ་ཡིན་ན། ད་བྱས་ཙང་ཤི་ཡས་ཀྱི་ལམ་དུ་འགྲོ་དགོས་ཀྱི་ཡོའོ་༿ཡོད་༾རེད་འགང་ག་༿ཚང་མ་༾ལོགས། འོ་ཡག བྱས་ཙང་ཁོས་མ་ཤི་བ་གཅིག་ཀྱང་ཡོའོ་༿ཡོད་༾མ་རེད། དཔེར་ན་ཆ་བཞག་ན་ཟེར། ང་རང་ཚོའི་རང་རེ་རྣམས་ནི་ཟེར། ད་སོ་སོའི་གཡས་གཡོན་ལ་ཡོད་པའི་གྲོང་མི་ཁྱིམ་མཚེས་དེ་ཚོ་ཀྱང་རེ་རེ་བྱས་ནས། བརྩིས་ནས་གྲངས་ཀ་གཅིག་བརྒྱོབ་དང་། སྔ་མ་ཁོང་ཚོ་མི་ཚང་དེ་ཆགས་པ་ནས་ད་ལྟ་བར་དུ་མ་ཤི་བ་སུ་བསྡད་འདུག
- རྒན་མཁས་བཙུནད་ལྟ་ཨོའོ་འོང་་་་་། འདུག་བཟོ་བརྩིས་བརྒྱབ་པ་ཡིན་ན་མ་ཤི་བ་བསྡད་པ་གཅིག་ཀྱང་ཡོའོ་༿ཡོད་༾མ་རེད་པ། ང་ཚོའི་མི་ཚང་དེ་མི་བརྒྱུད་ཨ་ནི་་་་མི་རབས་མང་པོ་ཞེ་པོ་ཕྱིན་པ་རེད་ཟེར། གྲངས་ཀ་ག་ཚོད་བརྒྱབ་ཡིན་ནའི་དེའི་ནང་ལ་མ་ཤི་བཞག་ཡས་གཅིག་ཡའི་མེད་པ་དེའི་ནང་ལོགས་ལ། འགང་ག་༿ཚང་མ་༾ལོགས་ཤི་ཀྱིན་ཤི་ཀྱིན་ཡོང་གྱོག་རྐྱང་རྐྱང་རེད་པ། ཨོའོ་་་་དེ་འདྲས་རེད་བཞག་ཟེར།
- རྒན་མཁས་བཙུནཨ་ནི་་་་རྒས་པའི་ཕ་མ་རྒན་ཁོག་ཚོ་ལ་ལྟོས་དང་། ཨོའོ་་་་སྐྱེས་པའི་བུ་ཚ་ཚོ་ལ་ལྟོས་དང་། མ་ཤི་བ་སུ་འདུག་གས་༿གམ་༾བྱས་པ་རེད། ཕ་མ་ཡིན་ཟེར་བྱས་ནས་རྫིག་པོ་བྱས་བསྡད་ཡས་ཡོའོ་༿ཡོད་༾མ་རེད། ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནང་ཚོ་ཕ་མའི་བུ་ཕྲུག་ཡིན་ཟེར་བྱས་ནས་རྫིག་པོ་བྱས་སྡོད་ཡས་ཡོའོ་༿ཡོད་༾མ་རེད། ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར། ཨ་ནི་་་་ཁྱེད་རང་གིས་གཡས་གཡོན་གྱི་མཛའ་བཤེས་སྙིང་ཉེ་པོ་ག་ཚོད་ཡིན་ན་ཡང་ག་ཚོད་ཡིན་ན་ཡང་གང་ལྟར་ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད། ཟེར།
- རྒན་མཁས་བཙུནཕལ་ཆེ་བས་ཚེ་འདིར་བསྡོད་གཤོམ་མང་པོ་བྱས་ཡོའོ་༿ཡོད་༾རེད། ང་རང་འགང་ག་༿ཚང་མ་༾ལོགས་ཀྱི་མི་མང་པོ་ཅིག་གི་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། མ་ཤི་བར་བསྡད་ཡས་ཀྱི་རྩིས་ཞེ་པོ་རྒྱག་གི་ཡོའོ་༿ཡོད་༾རེད་བྱས་པ་རེད། རེད་པ།
- རྒན་མཁས་བཙུནང་རང་ཚོས་ཤི་ཡས་ལ་བཞེད་ནས་ང་རང་ཚོ་འགང་ག་༿ཚང་མ་༾ལོགས་ཀྱི་མ་ཤི་བའི་ཆེད་དུ་རྩིས་ཞེ་པོ་བརྒྱབ་ནས། མ་ཤི་བའི་ཐབས་ཤེས་འདྲ་པོ་ཞེ་པོ་བཏང་གི་ཡོའོ་༿ཡོད་༾རེད་ད། མ་ཤི་བ་བྱེད་ཡས་ཀྱི་ཐབས་ཤེས་ད་ཞེ་པོ་བཏང་གི་ཡོའོ་༿ཡོད་༾རེད་ཡིན་ན་ཡང་། ད་རྩ་བ་ཉིད་ནས་མ་ཤི་བ་གཅིག་བཟོ་ཐུབ་ཡས་ཡོའོ་༿ཡོད་༾རེད་པས་ཟེར་ན།
- རྒན་མཁས་བཙུནདེ་བཟོ་ཐུབ་ཡས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། ཁོ་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད་པ་ཁོ་ཤི་ཟེར་ཡས་དེ། འཇིག་རྟེན་གྱི་ཆོས་ཉིད་ཁོ་འགྱུར་ལྡོག་ཅིག་བཏང་གི་ཡིན་མདོག་མདོག་བྱས་པ་ཡིན་ན། ད་དེ་ཡོང་ཡས་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནད་འཇིག་རྟེན་གྱི་ཆོས་ཉིད་ཁོ་དང་མཐུན་པའི་ཨ་ནི་་་་ལམ་ཁག་ཅིག་འཚལ་གྱི་ཡིན་ན། ད་ཕལ་ཆེར་གཅིག་བརྙེད་མདོག་ཁ་པོ་རེད་མ་གཏོགས་ཅིག་གི་འཇིག་རྟེན་གྱི་ཆོས་ཉིད་ལས་འགལ་པའི་ལམ་ཁག་ཅིག་འཚལ་གྱི་བསྡད་ན་རྙེད་ཀྱི་མ་རེད་བྱས་པ་རེད།
- རྒན་མཁས་བཙུནཨོའོ་་་་ག་རེ་རེད་ཟེར་ན། ཤི་བ་ཟེར་ཡས་ཁོ་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། འགྱུར་ལྡོག་འགྲོ་བ་མི་རྟག་པ་རེད་ཟེར་ཡས་དེ་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད་ཟེར། ཁོ་དང་མ་མཐུན་པ་ཅིག་མ་ཤི་བ་ཅིག་རྟག་པ་ཅིག་རེ་བ་བརྒྱབ་ན་དེ་ཡོང་ཡས་ཡོའོ་༿ཡོད་༾མ་རེད་ཟེར་གྱི་ཡོའོ་༿ཡོད་༾རེད་པ། འོང་་་་འཆི་བདག་བདུད་པོ་ཁོ་བྱུང་ཚེ། སྡོད་དབང་སྐད་ཅིག་ཙམ་ཡང་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནང་རང་ཚོར་ཤི་དགོས་ཡས་ཀྱི་དུས་ཚོད་དེ་འདུག་བཟོ་སླེབས་དུས་ཙ་ནས་ཁོ་ཤི་རྒྱུ་རང་རེད།
- རྒན་མཁས་བཙུནཚེ་ཕྱི་མའི་ཡུལ་ལ་ཆོས་མེད་ལག་སྟོང་དུ་སོང་བ་རྣམས་སོམས་དང་ཟེར། ཨ་ནི་་་་མི་མང་པོ་ཅིག་ག་པར་འགྲོ་གི་༿ཡི་༾འདུག་ཟེར་ན། དེ་ལ་འགྲོ་གི་༿ཡི་༾འདུག་ག་ཟེར། ཚེ་ད་རེས་ག་རེ་བྱེད་ཀྱི་བསྡད་པ་རེད་ཟེར་ན། ཚེ་ད་རེས་ཨ་ནི་་་་རྦད་དེ་ཅིག་གི་སོ་སོ་ཁེ་ཕན་འདྲ་པོ་ཅིག་གི སོ་སོ་ཁེ་ཕན་འདྲ་པོ་ཆུང་ཆུང་ཅིག་ལ་ཆགས། ཨ་ནི་་་་དེའི་ཆེད་དུ་ཡར་རྒྱུགས་མར་རྒྱུགས་འདྲ་པོ་ཅིག་གི་འབྲེལ་ལ་འདྲ་པོ་ཞེ་པོ་བྱེད་ཀྱི་བསྡད།
- རྒན་མཁས་བཙུནའོང་་་་དེའི་རིན་སྒང་མི་ཚེ་དེ་ཕྱིན། ཆོས་བྱེད་ལོང་མ་བྱུང་པ་བྱས། ཨ་ནི་་་་དངོས་སུ་ཤི་རན་དུས་ཙམ་པར། ཨ་ནི་་་་ཁོ་ཆོས་ག་གའི་༿གང་ཡང་༾འཁྱེར་ཡས་མེད་པར་ལག་པ་སྟོང་པར་འགྲོ་དགོས་ཀྱི་ཡོའོ་༿ཡོད་༾རེད་པ། ད་མི་དེ་ཚོ་ཐབས་སྐྱོ་པོ་ཞེ་པོ་ཆགས་བསྡད་ཡོའོ་༿ཡོད་༾རེད་ད། དེ་ཚོ་ཁྱེད་རང་ཚོ་བསམ་བློ་གཏོང་། ཨོའོ་་་་ད་ཁོང་ཚོ་ནང་བཞིན་ཁྱེད་རང་ཤི་པ་ཡིན་ན་ཐབས་སྐྱོ་པོ་ཞེ་དྲག་རེད་ད། ཨོའོ་་་་དེ་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་སྐོལ་རྣམས་ཀྱང་དེའི་རང་བཞིན་ལས་མ་འདས་ཟེར། ད་ང་རང་ཚོ་གང་ལྟར་མཐར་ཐུག་ཤི་དགོས་ཀྱི་རེད་ད་ཟེར། ང་ཆོས་ཉན་པ་ཡིན་ཤི་དགོས་མེད་པ་ཟེར་ས་ཡོའོ་༿ཡོད་༾མ་རེད། ང་ཆོས་བཤད་མཁན་ཡིན་ཤི་དགོས་མ་རེད་ཟེར་ས་ཡོའོ་༿ཡོད་༾མ་རེད། འོ་་་་བཤད་མཁན་དང་ཉན་མཁན་དང་འོ་་་་འགང་ག་༿ཚང་མ་༾ལོགས་འགྲོ་ས་ཤི་ཡས་ཀྱི་ལམ་ཀ་དེ་གཅིག་པ་གཅིག་རྐྱང་རེད་ཟེར།
- རྒན་མཁས་བཙུནདེ་ལ་སུ་གཅིག་གིས་བསྐྱབས་ཐབས་བྲལ་པ་རེད་ཟེར། འོ་ཡག དེ་བསམ་བློ་འཁོར་པ་དགོས་རེད་ཟེར། དེ་བསམ་བློ་འཁོར་ནས་ག་རེ་བྱེད་དགོས་རེད་ཟེར་ན། ཨོའོ་་་་ད་ངས་ཤི་ཡས་ཀྱི་དོན་དང་ལྡན་པ་ཅིག་བྱེད་དགོས་ཀྱི་ཡོད་ད།
- རྒན་མཁས་བཙུནང་ཤི་དུས་ཙམ་པ་རླབས་ཆེ་པོ་ཅིག་དང་ལྡན་པའི་སྒོ་ནས་ཤི་པ་ཅིག་བྱེད་ཀྱི་ཡིན་བསམས། ཤི་སྟངས་ཁོ་མི་འདྲ་ཅིག་ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད་དེའི་བརྩིས་རྒྱག་དགོས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་ཡག ཨ་ནི་་་་ག་ལེར་ག་ལེར་རྗེས་མ་ཤི་མ་དགོས་ཡས་ཀྱི་གནས་སྐབས་ཅིག་འཚལ་དགོས་རེད་ཟེར། ཐར་པ་ཟེར་ཡས་དེ་འཚལ་དགོས་ཀྱི་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོ་ཡག་ད་ལྟ་ཤི་བ་ལ་མ་བཞེད་ན་ཤི་མ་དགོས་ཡས་ཀྱི་ཐར་པ་ཟེར་ཡས་དེ་ནམ་ཡང་འཐོབ་ཀྱི་མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོ་ཡག
- རྒན་མཁས་བཙུནདེ་ཡང་དཔེར་ན་གསོད་སར་འཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟར། ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་འཆོ་བདག་བདུད་པོ་འཇིགས་སུ་རུང་བའི་ཁ་ནང་དུ་ཐག་ཇེ་ཉེ་ཇེ་ཉེར་འགྲོ་བ་ཡིན་ཏེ།
- རྒན་མཁས་བཙུནང་རང་ཚོ་དཔེར་ན་ད་དང་པོ་སྐྱེས་པ་ནས་ད་ལྟ་བར་དུ་ང་ཤི་མེད་ཟེར་བྱས་ནས་གསོན་པོ་བསྡད་པ་མདོག་མདོག་བྱེད་ཀྱི་ཡོའོ་༿ཡོད་༾རེད་དའི་ཡིན་ན་ཡང་། ཤི་ཡས་ཀྱི་དུས་ཚོད་ཅིག་ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནཨོའོ་་་་དེ་ལ་གོམ་པ་རེ་རེ་ཉིན་མ་གཅིག་ཕྱིན་པ་ཡིན་ན་ཤི་ཡས་ཁོ་ཉིན་མ་གཅིག་ཉེ་རུ་ཕྱིན་པ་རེད། ཆུ་ཚོད་གཅིག་ཕྱིན་པ་ཡིན་ན་ཉིན་མ་གཅིག་ཤི་ཡས་ཀྱི་ཆུ་ཚོད་ཁོ་ཉེ་རུ་ཕྱིན་པ་རེད། ཨོའོ་་་་འདུག་བཟོ་རེད་ཟེར། ཨོའོ་་་་བྱས་ཙང་།
- རྒན་མཁས་བཙུནད་དཔེར་ན་ཁྱེད་རང་ལོ་བརྒྱད་བཅུ་ཐམ་པ་ནས་ཤི་ཀྱི་༿ཡི་༾ཡོད་ན། ད་ད་ལྟ་ང་རང་ཚོ་ལོ་ལྔ་བཅུ་ཐམ་པ་ལ་སླེབས་བསྡད་ཡོད་ན། ད་ལོ་སུམ་ཅུ་ལས་བསྡད་ཡས་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནཨོའོ་་་་འདུག་བཟོ་བྱས་ནས་བརྩིས་བརྒྱབ་པ་ཡིན་ན། ཨ་ནི་་་་འགང་ག་༿ཚང་མ་༾ལོགས་ཤི་བ་ལ་བཞེད་དགོས་ཡས་ཅིག་རེད། གསུངས་ཀྱི་ཡོའོ་༿ཡོད་༾རེད། བཞེད་དགོས་རེད་ད་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོང་། འོ་བྱས། ཤི་བ་ལ་ཤི་ཡས་ལ་ཐག་ཇེ་ཉེ་ཇེ་ཉེར་ཐག་ཉེ་རུ་ཉེ་རུ་འདུག་བཟོ་འགྲོ་བ་བྱས་པ་རེད།
- རྒན་མཁས་བཙུནདེ་ཉེ་རུ་འགྲོ་བ་དེ་ཡང་། ཚོམས་ལས་འདི་འདྲས་གསུངས་ཡོའོ་༿ཡོད་༾རེད་ཟེར། བཅོམ་ལྡན་འདས་ཀྱིས་བཀའ་འགྱུར་ནང་ལོགས་ཚོམས་ཟེར་ཡས་ཅིག་ཡོའོ་༿ཡོད་༾རེད་པ། དེའི་ནང་ལ་འདི་འདྲས་གསུངས་བཞག་ཟེར།
- རྒན་མཁས་བཙུནདཔེར་ན་ངེས་པར་གསོག་པ་དག གོམ་པ་གང་དང་གང་བོར་བ། གསོད་པའི་དྲུང་དུ་བསྙེགས་པ་ལྟར། མི་རྣམས་ཚེ་ཡང་དེ་བཞིན་ནོ།ཟེར་བྱས་ནས་གསུངས་བཞག་ཟེར།
- རྒན་མཁས་བཙུནདེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། འོང་་་་དཔེར་ན་མི་བསད་ཡས་ཡོད་པ་ཅིག་ལ་ཆ་བཞག མི་བསད་ཡས་དེ་ད་འདི་ནས་ད་བསད་ས་དེ་ལ་འཁྲིད་དགོས་རེད་པ། བསད་ས་དེ་ལ་འཁྲིད་དུས་ཙ་ནས་ཁོ་གོམ་པ་རེ་རེ་བརྒྱབ་ནས་འདུག་བཟོ་འགྲོ་དུས་ཙ་ནས། གོམ་པ་དང་པོ་སྤོས་པ་ཙ་ནས་ཁོ་ཕ་གའི་ཉེ་རུ་ཕྱིན་པ་རེད།
- རྒན་མཁས་བཙུནཨ་ནི་་་་གོམ་པ་གཅིག་སྤོས་གཉིས་སྤོས་ཉེ་རུ་ཉེ་རུ་འདུག་བཟོ་འགྲོ་གི་༿ཡི་༾འདུག་ག། དེ་ནང་བཞིན་ང་རང་ཚོ་ཉིན་མ་གཅིག་གཉིས་གསུམ་བཞི་འདུག་བཟོ་ཕྱིན། དེ་ནས་ཨ་ནི་་་་ཤི་ཡས་ལ་འདུག་བཟོ་ཐག་ཉེ་རུ་ཉེ་རུ་འགྲོ་བ་རེད་བྱས་པ་རེད། འོང་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད་ད། འོ་ཡག
- རྒན་མཁས་བཙུནབྱས་ཙང་ང་རང་ཚོ་མི་རྣམས་ཀྱི་ཚེ་ཡང་འདུག་བཟོ་ཉིན་མ་རེ་རེ་བཞིན་ཤི་བའི་ཕྱོགས་སུ་རྒྱུགས་དགོས་ཀྱི་ཡོད་པ་སོང་ཙང་། ད་མ་ཤི་བ་ཐབས་ཤེས་སུ་ལ་ཡང་མི་འདུག ཨོའོ་་་་སོང་ཙང་ད་ཁྱེད་རང་གིས་ག་རེ་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནམ་ཤི་བའི་གོང་ལ་ཨ་ནི་་་་ཡིན་གཅིག་མིན་གཅིག་གིས་ཤི་དུས་ཙམ་ནས་འཁྱེར་ཡས་ཀྱི། ཤི་དུས་ཙམ་ནས་ཕན་ཐོག་ཡས་ཆོས་ཅིག་བྱེད་དགོས་རེད། ཨོའོ་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནད་ཡང་བུ་མོ་ས་ལེ་འོད་ཀྱིས་ཟེར། བུ་མོ་ས་ལེ་འོད་ཟེར་འདི་ག་གི་རེད་ཟེར་ན། རྗེ་བཙུན་མི་ལའི་རྣམ་ཐར་གྱི་ནང་ནས། རྗེ་བཙུན་མི་ལའི་སློབ་མ་ཅིག་གི་མིང་རེད། འོང་་་་བུ་མོ་ས་ལེ་འོད་ཟེར་ཡས་དེ་གིས་རྗེ་བཙུན་མི་ལ་ཡར་ཞུས་པ་རེད། འོང་་་་ད་མི་ལ་རས་པ་ལ་ཞུས་པ་རེད། མི་ལ་རས་པ་ལ་ག་རེ་ཞུས་པ་རེད་ཟེར་ན།
- རྒན་མཁས་བཙུནཚེ་སྔོན་བསོད་ནམས་བསགས་པའི་མཐུས། དུས་ལན་ཅིག་ཐོབ་པའི་མི་ལུས་འདི། ལོ་དང་ཟླ་བས་རྒྱབ་ནས་དེད། ཞག་དང་ཟ་མས་མདུན་ནས་ཁྲིད། སྐད་ཅིག་མི་འདོད་འཆི་བ་ལ་ཉེ། བསམ་ཞིང་བུ་མོ་བློ་མ་བདེ། དེ་ན་དམ་པའི་ལྷ་ཆོས་བྱེད། ཞེས་གསུངས་ལ།
- རྒན་མཁས་བཙུནདེས་ག་རེ་བཤད་པ་རེད་ཟེར་ན། བུ་མི་ས་ལེ་འོད་ལ་འདི་འདྲས་ཅིག་ཞུས་པ་ལ་རྗེ་བཙུན་མི་ལ་རས་པ་ལ། ང་ད་རེས་མི་ལུས་ཅིག་རེད་ཟེར། མི་ལུས་དེ་ག་ནས་འཐོབ་པ་རེད་ཟེར་ན། ཚེ་སྔོན་ང་རང་གིས་མི་ལུས་རིན་པོ་ཆེ་ཐོབ་ཡས་ཀྱི་ཆེད་དུ། ཨ་ནི་་་་བསོད་ནམས་བསགས་པ་ལ་བརྟེན་ནས་ང་ད་རེས་མི་ལུས་ཐོབ་པ་རེད་ཟེར།
- རྒན་མཁས་བཙུནད་དེ་འདྲས་ཀྱི་མི་ལུས་ཐོབ་པ་དེ་ཡང་ངར་ཡང་སེང་ཡང་སེང་ཐོབ་ཡས་ཅིག་རེད་པས་ཟེར་ན། མ་རེད་ཟེར། ལན་གཅིག་དུས་ལན་གཅིག་ཐོབ་པ་རེད་ཟེར། ད་ད་རེད་དུས་ལན་གཅིག་ཐོབ་པའི་མི་ལུས་འདི། འདི་ཡང་རྟག་པར་རེ་ཞིག་ཐོབ་པར་འགྱུར་ལྡོག་མང་པོ་འདུག་ཟེར། འདུག་བཟོ་གནས་ཀྱི་རེད་པས་ཟེར་ན། དེ་གནས་ཀྱི་མ་རེད་ཟེར། དེ་ཡང་འགྱུར་ལྡོག་ཡོའོ་༿ཡོད་༾རེད་ཟེར། གང་འདྲས་ཟེར་འགྱུར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནལོ་ཕྱིན་ཟླ་བ་ཕྱིན་ཞག་མ་ཕྱིན་འདུག་བཟོ་བྱས་བྱས་ལོ་དང་ཟླ་བས་ང་རྒྱབ་ལོགས་ནས་གང་ལྟར་ཤི་ཟེར་ཡས་དེ་ལ་འབུད་རྒྱག་བཏང་གི་འདུག་ཟེར། འོང་་་་ཤི་དགོས་ཡས་དུས་ཚོད་དེ་ལ་ཕར་འབུད་རྒྱག་བརྒྱབ་བྱས་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར། འོང་་་་ཞག་དང་ཟ་མས་མདུན་ནས་ཁྲིད་ཟེར།ཨ་ནི་་་་ཅིག་གི་ང་རང་ག་རེའི་ཆེད་དུ་རྒྱུགས་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེ་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་ཁ་ལག་འདྲ་པོ་ཟ་ཡས་ཀྱི་ཆེད་དུ། ཚེ་འདིའི་ཁེ་ཕན་གྱི་ཆེད་དུ་ཟེར་གྱི་ཡོའོ་༿ཡོད་༾རེད་པ། ཚེ་འདིའི་ཁེ་ཕན་གྱི་ཆེད་དུ་ཡར་རྒྱུགས་མར་རྒྱུགས་འདྲ་པོ་དཀའ་ལས་འདྲ་པོ་ཞེ་པོ་བརྒྱབ་ནས། ཨ་ནི་་་་དེའི་རིང་གང་དུས་ཚོད་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་པ། དེ་འདྲས་ཀྱི་ཆེད་དུ་ངས་རྒྱུགས་རྒྱུགས་རྡོག་རྡོག་བྱས་ན་ང་ག་པར་འགྲོ་མཁན་རེད།
- རྒན་མཁས་བཙུནང་རང་གིས་བྱས་པ་ཡིན་ན་དངོས་ནས་མ་ཤི་པར་བསྡད་ཡས་ཀྱི་ཆེད་དུ་ཨ་ནི་་་་ཅིག་གི་ག་རེ་ཟེར་དགོས་རེད་པས། མ་ཤི་བར་གསོན་པོར་གནས་ཡས་ཀྱི་ཆ་རྐྱེན་ཅིག་བྱུང་ན་བསམས་ནས། དེ་འདྲས་ཀྱི་ཆ་རྐྱེན་འཚལ་ག་འགྲོ་གག་བྱེད་ཀྱི་ཡོའོ་༿ཡོད་༾རེད་དའི་དོན་དག་ཁོ་ག་པར་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར་ན། ང་ཤི་ཟེར་ཡས་དེ་འཚལ་གར་འགྲོ་མཁན་བཟོ་འདྲ་ཅིག་འདུག་ཟེར།
- རྒན་མཁས་བཙུནང་ཡར་རྒྱུགས་མར་རྒྱུགས་འབྲེལ་བ་ག་ཚོད་བྱས་པ་ཡིན་ནའི་རྡོག་རྡོག་ཁོ་ང་ཤི་ཟེར་ཡས་དེ་འཚལ་གར་འགྲོ་མཁན་བཟོ་འདྲས་ཅིག་འདུག་ཟེར། ཞག་དང་ཟ་མས་མདུན་ནས་ང་ཁྲིད་འགྲོ་གི་༿ཡི་༾འདུག་ཟེར་ང་། ད་ང་སྐད་ཅིག་ཙམ་ཡང་ཨ་ནི་་་་མི་འདོད་འཆི་ལ་ཉེ་ཟེར།
- རྒན་མཁས་བཙུནཤི་བ་ཟེར་ཡས་ཁོ་ལ་ཡ། ཐག་ཉེ་རུ་ཉེ་རུ་ཕྱིན་ཙང་ཤི་བ་ཟེར་ཡས་དེ་ང་ལ་མི་འདོད་ཅིག་རེད་པ། ང་ལ་མི་དགོས་བ་ཅིག་རེད་པ། མི་དགོས་དེ་ཡང་ང་ལ་མི་དགོས་ཟེར་བྱས་ནས་ཁོ་གཡུག་བཞག་ཡས་ཅིག་མི་འདུག་ཟེར། ག་རེ་ཟེར་ན།
- རྒན་མཁས་བཙུནང་ལ་ད་མི་དགོས་དའི་ཡིན་ན་ཡང་། ཁོ་དངོས་པོ་ཁོ་རང་གི་ཆོས་ཉིད་ཅིག་སོང་ཙང་། ཤི་ཡས་ཁོ་ལ་ཐག་ཉེ་རུ་ཉེ་རུ་འགྲོ་གི་༿ཡི་༾འདུག་ཟེར། འོ་ཡག དེ་འདྲས་རེད། འོང་་་་ད་གནས་ཚུལ་དེ་ཚོ་ང་ལ་དགོས་ཡས་ད་ཁྱོན་ནས་མི་འདུག
- རྒན་མཁས་བཙུནཤི་ཡས་ཟེར་ཡས་དེ་ང་ལ་རྩ་བ་ཉིད་ནས་མི་དགོས་དའི། ཡིན་ན་ཡང་ང་ལ་མི་དགོས་ཟེར་བྱས་ནས་གཡུག་བཞག་མི་འདུག་གང་ལྟར་ཁོ་ཤི་བ་ཟེར་ཡས་དེ་ངའི་སྒང་ལ་ཡོང་གི་འདུག ད་ང་ཐབས་ཤེས་ག་རེ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནངས་འདུག་བཟོ་བསམ་བློ་བཏང་དུས་ཙ་ནས། བསམ་བཞིན་བསམ་བཞིན་ཨ་ནི་་་་བུ་མོ་ང་བློ་མ་བདེ་བྱས་པ་རེད། ད་བུ་མོ་ང་བློ་བདེ་ཁྱོན་ནས་མི་འདུག་ང་། འོང་་་་ང་ཤི་ཡས་ལ་ནི་བཞེད་ཀྱིས། བཞེད་ན་ཡང་ད་གང་ལྟར་མ་ཤི་བ་ཅིག་ནི་ང་རང་གིས་བཟོ་ཐུབ་ཀྱི་མི་འདུག
- རྒན་མཁས་བཙུནད་ང་གང་འདྲས་བྱེད་དགོས་ཡིན་ནམ་བསམ་བྱས་ཨ་ནི་་་་ང་རང་ང་རང་བློ་བདེ་པོ་ཁྱོན་ནས་མི་འདུག་ཟེར། བསམ་བློ་ཞེ་པོ་བཏང་དགོས་ཀྱི་འདུག་ཟེར།
- རྒན་མཁས་བཙུནད་བསམ་བློ་མང་པོ་འདུག་བཟོ་བཏང་དུས་ཙ་ནས། ད་མ་ཤི་བའི་ཐབས་ཤེས་ནི་གཅིག་ལས་མི་འདུག་བྱས་པ་རེད། ད་ང་ལ་ཐབས་ཤེས་གཅིག་བརྙེད་བྱུང་ཟེར། ཐབས་ཤེས་ཁོ་ག་རེ་རེད་ཟེར་ན། དམ་པའི་ལྷ་ཆོས་བྱེད་དགོས་ཟེར་ད། དམ་པའི་ལྷ་ཆོས་བྱེད་ཡས་དེ་ད་ང་ཤི་དུས་ཙམ་ནས་ཕན་ཐོགས་མཁན་ཁོ་རེད།
- རྒན་མཁས་བཙུནཨོའོ་་་་ད་དེས་ང་ལ་ཕན་ཐོགས་པ། དེ་མ་གཏོགས་ད་ཤི་ཡས་ལ་ཕན་ཐོགས་མཁན་ཆོས་གཅིག་ཡའི་༿ཀྱང་༾མི་འདུག་ཟེར། འོ་་་་བྱས་ཙང་ད་ང་ཆོས་བྱེད་ཀྱི་ཡིན། ཤི་དུས་ཕན་ཐོགས་མཁན་ཆོས་དེ་བྱེད་ཀྱི་ཡིན་བྱས་པ་རེད།
- རྒན་མཁས་བཙུནཨོའོ་་་་འདུག་བཟོ་ད་བུ་མོ་ས་ལེས་རྗེ་བཙུན་ལ་ཡར་ཞུས་པ་རེད། ད་བུ་མོ་ས་ལེ་འོད་དེ་གིས་༿ཡིས་༾དེ་འདྲས་ཟེར་ངོས་འཛིན་བྱེད་ཀྱི་འདུག་ག་ཟེར། བྱས་ཙང་ཨ་ནི་་་་ང་ཚོ་འགང་ག་༿ཚང་མ་༾ལོགས་ཤི་དགོས་ངེས་ཤ་གཅིག་རེད་པ།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་ཤི་རྒྱུ་ཁོ་བསམ་བློ་འཁོར་པ་བྱས་ཚར་ར་ད་ག ཨོའོ་ད་་་་ཤི་དུས་ཕན་ཐོགས་མཁན་གྱི་དམ་པའི་ཆོས་ཟེར་ཡས་དེ་ལ་སློབ་སྦྱོང་ཡག་པོ་བྱེད་ཤིག་ཨ་་་་བྱས་བྱས་ཞབས་དཀར་པས་སྐབས་དེ་དུས་ཆོས་ཉན་མཁན་དེ་ཚོ་ལ་རེ་བ་ཨོའོ་་་་འདི་སྟོན་པ་འདྲ།
- རྒན་མཁས་བཙུནསྟོན་གནང་འདུག་ག ད་དེ་ནས་འཆི་བར་ངེས་ཀྱང་ནམ་འཆི་ལ་ངེས་པ་མེད་དེ། ཟེར། ད་ཤི་རྒྱུ་རང་ད་གཏན་གཏན་རེད་ཁྱེད་རང་གིས་གསུངས་པ་ནང་བཞིན། ཤི་ཡས་ད་རེད་ང་ཚོ་རྗེས་མ་ཅིག་ཤི་གི་༿ཡི་༾རེད་ཟེར།
- རྒན་མཁས་བཙུནཡིན་ན་ཡང་ག་དུས་ཤི་གི་རེད་མ་རེད་དེ་གཏན་གཏན་བཤད་ཡས་མེད་པ། དེ་རིང་ཤི་ཨ་ཡོང་། སང་ཉིན་ཤི་ཨ་ཡོང་། ང་ལོ་རྗེས་མ་ཤི་ཨ་ཡོང་། ང་ལོ་གྱ་བཅུ་ཙ་ཅིག་བར་དུ་ཤི་ཨ་ཡོང་།བསྡད་མ་ཡོང་ངམ་བསམ་ནས་ཡང་མི་འགའ་ཤས་ཀྱིས་བསམ་བློ་དེ་འདྲས་བཏང་གི་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནབྱས་ཙང་རེ་བ་མང་པོ་ཅིག་བརྒྱབ་བྱས་ཤི་རྩིས་མ་བྱས་པ་བྱས། རེ་བ་མང་པོ་ཅིག་བརྒྱབ་ནས་གཅིག་གི་ཆོ་མེད་པའི་ལས་ཀ་མང་པོ་བྱེད་ཀྱི་བསྡད་ཀྱི་འདུག་ཟེར། དེ་འདྲས་བསྡད་སོང་ན་ཡང་འགྲིག་གི་མ་རེད་བྱས་པ་རེད། འོང་་་་འཆི་བར་ངེས་ཀྱང་ནམ་འཆི་ངེས་པ་མེད་དེ་ཟེར།
- རྒན་མཁས་བཙུནཨེ་་་་དུས་དེ་རིང་ཡང་ཁ་བཀྲག་ཡལ་ལེ་བ། ཕྱི་དྲོ་དགོང་ཁའམ། སང་གནངས་ལྟ་བུ་ལ་ཡང་རོ་ནག་ཐུལ་ལེ་བྱུང་བ་གྲངས་མེད་དེ།ཟེར་། ཨོའོ་་་་དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནད་ང་རང་ཚོ་མི་མང་པ་ཅིག་གིས་བསམ་ཡས་བསམས་ཀྱི་ཡོའོ་༿ཡོད་རེད་པ། འོ་་་་ད་ང་རྗེས་མ་ཤི་ད་ཤི་གི་༿ཡི་༾རེད། ཡིན་ན་ཡང་ང་ལས་སླ་པོ་ལ་ཤི་གི་༿ཡི་༾མ་རེད། ང་ད་ལྟ་ཤི་གི་༿ཡི་༾མ་རེད། ཟེར་གྱི་ཡོའོ་༿ཡོད་༾རེད་པ་ང་རང་ཚོས།ཨོའོ་་་་བསམ་བློ་གཏོང་སྟངས་དེ་མ་འགྲིག་པ་རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནབསམ་བློ་གཏོང་སྟངས་དེ་ཉེན་ཁ་ཚ་པོ་ཞེ་དྲག་རེད་ཟེར་གྱི་ཡོའོ་༿ཡོད་༾རེད། རྒྱུ་མཚན་ག་རེ་རེད་ཟེར་ན། ང་ཤི་གི་༿ཡི་༾མ་རེད། དེ་རིང་ང་ཤི་གི་༿ཡི་༾མ་རེད་ཟེར་གག་༿ཟེར་ཁུལ་༾བྱས། ཡང་སང་ཉིན་སླེབས་དུས་ཙ་ནས་འོ་་་་ང་ཤི་གི་༿ཡི་༾མ་རེད།
- རྒན་མཁས་བཙུནགནངས་ཉིན་ཀ་སླེབས་དུས་ཙ་ནས་འོ་་་་ང་ཤི་གི་༿ཡི་༾མ་རེད་ཟེར་། དེ་འདྲས་ཟེར་བྱས་ཤི་གི་༿ཡི་༾མ་རེད་ཤི་གི་༿ཡི་༾མ་རེད་ཟེར་འདུག་བཟོ་བསྡད་པ་ཡིན་ན། ཉིན་མ་གཅིག་ཧོབ་དེ་ཁ་ལ་ཤི་དུས་ཙ་ནས་ཨ་ནི་་་་ཆོས་བྱེད་ཡས་བྱུང་མ་སོང་ང་།
- རྒན་མཁས་བཙུནཁྱེད་རང་ཕྱི་དྲག་སོང་ང་། ཨོའོ་་་་བསམ་བློ་དེ་འདྲས་ཟེར་མ་གཏོང་ཨ་་་། ད་གང་འདྲས་ཟེར་གཏོང་དགོས་རེད་ཟེར་ན། ཨ་་་་ད་ང་ཤི་རྒྱུ་ནི་གཏན་གཏན་རེད་འདུག་ག ཤི་ཡས་ད་གའི་དེ་རིང་ཡོང་གྲབས་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནདཔེ་བསགས་པ་རེད་དེ་རིང་ཤི་ན་ང་དཔེ་བསགས་པ་རེད། ཨོའོ་་་་བྱས་ཙང་ད་སང་ཉིན་དང་གནངས་ཉིན་ཞེ་དྲག་ཟེར་ལོང་ཡོད་དམ་མེད་དམ། དེ་རིང་ཅིག་བྱས་ན་ཤི་གི་༿ཡི་༾ཡོད་འགྲོ།
- རྒན་མཁས་བཙུནཨོའོ་་་་ད་ང་ད་ལྟ་རང་རྦད་ཅིག་ཤི་པའི་སྐབས་ལ་ཅིག་གི་ཕན་ཐོགས་མཁན་ཆོས་ཅིག་བྱེད་ཀྱི་ཡིན་བསམས་བྱས། ཆོས་ལ་འདུག་བཟོ་བློ་གཏད་ཚར་ར་ད་ག་བྱེད་དགོས་རེད་ཟེར། གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནདཔེར་ན་ཆ་བཞག་ན་དེ་རིང་ཨ་ནི་་་་ཕ་གའི་ཅིག་གི་ཁ་མདོག་བཀྲ། རྦད་དེ་ཡལ་ལེར་བསྡད་པ། མི་རྫིག་པོ་དེ་ཚོ་ཁོ་སང་ཉིན་རོ་རེད་ཟེར་བྱས་ནས་ནག་ཤུལ་ལེ་ཉལ་བཞག་ཡས་ཅིག་ཆགས་ཀྱི་འདུག་ག
- རྒན་མཁས་བཙུནདེ་འདྲས་ང་རང་ཚོ་འཇིག་རྟེན་ལ་ཆོག་དོ་༿མང་པོ་༾འདུག་ག་ཟེར། ཨོའོ་་་་བྱས་ཙང་ཁོས་ཤི་གི་༿ཡི་༾མ་ཤི་མ་རེད་ཟེར་རྫིག་པོ་བྱས་ནས་བསྡད་ན་སྐྱོན་ཞེ་པོ་ཆེན་པོ་བྱེད་ཀྱི་རེད་ད། ཨོའོ་་་་ཁོས་ད་ད་ལྟ་ནས་ཤི་རྩིས་བྱས་ཚར་ར་ད་ག་ཨ་ནི་་་་མ་ཤི་བའི་སྔོན་ལ་དམ་པའི་ཆོས་གང་སྒྲུབ་ཐུབ་པ་དེ་གྲུབ་ནས་འདུག་བཟོ་བསགས་དགོས་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཆུ་ད་མ་སོང་ན་ཐིགས་པ་མང་པོ་བསགས་ཐུབ་པ་བྱས་ན་མ་གཏོགས་ཨ་ནི་་་་ཉེན་ཁ་ཆེན་པོ་བྱེད་ཀྱི་རེད་ཟེར། དངོས་སུ་ཤི་ཡས་སྐབས་སུ་སླེབས་དུས་ཙ་ནས། ཁྱེད་རང་ཕྱི་དྲག་ནས་ཨ་ནི་་་་དེ་དུས་འགྱོད་པ་ཞེ་དྲག་བྱེད་དགོས་འཁེལ་གྱི་རེད་ད་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནདེ་རྣམས་ལ་སང་གནངས་ང་འཆི་བསམ་པ་ཞིག་མེད་ཀྱང་།ཟེར། ད་ཤི་མཁན་གྱི་མི་དེ་ཚོ་ལ་ཆ་བཞག་ན་ཁོང་རང་གིས་སེམས་ནང་ལོགས་ལ་ད་དེ་རིང་ང་ཤི་གི་༿ཡི་༾རེད། ང་སང་ཉིན་རང་ཤི་གི་༿ཡི་༾རེད། ང་གནངས་ཉིན་ཀ་ཤི་གི་༿ཡི་༾རེད། བསམ་ནས་ཤི་བ་བཞེད་པའི་བཞེད་སྣང་ཅིག་དག་ཁོ་ལ་ཡོའོ་༿ཡོད་༾མ་རེད་ཟེར། མེད་ན་ཡང་ཁོ་གང་ལྟར་ཤི་བསྡད་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནད་ཁོང་རང་གིས་སེམས་ཀྱི་ནང་ལོགས་ལ་ད་ང་ཤི་གི་༿ཡི་༾མ་རེད། དེ་རིང་ང་ཤི་གི་༿ཡི་༾མ་རེད་བསམས་ནས་ཁོང་རང་མ་ཤི་ཡས་ཀྱི་གྲ་སྒྲིག་ད་ཞེ་པོ་བྱེད་གག་བྱེད་ཀྱི་ཡོའོ་༿ཡོད་༾རེད་དའི་ཡིན་ན་ཡང་དེ་འདྲས་ཀྱི་བསམ་བློ་བཏང་ནས་ཤི་གི་༿ཡི་༾མ་རེད་ཤི་གི་༿ཡི་༾མ་རེད། ཤི་གི་༿ཡི་༾མ་རེད་ཟེར་དེ་འདྲས་ཀྱི་བསམ་བློ་གཏོང་པའི་སྐབས་ཅིག་ལ་ཁོ་ཤི་ཚར་ར་༿ཚར་བ་༾རེད། འོང་་་་ད་དེ་འདྲས་རེད་འདུག་ག་ཟེར།
- རྒན་མཁས་བཙུནང་རང་ཚོའི་འཇིག་རྟེན་འདིའི་སྒང་ལ་ཆོག་དོ་༿མང་པོ་༾མཐོང་རྒྱུ་འདུག་ག་ཟེར། འོང་། དེ་ནི་ཤི་ཚར་དུས་ཙ་ནས་རོགས་པ་ཁོང་ཚོས་ཨ་ཁ་ཁ་ཁོ་ཤི་ཚར་བཞག བསམ་ཡུལ་ལ་འདས་བཞག་རེད་པ། ཨོའོ་་་་ཁོ་ཤི་ཡོང་བསམ་བསམ་ཁྱོན་ནས་མེད་མི་ཡག་པོ། གཟུགས་པོ་ཡག་པོ། དེ་འདྲས་ཅིག་ཡོའོ་༿ཡོད་༾རེད། ཁོ་ཐོ་རྒྱག་གོ་རྒྱག་ལ་ཤི་བཞག་ད་ཕྱི་དྲག་པ་རེད། ཨོའོ་་་་ད་དེ་འདྲས་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནང་འཆི་བསམ་པ་ཞིག་མེད་ཀྱང་། འབྱུང་བཞིའི་ལུས་འདི་ལ་བློ་གཏད་ཟན་རྡོག་ཅིག་ཟ་བའི་ཡུན་ཙམ་ཡང་མེད་ལ། དབུགས་རླངས་པ་ཙམ། དྲོད་མེ་སྟག་ཙམ་པ་འདི་སྐད་ཅིག་ལ་ཆད་ཉེན་ཡོད་པས། ཆོས་ལོ་སྔ་མ་ཕྱི་མ་གཉིས་ཀྱི་སྔ་མ། དེ་རིང་ནངས་པར་གཉིས་ཀྱི་དེ་རིང་ཡང་ཆོས་བྱེད་རྒྱུའི་སྐལ་བ་བྱུང་ན་བྱེད་པའི་དུས་ཡིན་ལ། སྡོད་པའི་དུས་མ་ཡིན་ཏེ།
- རྒན་མཁས་བཙུནའོ་ཡག་་་་དེས་ག་རེ་གསུངས་པ་རེད་ཟེར་ན། ད་ང་རང་ཚོ་ད་ཅིག་ཤི་ཡས་ལ་བཞེད་ནས་ཨ་ནི་་་་ག་རེ་བྱེད་དགོས་རེད་ཟེར་ན། བསམ་བློ་འདི་འདྲས་བཏང་དགོས་རེད་ཟེར། འོང་་་་ང་རང་ཚོའི་ལུས་པོ་དེ་ནི་གང་འདྲས་ཅིག་རེད་ཟེར་ན། འབྱུང་བཞི་འདུས་པའི་བདག་ཉིད་ཅན་ཞིག་རེད་ཟེར་ད། རྩྭ་དང་ཆུ་ལ་མེ་ལ་སོགས་པ་དེ་འདྲས་ཀྱི་འབྱུང་བ་བཞི་འདུས་པའི་དུམ་བུ་ཅིག་རེད། ད་འབྱུང་བ་བཞི་འདུས་པའི་དུམ་བུ་དེ་འགྱུར་ལྡོག་ཆེན་པོ་ཞེ་དྲག་རེད་ཟེར།
- རྒན་མཁས་བཙུནའོ་་་་དེ་འགྱུར་ལྡོག་མེད་པ་འདུག་བཟོ་བསྡད་བསྡད་ཡས་ཅིག་རེད་པས་ཟེར་ན། ཁོ་ལ་འགྱུར་ལྡོག་མེད་པ་བསྡད་བསྡད་ཡས་ཀྱི་དུས་ཚོད་ཨ་ནི་་་་ཟན་རྡོག་ཅིག་བསྒྲིལ་བའི་ཡུན་ཙམ་ཞིག་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནཟན་རྡོག་གཅིག་ཟེར་དུས་ནས་ད་ཅིག་གི་ཟན་འདྲ་པོ་ཁ་གང་ཁ་ལག་ཁ་གང་ཟ་ཐེངས་ཀྱི་དུས་ཚོད་འཁྱུགས་ཙམ་ཅིག་བསྡད་པའི་དབང་ཆ་ཁྱེད་རང་ལ་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནད་གང་ལྟར་ཤི་རན་པའི་དུས་ཚོད་དེ་ལ་སླེབས་དུས་ཙ་ནས་ཤི་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར། ང་རང་ཚོ་དབུགས་རླངས་པ་ཙམ་ཁ་ནས་ད་ལྟ་དབུགས་ཡོའོ་༿ཡོད་༾རེད་པ། མ་ཤི་བའི་རྟགས་ཁོ་ག་རེ་རེད་ཟེར་ན་དབུགས་བཏང་ཡས་དེ་རེད་པ།
- རྒན་མཁས་བཙུནཤི་འགྲོ་དུས་ཙ་ནས་དབུགས་བཏང་ཡས་ཡོའོ་༿ཡོད་༾མ་རེད་པ། བྱས་ཙང་ད་མ་ཤི་བའི་རྟགས་དབུགས་བཏང་ཡས་ཡོད་པ་དེ་ཏིག་ཙི་༿ཏོག་ཙམ་༾རིང་ག་རེད། ཤི་ཟེར་དུས་ཙ་ནས་དབུགས་འདུག་བཟོ་འགག་གི་རེད་ཚར་ཚར་ར་རེད་བྱས་པ་རེད།
- རྒན་མཁས་བཙུནདྲོད་མེ་སྟག་ཙམ་པ་དེ་ད་མ་ཤི་གོང་ལ་ལུས་ལ་དྲོད་ཡོའོ་༿ཡོད་༾རེད་པ། ཤི་ཚར་དུས་ཙ་ནས་ལུས་ལ་ཡ་དྲོད་ཡོའོ་༿ཡོད་༾མ་རེད་པ། བྱས་ཙང་ད་འདི་འདྲས་ཀྱི་དྲོད་མེད་པ་ཆགས་ཡས་དེ་ཐག་རིང་པོ་མ་རེད། འོ་ཡག་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོ་་་་དེ་འདྲས་དབུགས་འཆད་ཉེན་ཡོད། དྲོད་དེ་དེ་མ་ཐག་ཏུ་ཡལ་ཉེན་ཡོད།
- རྒན་མཁས་བཙུནའོ་ཡག་་་་ཤི་རན་གྲབས་ཡོའོ་༿ཡོད་༾རེད་ཟེར་གྱི་ཡོའོ་༿ཡོད་༾རེད་པ། འོ་ད་ཨ་ནི་་་་ཁྱེད་རང་གིས་བསམ་བློ་གང་འདྲས་ཟེར་བཏང་དགོས་རེད་ཟེར་ན། ཆོས་བྱེད་ཡས་རེད། བྱས་ཙང་ད་ད་ལོ་དང་དུས་སང་གཉིས་ཀྱི་ནང་ལོགས་ནས་ཁྱེད་རང་ག་རེ་འདམས་དགོས་རེད་ཟེར་ན། ད་ལོ་འདམ་དགོས་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ད་ལོ་རང་ཆོས་བྱེད་ཀྱི་ཡིན་ད་ཟེར་དགོས་རེད་ཟེར་དུས་ཚོད་དབང་དུས་བྱས་པ་ཡིན་ན། དེ་རིང་དང་སང་ཉིན་གྱི་ནང་ལོགས་ནས་བྱས་པ་ཡིན་ན།དེ་རིང་གདམས་དགོས་རེད། ཨོའོ་་་་ང་དེ་རིང་རང་ཆོས་བྱེད་ཀྱི་ཡིན་ད་སང་ཉིན་ཟེར་ཡས་དེ་ང་ལ་ཡོད་དམ་མེད་དམ་ངས་མ་ཤེས། རེད་པ།
- རྒན་མཁས་བཙུནསང་ཉིན་ང་ལ་ཡོད་ཀྱི་མ་རེད་ཕལ་ཆེར་ང་དེ་རིང་ཤི་ན་སང་ཉིན་ང་ལ་མེད་པ། ཨོའོ་་་་བྱས་ཙང་ཁོས་དེ་རིང་རང་ལ་ཆོས་བྱེད་ཀྱི་ཡིན་ད། དེ་རིང་གི་ནང་ལོགས་ནས་ད་ལྟ་རང་ཆོས་བྱེད་ཀྱི་ཡིན་ད་ཨོའོ་་་་འདུག་བཟོ་བྱས་ནས་ཆོས་དེ་སྦྱངས་དགོས་རེད་སློབ་དགོས་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད། འོང་འོང་། བསྡོད་པའི་དུས་མ་ཡིན་ཏེ་ཟེར།
- རྒན་མཁས་བཙུནདེ་ནི་ད་གར་ཟེར་ཆོས་མ་བྱས་པར་ད་གར་ཟེར་ལིང་ལིང་བསྡད་ཡས་ཀྱི་དུས་ཚོད་ད་ལྟ་མ་རེད་ཟེར། འོ་ཡག་་་་དེ་མ་ཡིན་པ་དེ་ཨ་ནི་་་་རྒྱལ་དབང་སྐལ་བཟང་རྒྱ་མཚོས་དེ་འདྲས་གསུངས་བཞག་ཟེར། རྒྱལ་དབང་སྐལ་བཟང་རྒྱ་མཚོ་ཟེར་ན། སྐུ་ཕྲེང་བདུན་པ་རེད་པ། རྒྱལ་བ་སྐུ་ཕྲེང་བདུན་པས་ག་རེ་གསུངས་ཡོའོ་༿ཡོད་༾རེད་ཟེར་ན། འདི་འདྲས་གསུང་བཞག་ཟེར།
- རྒན་མཁས་བཙུནདུས་ད་ནངས་དགྲ་འདུལ་གཉེན་སྐྱོང་གི གྲོས་བྱེད་དུས་ལུས་བདེ་སེམས་ཀྱང་རྒོད། དགོང་སྲོད་ལ་བབས་ཚེ་དུར་ཁྲོད་དུ། ལུས་བྱ་ཁྱིས་ཟ་བ་ཅང་བདེན་ནམ་ཞེས་གསུངས་པ་རེད་བྱས་པ་རེད།
- རྒན་མཁས་བཙུནདེས་ག་རེ་གསུངས་པ་རེད་ཟེར་ན། མི་འགའ་ཤས་ཀྱིས་དེ་བྱེད་ཀྱི་བྱས་པ་རེད། ད་རང་ཞོགས་ཀས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། ཁ་བདེ་པོ། སེམས་དེ་ཚོ་རྒོད་པོ། ཁོས་ད་རང་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། ཨ་ནི་་་་ད་རང་དེ་བྱེད་ཀྱི་འདུག་ཟེར།
- རྒན་མཁས་བཙུནང་རང་ཚོ་དགྲ་བོ་ཕ་གི་བསད་དགོས་རེད་ད། དགྲ་བོ་ཕ་གི་གཏོར་དགོས་རེད་ད། འོ་་་་ད་དགྲ་བོ་ཕ་གི་གཏོར་དུས་ཐབས་ཤེས་འདི་འདྲས་བྱེད་རྒྱུ་རེད་ད། འདིས་རྒྱབ་ལོགས་ནས་ཕྱིན། འདིས་མདུན་ནས་ཕྱིན། ཨ་ནི་་་་འདུག་བཟོ་མཚོན་ཆ་དེ་ཚོ་བེད་སྤྱོད་བཏང་།ཨ་ནི་་་་དགྲ་བོ་དེ་བསད་དགོས་རེད་ཟེར་བྱས་བྱས། གྲོས་བསྡུར་ད་རང་འདི་འདྲས་བྱེད་ཀྱི་འདུག་ཟེར་ཕ་ནང་དབང་ཕྱོགས་བསད་ཡས་ཀྱི་རྩིས་རྒྱག་གི་འདུག་ཟེར། འཆར་གཞི་བཟོ་གི་༿ཡི་༾འདུག་ཟེར།
- རྒན་མཁས་བཙུནད་དེ་རིང་དགོང་ཏག་སླེབས་དུས་ཙ་ནས་ཁོ་དུར་ཁྲོད་སྒང་ལ་ཤི་ཚར་བཞག་ཟེར། འོང་་་་ད་མགྱོགས་པོ་དེ་འདྲས་ཅིག་རེད་ཟེར་བྱས་པ་རེད། རྒྱལ་དབང་སྐལ་བཟང་རྒྱ་མཚོས་ང་རང་ཚོ་མི་ཟེར་ཡས་དེ་ཚེ་གཏན་གཏན་མི་འདུག་ག་ཟེར།
- རྒན་མཁས་བཙུནང་རང་ཚོ་མིའི་མི་ཚེ་ཟེར་ཡས་དེ་གཏན་གཏན་མི་འདུག་ག ད་རང་ཁོ་བདེ་མ་ཐང་མ་འདྲ་ཅིག་དཔའ་བློ་ཁོག་ཡོད་མདོག་ཁ་པོ་དེ་དགོང་ཏག་དུར་ཁྲོད་སྒང་ལ་སླེབས་བྱས་རོ་ཁོ་ཡང་ཁྱི་གིས་༿ཡིས་༾ཟ་ཡས་ཀྱི་གནས་ཚུལ་མང་པོ་འདུག
- རྒན་མཁས་བཙུནཨོའོ་་་་བྱས་ཙང་ཁོས་མ་ཤི་གོང་ལ་ཆོས་བྱེད་རན་འདུག་གོ ཆོས་གཅིག་ཡས་མ་བྱས་པ་སྡིག་པ་རྐྱང་རྐྱང་བསགས་ཐོབ་ཏེ་ག་ལ་ཤི་སོང་ན། ཐབས་སྐྱོ་པོ་ཞེ་དྲག་བྱེད་པ་འདུག་ག ཨོའོ་་་་འདུག་བཟོ། གསུངས་ཀྱི་ཡོའོ་༿ཡོད་༾རེད། ཨོའོ་བྱས་་་་།
- རྒན་མཁས་བཙུནསྤྱོད་འཇུག་ལས་ཟེར་། ཡང་རྒྱལ་སྲས་ཆེན་པོ་ཞི་པ་ལྷའི་སྤྱོད་འཇུག་ལས་ག་རེ་གསུངས་པ་རེད་ཟེར་ན། དེ་རིང་ཁོ་ན་མི་འཆི་ཞེས། བདེ་བ་འདུག་པ་རིགས་མ་ཡིན་ཞེས་བྱས་ནས་ཨོའོ་་་་དེ་འདྲས་གསུངས་པ་རེད། ཟེར།
- རྒན་མཁས་བཙུནང་རང་ཚོ་མི་རྣམས་ཀྱིས་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། དེ་རིང་ཤི་ཨ་ཡོང་། དེ་རིང་ཤི་ཨ་ཡོང་ཟེར་བྱས་བྱས་ཨ་ནི་་་་ཆོས་མ་བྱས་པ་བྱས་བསྡད་ཀྱི་ཡོའོ་༿ཡོད་༾རེད་ཟེར། ཨོའོ་་་་་དེ་འདྲས་མ་སྡོད་ཨ་ཟེར་བྱས་ནས་གསུངས་པ་རེད་ཟེར། རྒྱལ་སྲས་ཞི་བ་ལྷས།
- རྒན་མཁས་བཙུནདེ་རིང་ཁོ་ན་མི་འཆི་ཞེས། བདེ་བ་འདུག་པ་རིགས་མ་ཡིན་ནོ་ཟེར། ཨོའོ་་་་དེ་རིང་ཤི་གི་མ་རེད། དེ་རིང་སྣང་དག་ཡོའོ་༿ཡོད་༾མ་རེད་ཟེར་གག་བྱས་བྱས། འདུག་བཟོ་ཉིན་མ་རེ་རེ་ཉིན་མ་རྟག་པར་རེ་ཞིག་ཞོགས་གས་༿ཞོགས་པས་༾ཤར་ཡོང་གི་རེད་པ།
- རྒན་མཁས་བཙུནདགོང་དག་བཞུད་འགྲོ་གི་༿ཡི་༾རེད་པ། ཨ་ནི་་་་་ཁྱེད་རང་གིས་རྟག་པར་རེ་ཞིག་དེ་རིང་ང་ཤི་གི་༿ཡི་༾མ་རེད། ཡང་ཉིན་མ་རྗེས་མ་ཁོ་ལའི་དེ་རིང་ང་ཤི་གི་༿ཡི་༾མ་རེད།
- རྒན་མཁས་བཙུནཡང་ཉིན་མ་ཁོའི་རྗེས་མ་དེ་ལ་ཡང་དེ་རིང་ང་ཤི་གི་༿ཡི་༾མ་རེད། དེ་འདྲས་ཟེར་བསྡད་སོང་ན་ཁྱེད་རང་གི་སེམས་ནང་ལོགས་ལ་ཤི་གི་༿ཡི་༾མ་རེད་ཟེར་གྱི་རྐྱང་རྐྱང་ཟེར་གྱི་བསྡད། ཨ་ནི་་་་ཉིན་མ་གཅིག་ཤི་ཡས་ཁོ་ཡོང་གི་རེད་པ།
- རྒན་མཁས་བཙུནདེ་དུས་ཨ་ནི་་་་གཞན་དག་བསམ་བློ་བཏང་གི་བསྡད་ན། ཨ་ནི་་་་ཕྱི་དྲག་པ་རེད་ཟེར། ཆོས་བྱེད་ཡས་ཅིག་དག་ཡོང་ཡས་ཡོའོ་༿ཡོད་༾མ་རེད་པ། བྱས་ཙང་ཁོས་ད་ལྟ་ནས་མ་ཤི་བའི་གོང་ནས་ཤི་ཡས་བརྩིས་བརྒྱབ་ནས་འོ་ཨ་ནི་་་་ཆོས་བྱེད་དགོས་རེད་ཟེར། ཞེས་དང་།
- རྒན་མཁས་བཙུནཚོམས་ལས་ཟེར།ཡང་སངས་རྒྱས་ཀྱི་བཀའ་ལས་རེད་པ། ཚོམས་ལས། ག་རེ་གསུངས་པ་རེད་ཟེར་ན། སང་དང་འཇིག་རྟེན་ཕྱི་མ་གཉིས། སྔོན་དུ་གང་འོང་གཏོལ་མེད་པས། སང་གིས་རྩིས་ལ་མི་འབད་པར། ཕྱི་མའི་དོན་ལ་འབད་པ་རིགས།ཞེས་གསུངས་པ་རེད་བྱས་པ་རེད།
- རྒན་མཁས་བཙུནདེས་ག་རེ་གསུངས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། སང་དང་ཕྱི་མ་གཉིས་ཀྱི་ནང་ལོགས་ནས། སང་ཟེར་ན་ཨོང་་་་སང་ཉིན་རེད་པ། འོང་་་་ཕྱི་མ་ཟེར་ན་ཚེ་རྗེས་མ་དེ་རེད་པ། ད་དུས་ཚོད་དབང་གིས་བྱས་ན་གཉིས་ཀ་མ་འོངས་པ་རེད་པ།
- རྒན་མཁས་བཙུནཨོང་་་་སང་ཟེར་ཡས་དེ་ག་རེའི་མ་འོངས་པ་རེད་ཟེར་ན། ཚེ་འདིའི་མ་འོངས་པ་དེང་སང་རེད་པ། འོ་་་་ཕྱི་མ་ཟེར་ན་ཚེ་ད་རེས་ཀྱི་མ་འོངས་པ་དེ་ཚེ་ཕྱི་མ་རེད་པ། ད་ཁྱེད་རང་ལ་གདམས་ཀ་བཏང་བྱས། འོང་ཨ་ནི་་་་སང་ཉིན་ཁྱེད་རང་ཅིག་གི་གླིང་ག་འདྲ་པོ་ཅིག་བཏང་ག་༿བཏང་བར་༾འགྲོ་ག་༿འགྲོའམ་༾ཡང་མིན་ན། སྐྱེ་བ་རྗེས་མ་ཆེད་དུ་ཁྱེད་རང་མི་ལུས་འཐོས་ཡས་ཀྱི་ལས་ཀ་ཅིག་བྱེད་ཀ་༿བྱེད་དམ་༾དེའི་ནང་ལོགས་ནས། ཁྱེད་རང་གཅིག་གདམས་ཟེར་ན།
- རྒན་མཁས་བཙུནང་རང་ཚོས་ག་རེ་གདམས་དགོས་རེད་ཟེར་ན། སང་ཉིན་གླིང་ག་བཏང་ཡས་གདམས་ན་འགྲིག་གི་མ་རེད་ཟེར། འོ་ན་་་་ག་རེ་གདམས་དགོས་རེད་ཟེར་ན།
- རྒན་མཁས་བཙུནཕྱི་མ་ཨ་ནི་་་་ང་ཅིག་གི་མི་ལུས་འཐོབ་ཡས་ཀྱི་འོ་་་་དེ་འདྲས་ཀྱི་དགེ་བ་བསྒྲུབ་ཡས་ཀྱི་ཆ་རྐྱེན་བསགས་ཡས་དེ་ལ་དེ་རིང་འབད་ཀྱི་ཡིན་ཟེར་བྱས་བྱས། ཨོའོ་་་་དེ་གདམས་དགོས་རེད་ཟེར་བྱ་བ་དེ་གདམས་ཡས་ཁོ་འདུག་བཟོ་གདམས་དགོས་རེད་གསུངས་པ་རེད། ཨོའོ་་་་ཚོམས་ཀྱི་ནང་ལོགས་ནས།སང་དང་འཇིག་རྟེན་ཕྱི་མ་གཉིས་སྔོན་དུ་གང་འོངས་གཏོལ་མེད་པས་ཟེར།
- རྒན་མཁས་བཙུནད་ཁྱེད་རང་གིས་དེ་གདམས་དགོས་ཡས་རྒྱུ་མཚན་ག་རེ་རེད་ཟེར་ན། སང་ང་གླིང་ག་བཏང་ག་འགྲོ་གི་༿ཡི་༾ཡིན་ཟེར་སང་གི་བྱ་བ་དེ་གདམས་ཀྱི་བསྡད་པ་ཡིན་ན། སང་མེད་པར་དོ་དགོང་ཁྱེད་རང་ཤི་ན། སང་ཡོང་ལོང་མ་བྱུང་པ་རེད་པ་ཁྱེད་རང་ལ། སང་ཉིན་མ་བྱུང་པ་རེད་པ་ཁྱེད་རང་དོ་དགོང་ཤི་པ་རེད་པ། ཚེ་ཕྱི་མ་ཁོ་སྔོན་ལ་བྱུང་པ་རེད་པ།
- རྒན་མཁས་བཙུནཚེ་ད་རེས་ཀྱི་སང་ཟེར་ཡས་དེ་མ་ཡོང་གོང་ལ་སང་ཟེར་ན་སང་ཉིན་རེད་པ། ཉིན་མ་སང་ཉིན་རེད་པ། ཉིན་མ་སང་ཉིན་ཁོ་མ་སླེབ་གོང་ལ་ཚེ་ད་རེས་འགག་ནས་ཚེ་ཕྱི་མ་ཟེར་ཡས་དེ་དོ་དགོང་བྱུང་པ་རེད། ཨོའོ་་་་འདུག་བཟོ།ཚེ་ཕྱི་མ་ལ་སྐྱེས་གྲབས་ཡོའོ་༿ཡོད་༾རེད། བྱས་ཙང་ཨོའོ་་་་ཚེ་ཕྱི་མ། ཚེ་ཕྱི་མ་ཟེར་ཡས་ད་གའི་ཐག་རིང་པོ་ཞེ་པོ་དེ་འདྲས་ག་གའི་།༿གང་ཡང་༾ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནཨོའོ་་་་ཁྱེད་རང་ཨ་ནི་་་་ད་ཚེ་ཕྱི་མ་ཟེར་དུས་ཙ་ནས་རྗེས་མ་རྗེས་མ་རེད་པ། དེ་འདྲས་ཀྱི་བསམ་བློ་བཏང་དགོས་མ་རེད། ཁྱེད་རང་སང་ཉིན་ཟེར་ན་སང་ཉིན་རེད་ཐག་ཉེ་པོ་ཡོའོ་༿ཡོད་༾རེད་བསམས་ཀྱི་ཡོའོ་༿ཡོད་༾རེད། དེ་འདྲས་ཡོའོ་༿ཡོད་༾མ་རེད་ད་ཁྱེད་རང་ལ་སང་ཉིན་ཟེར་ཡས་དེ་མེད་བྱས་ད་དགོང་ཤི་གྲབས་ཡོའོ་༿ཡོད་༾རེད། ད་དགོང་ཤི་ན་ཚེ་ཕྱི་མ་ཟེར་ཡས་དེ་གྲུབ་ཚར་ར་༿ཚར་བ་༾རེད། སང་ཉིན་ཁོ་ཁྱེད་རང་ལ་ཤར་ལོང་མ་བྱུང་པ་རེད། ཨོའོ་་་་བྱས་ཙང་ཁོས་བསམ་བློ་དེ་འདྲས་ཟེར་བཏང་ཚར་ར་༿ཚར་བ་༾ད་ག སང་གི་རྩིས་མི་འབད་པར། སང་གི་རྩིས་ལ་འབད་རྒྱུ་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནསང་ཉིན་ངས་དེ་བྱས། སང་ཉིན་ངས་སྐྱིད་པོ་དེ་བྱས། སང་ཉིན་ཨ་ནི་་་་ངས་ཅིག་གི་ཁ་ལག་དེ་བཟས། སང་ཉིན་གྱི་རྩིས་ཞེ་པོ་རྒྱག་གི་བསྡད་ན་ཚེ་ཕྱི་མའི་རྩིས་མ་བརྒྱབ་ན། སྐྱོ་པོ་ཞེ་དྲག་རེད་ཟེར།
- རྒན་མཁས་བཙུནད་དེ་ལས་སྐྱེ་བ་ཕྱི་མའི་དོན་དག་བསྒྲུབ་ཡས་ཀྱི་ཆེད་དུ་ཨ་ནི་་་་དེ་རིང་རང་དཀའ་ལས་ཞེ་དྲག་བརྒྱབ་ནས་ཨ་ནི་་་་རྦད་དེ་ཆོས་བྱེད་དགོས་རེད་ཟེར། ཨོའོ་་་་དེ་རེད་སྐྱེ་བ་ཕྱི་མ་ལ་ཕན་ཐོགས་མཁན་ཁོ་ཆོས་རེད་ཟེར་གསུངས་ཀྱི་ཡོའོ་༿ཡོད་༾རེད་ནང་པ་སངས་རྒྱས་པས།
- རྒན་མཁས་བཙུནཨོའོ་་་་སོང་ཙང་ཨ་ནི་་་་ཁྱེད་རང་ཚོས་བསམ་བློ་དེ་འདྲས་གཏོང་ཤོག་ཨཱ། བྱས་བྱས་ཞབས་དཀར་པས་དེ་ཚོམས་ཀྱི་ལུང་དེ་དྲངས་པ་རེད་པ། ཁོང་ཚོར་ཆོས་དེ་གསུངས་དུས་ཙ་ནས། ཨོང་་་་འཆི་བའི་དུས་ལ་བབས་པའི་ཚེ། དམ་པའི་ཆོས་མ་གཏོགས་གཞན་ཚེ་འདིར་རང་གིས་བརྩིགས་པའི་ཁང་ཁྱིམ། བསགས་པའི་ནོར་རྫས། འགྲོགས་པའི་གཉེན་འབྲེལ། བུ་དང་ཆུང་མ་འཁོར་དང་ལོངས་སྤྱོད་ཀྱི་རིགས་གང་གིས་ཀྱང་ཕན་པ་མེད་དེ།བྱས་པ་རེད།
- རྒན་མཁས་བཙུནད་གང་ལྟར་ཁྱེད་རང་གདམས་ཡས་ཁོ་འདུག་བཟོ་གདམས་དགོས་རེད་ཟེར། ཚེ་ཕྱི་མ་ལ་ཕན་ཐོགས་མཁན་གྱི་དམ་པའི་ཆོས་དེ་གདམས་དགོས་རེད་མ་གཏོགས། སང་ཉིན་གནངས་ཉིན་ལ་སོགས་པའི་སྐྱིད་པོ་བཏང་ཡས་ཀྱི་ཨ་ནི་་་་ནོར་ལོངས་སྤྱོད་བསགས་ཡས་དེ་འདྲས་གདམས་ཀྱི་བསྡད་སོང་ན། ཨ་ནི་་་་ཕན་ཐོགས་པོ་ཞེ་དྲག་མ་བྱུང་པ་རེད་བྱས་པ་རེད།
- རྒན་མཁས་བཙུནརྒྱུ་མཚན་ག་རེ་རེད་ཟེར་ན། ཚེ་འདིའི་གཉེན་ལོངས་སྤྱོད་ཁང་པ་ཡག་པོ་ཅིག་ཉོ་ག་བྱས། དེར་དབང་ཆ་ཆེན་པོ་ཅིག་བརྩོན་ལེན་བྱེད་ག་བྱས། ཨོའོ་་་་དེ་འདྲས་བྱས་པ་ཡིན་ན་ཡང་། དེས་ཞེ་དྲག་ཕན་ཐོགས་ཡས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། འོང་་་་བསགས་པའི་ནོར་རྫས་དེ་གས་༿དེ་དག་༾ཁྱེད་རང་ལ་ཕན་ཐོགས་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནའོ་ཡག་་་་འགྲོགས་པའི་གཉེན་འབྲེལ་ལ་སོགས་པའི་གྲོགས་པོ་མང་པོ་འགྲིག་ག་བྱས་པ་ཡིན་ན་ཡང་། དེ་ཚོས་ཡང་། ཡང་ཕན་ཆེན་པོ་ཞེ་དྲག་ཐོགས་པ་མ་རེད་བྱས་པ་རེད། ཚེ་ད་རེས་ཨ་ནི་་་་ཕར་ཚུར་རོགས་པ་འདྲ་པོ་བྱས་ཕན་ཐོགས་ཀྱི་རེད་པ། ཨ་ནི་་་་ཡང་ཚེ་ཕྱི་མ་ལ་སོགས་པ་ཁོས་ཕན་ཐོགས་ཀྱི་མ་རེད་ཟེར། འོ་ཡག་་་་དེ་འདྲས་རེད།
- རྒན་མཁས་བཙུནད་དུང་ཁྱེད་རང་ལ་གནོད་ཀྱི་རེད་པ། ག་རེ་གནོད་ཀྱི་རེད་ཟེར་ན། གྲོགས་པོ་ཆང་བཏུང་གར་༿བར་༾ཤོག་དེ་རིང་ང་ཚོ་ཆང་ཅིག་བཏུང་།
- རྒན་མཁས་བཙུནཨོའོ་་་་ད་ཇ་ཁང་ལ་འགྲོ་དུས་ཚོད་འདུག་བཟོ་འཕྲོ་བརླག་ལ་བཏང་། ཨ་ནི་་་་མ་བྱུང་པ་རེད་བྱས་པ་རེད།
- རྒན་མཁས་བཙུནཨོའོ་་་་འཐོམ་འཐོམ་ལ་ཨ་ནི་་་་དུས་ཚོད་འདུག་བཟོ་འཕྲོ་བརླག་ལ་བཏང་གི་ཡོའོ་༿ཡོད་༾རེད་པ། ཨོའོ་་་་དེ་འདྲས་ཟེར་བྱས་ན་ཡག་པོ་མི་འདུག་ཟེར། འོ་་་་ད་ཁྱེད་རང་ཚོས་ཀྱང་ག་རེ་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནཚེ་འདིའི་ཁེ་ཕན་གྱི་ཆེད་དུ་བསམ་བློ་བཏང་གི་མ་བསྡད་པ་བྱས། ད་ཚེ་ཕྱི་མ་ཕན་མཁན་གྱི་ཆོས་ལ་བསམ་བློ་གཏོང་ཤོག་ཨ་ཟེར་བྱས་ནས་སྐབས་དེ་དུས་རེ་བ་བསྟོན་པ་རེད།ཞབས་དཀར་བས་ཁོང་ཚོ་ཆོས་ཉན་མཁན་དེ་ཚོ་ལ་ད་ལྟ་རེ་བ་དེ་བསྟོན་གྱི་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནཡང་རེ་བ་འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས་ཀྱང་དེ་འདྲས་གསུངས་ཡོའོ་༿ཡོད་༾རེད་བྱས་པ་རེད། དེར་འཇམ་དཔལ་རྣམ་པར་རོལ་བ་ལས་ཟེར་ཡས་ཅིག་འདུག་ག དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། བཀའ་འགྱུར་གྱི་ནང་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཟེར་གྱི་ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནརྣམ་པར་རོལ་བ་ཟེར་གྱི་མདོ་ཅིག་ཡོའོ་༿ཡོད་༾རེད། ཨོའོ་་་་དེའི་ནང་ལོགས་ནས་དེ་སངས་རྒྱས་ཀྱིས་གསུངས་པའི་ཚིག་རེད་པ། སངས་རྒྱས་ཀྱི་བཀའ་རེད་པ། སངས་རྒྱས་ཀྱི་བཀའ་འགྱུར་ནང་ལོགས་ཀྱི་ཚིག་རེད།
- རྒན་མཁས་བཙུནཨོའོ་་་་ད་བཀའ་འགྱུར་འདིའི་ནང་ནས་། ་འཇམ་དཔལ་རྣམ་པར་རོལ་བའི་བཀའ་འགྱུར་ཟེར་ཡས་དེའི་ནང་ལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན་བྱས་པ་རེད། མཛའ་བཤེས་རྩ་ལག་རྣམས་ཀྱང་མིན་བྱས་པ་རེད། དེ་དག་གིས་ནི་ཁྱོད་བོར་ནས། རང་ཉིད་གཅིག་པུར་ཕྱི་མར་འགྲོ། ཟེར་བྱས་ནས་གསུངས་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནདེས་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ཚེ་འདིའི་ཕ་མ་ལ་ཞེ་པོ་ཅིག་ཆགས་ནས་བསྡད་ནས་ཨ་ནི་་་་རྦད་དེ་གཅིག་གི་ཨོང་་་་ཕ་མ་བློས་མ་ཐོངས་པ། ཆོས་མ་བྱས་པ་ཡིན་ན། མ་འགྲིག་པ་རེད་ཟེར་། ཨོའོ་་་་ཕ་མ་ལ་ཕན་ཐོགས་བྱེད་དགོས་རེད་ཟེར། ཕ་མ་ལ་ཕན་ཐོགས་བྱས་ན་གང་འདྲས་ཟེར་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནབསམ་པ་བཟང་པོའི་སྒོ་ནས་ཕ་མ་ལ་དགེ་སྡིག་གི་བླང་དོར་སྟོན་ཐུབ་པ་ཅིག་བྱེད་དགོས་རེད་ཟེར། ད་ཕ་མ་ལ་དགེ་སྡིག་གི་བླང་དོར་སྟོན་ཐུབ་པ་ཅིག་བྱེད་པ་ལ་ཁྱེད་རང་སྔོན་ལ་ཡ་དགེ་སྡིག་གི་བླང་དོར་ཤེས་མཁན་ཅིག་དགོས་རེད་པ། བྱེད་དགོས་རེད་པ། བྱང་ཙང་ཁྱེད་རང་དགེ་སྡིག་གི་བླང་དོར་ཤེས་མཁན་ཅིག་བྱེད་པ་ལ་ག་རེ་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནཁྱེད་རང་སྔོན་ལ་ཡ་དམ་པའི་ཆོས་ལ་བཞུགས་ནས་ཆོས་སློབ་དགོས་རེད་པ། མ་བསླབ་པ་ལ་དགེ་སྡིག་བླང་དོར་ཤེས་མཁན་ཅིག་སྟོན་ཐུབ་ཀྱི་མ་རེད་པ། ཨོའོ་་་་བྱས་ཙང་ད་ཕ་མ་ལ་ཕན་ཐོགས་བྱེད་ཡིན་འདོད་མཁན་ཚོས་ཀྱང་། འོང་ཨ་ནི་་་་རྦད་དེ་ཅིག་གི་དེ་བྱེད་དགོས་རེད་ཟེར།
- རྒན་མཁས་བཙུནཨེ་་་་ཕ་མའི་ཆེད་དུ་དམ་པའི་ཆོས་ལ་བཞུགས་དགོས་རེད་མ་གཏོགས་ཅིག་གི་ཕ་མ་ལ་ཆགས་ནས་བསྡད་ན་འགྲི་གི་༿ཡི་༾མ་ཟེར། ཨོའོ་་་་རྒྱུ་མཚན་ག་རེ་རེད་ཟེར་ན། ཕ་མས་ཁྱེད་རང་ཚེ་ཕྱི་མ་ངན་སོང་གི་གནས་སྐབས་སོགས་ལས་སྐྱབས་ཐུབ་ཀྱི་མ་རེད་བྱས་པ་རེད།
- རྒན་མཁས་བཙུནའོ་ཡག ངའི་ཕ་མ་རྫིག་པོ་ཡོད་དབང་ཆེན་པོ་ཡོད་སྣང་དག་ཡོའོ་༿ཡོད་༾མ་རེད་ཟེར་ཕ་མ་ལ་བློས་བཀལ་ན། ཕ་མས་སྐྱབས་ཐུབ་ཀྱི་མ་རེད་ཟེར། མཛའ་བཤེས་དང་རྩ་ལག་དེ་ཚོས་ཀྱང་ཁྱེད་རང་སྐྱོབས་ཐུབ་ཀྱི་མ་རེད་བྱས་ཙང་། མཛའ་བཤེས་དང་རྩ་ལག་ལ་སོགས་པ་དེ་ཚོ་ལ་ཆགས་བྱས་བསྡད་ནས་ཨོ་་་་དམ་པའི་ཆོས་མ་བྱས་ན་དམ་པའི་ཆོས་མ་སྒྲུབ་ན་འགྲི་གི་༿ཡི་༾མ་རེད་ཟེར།
- རྒན་མཁས་བཙུནདེ་དག་གིས་ནི་ཁྱོད་བོར་ནས།རང་ཉིད་གཅིག་པུར་ཕྱི་མར་འགྲོ་ཟེར། ཨ་ནི་་་་ཕ་མས་གང་ལྟར་ཁྱེད་རང་ཚེ་ཕྱི་མ་སྐྱབས་ཐུབ་ཀྱི་མ་རེད། མཛའ་བཤེས་དང་རྩ་ལག་ལ་སོགས་པ་མཛའ་བཤེས་རྩ་ལག་ཟེར་ན་ད་སྤུན་མཆེད་དེ་ཚོ་ཟེར་གྱི་ཡོའོ་༿ཡོད་༾རེད། ཨོའོ་་་་དེ་ཚོས་ཀྱང་ཁྱེད་རང་སྐྱབས་ཐུབ་ཀྱི་རེད་པས་ཟེར་ན། སྐྱབས་ཐུབ་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ད་འགག་རྩ་ལ་ཐུག་དུས་ཙ་ནས། ཚེ་ཕྱི་མ་དེ་ལ་ཁྱེད་རང་གཅིག་པུ་ཤི་ནས་འགྲོ་དུས་ཙ་ནས། ཕ་མ་དང་ཅིག་གི། སྤུན་མཆེད་དང་ཅིག མཛའ་བཤེས་དང་ཅིག་སྟོབས་ཆེན་པོ་ག་ཚོད་ཡོད་ནའི་ད་ཁོང་ཚོ་འགང་ག་༿ཚང་མ་༾ལོགས་ཀྱིས་ཁྱེད་རང་གཡུག་བཞག་དགོས་རེད་པ། ད་ཁྱེད་རང་གཅིག་པུ་ཤི་རྒྱུ་འཁེལ་པ་རེད་པ།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་རྗེས་མ་སྐྱེ་བ་ཕྱི་མ་ཟེར་ཡས་ཁོ་ལ་འགྲོ་དུས་ཨ་ནི་་་་སོ་སོ་གཅིག་པུ་འགྲོ་རྒྱུ་འཁེལ་གྱི་ཡོའོ་༿ཡོད་༾རེད་བྱས་ཙང་ད་དེ་དུས་ཕན་ཐོགས་མཁན་དེ་སུ་རེད་ཟེར་ན། ད་ཆོས་མ་གཏོགས་གཞན་དག་གཅིག་ཡའི་༿ཀྱང་༾ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་ད་ཁོས་ཆོས་བསྒྲུབ་ཡས་སྐབས་སུ་བབས་བཞག མ་གཏོགས་ཅིག་གི་འཇིག་རྟེན་གྱི་བྱ་བ་ཕལ་པ་དེ་ཚོ་བྱེད་ཡས་སྐབས་ལ་བབས་མི་འདུག་ག འཇིག་རྟེན་གྱི་བྱ་བ་ཕལ་པ་བྱེད་ཀྱི་བསྡད་ན་འགྲིག་གི་མི་འདུག་ག གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནསློབ་དཔོན་ཆེན་པོས་ཟེར། ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དེ་འདྲས་གཅིག་གསུངས་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནསྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། ཚེ་ཡི་འཕན་ཟད་སྲོག་ལ་མཐུད་མི་ཤེས། དབང་པོ་ཆེ་ཡི་ཁྲིམས་ལ་གཏུག་ཏུ་མེད། སྨྲ་མཁས་ཅན་གྱིས་ཡུས་ཤགས་འདེབས་སུ་མེད། མི་འཐེབ་ཡོད་པས་བླུས་མ་བཏང་དུ་མེད། ཟས་ནོར་བྲོ་ཟན་གཅིག་ཏུ་འགྲོགས་དབང་མེད། མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ། འོ་་་་ཞེས་གསུངས་པ། ཨོའོ་་་་འདུག་བཟོ་རེད།
- རྒན་མཁས་བཙུནཨེ་་་་སློབ་དཔོན་ཆེན་པོས་གསུངས་པ་དེ་གོ་བདེ་པོ་འདུག་ག དེ་ག་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ད་དཔེར་ན་ང་རང་ཚོས་འཆི་དུས་ཙ་ནས། ད་ཤི་ཁ་ལ་མ་ལ་ལུས་ན་ཚས་མནར་གྱི་རེད་པ། ཨོའོ་་་་དེ་མནར་དུས་ཙམ་པ་ད་ཅིག་གི་རྦད་དེ་སྨན་པའི་རྒྱལ་པོ་སྨན་ལ་མཁས་ཤོས། ཨམ་རྗེ་ཡག་ཤོས་དེ་སྐད་བཏང་ན་ཡང་།རེད་པ།
- རྒན་མཁས་བཙུནད་དངོས་སུ་བྱོན་པའི་ཅིག་གི་ད་སངས་རྒྱས་སྨན་ལྷ་ལྟ་བུ་ཅིག་དངོས་སུ་བྱོན་ཡང་། ཨ་ནི་་་་ད་ཤི་རན་པའི་སྐབས་སུ་ཤི་ཡས་ཀྱི་ན་ཚ་འཕོག་གྱོག་དེ་ལ་སྐྱབས་ཐབས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནཨོའོ་་་་ཤི་དགོས་ཡས་ཀྱི་གནས་སྐབས་ཁོ་ལ་སླེབས་དུས་ཙ་ནས་ད་ཨམ་རྗེས་ཐབས་ཤེས་ཡོའོ་༿ཡོད་༾མ་རེད། ཨོའོ་་་་ད་ཐབས་ཤེས་མི་འདུག་ཟེར་རྒྱུ་རེད།
- རྒན་མཁས་བཙུནཨོའོ་་་་འདུག་བཟོ་གཡུག་བཞག་རྒྱུ་འཁེལ་གྱི་ཡོའོ་༿ཡོད་༾རེད་པ། འོང་་་་བྱས་ཙང་ད་མ་ཤི་པ་ལ་སུ་གཅིག་བསྡད་ས་མི་འདུག་ག ཨམ་རྗེས་ཡིས་༿ཀྱིས༾སྐྱབས་ཐུབ་ཀྱི་མི་འདུག་གཱ བྱས་པ་རེད།
- རྒན་མཁས་བཙུནའོང་་་་ཡང་དེ་བཞིན་དུ་ང་ཤི་གི་༿ཡི་༾མ་རེད། ཨོའོ་་་་ཅིག་གི་ག་རེ་ཟེར་དགོས་རེད་པས། ང་ལ་དབང་ཆེན་པོ་ཞེ་དྲག་ཡོད། ང་དབང་ཆེན་པོ་ཡོད་ཙང་། ཤི་ཡས་ཁོ་ང་ལ་ཡོང་ཐུབ་ཀྱི་མ་རེད་ཟེར་ན།
- རྒན་མཁས་བཙུནདབང་ཆ་ཡོད་པ་ལ་ཡང་ཤི་ཡས་ཡོང་གི་རེད་བྱས་པ་རེད། ཨོའོ་་་་བྱས་ཙང་ཁོས་དབང་ཡོད་པའི་རྒྱུ་མཚན་ཁོས་ཆོས་བྱེད་ཀྱི་མིན་ང་ཤི་དགོས་ས་ཡོའོ་༿ཡོད་༾མ་རེད། ཟེར་ས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནཡང་མི་ཁ་ཤས་ཁ་མཁས་པོ་ཡོའོ་༿ཡོད་༾རེད་པ། ཁ་སྙན་པོ་བཤད་ཐུབ་ཀྱི་ཡོའོ་༿ཡོད་༾རེད་པ། མི་མང་པོ་ལ་མགོ་བསྐོར་བཏང་ཐུབ་ཀྱི་ཡོའོ་༿ཡོད་༾རེད་པ། ཨོའོ་་་་དེ་འདྲས་ཁ་མཁས་པོ་འཁྱེར་ནས་མི་མང་པོ་ལ་མགོ་བསྐོར་བཏང་ཐུབ་ཀྱི་ཡོའོ་༿ཡོད་༾རེད་ཡིན་ན་ཡང་ཤི་བ་ཟེར་ཁོ་ལ་ཁོས་མགོ་བསྐོར་ཁྱོན་ནས་བཏང་ཐུབ་ཀྱི་མ་རེད་བྱས་པ་རེད། ཁོ་ཁ་ག་ཚོད་མཁས་ནའི་ལས་རེད་པ།
- རྒན་མཁས་བཙུནགང་ལྟར་ཁོ་ཁ་བདེ་པོ་དང་མགོ་བདེ་པོ་དང་མི་ལ་མགོ་བསྐོར་ཞེ་པོ་བཏང་ཐུབ་ཀྱི་ཡོད་ནའི་ཡང་ཤི་ཡས་ཁོ་ལ་ཁོས་ཁ་བདེ་པོ་འཁྱེར་ནས་མགོ་བསྐོར་ཁྱོན་ནས་བཏང་ཐུབ་ས་ཡོའོ་༿ཡོད་༾མ་རེད། གང་ལྟར་ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད། ཁ་བདེ་པོ་ཁོའི་ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད།ཟེར། ཡུས་ཤགས་འདེབས་སུ་མེད་དོ།
- རྒན་མཁས་བཙུནཡང་ཅིག་གི་ཁོ་ལ་ཡ་མི་འཐེབ་འདྲ་པོ་ཆ་དོ་༿མང་པོ༾བྱས། ཁོ་རང་གི་ཆེད་དུ་ཚབ་ཏུ་བསྡོད་ཡས་ཀྱི་མི་བཏང་ཡས་མི་འཐོལ་པ་ཆོག་དོ་༿མང་པོ་༾ཡོད་ན་ཡང་། ཁོ་རང་གིས་ཤི་ཡས་ཚབ་ལ་མི་གཞན་དག་བཏང་ཡས་ཁྱོན་ནས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནཁྱེད་རང་ཤི་དགོས་ཡས་ཀྱི་དུས་ཚོད་ལ་སླེབས་དུས་ཙ་ནས། ཁྱེད་རང་རང་ཤི་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནམི་འཐེབ་ཡོད་པས་བླུས་མ་བཏང་ས་མེད་ཟེར། བླུས་བྱས་ཚབ་བཏང་ས་མེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨ་ནི་་་་ཡང་ཟས་ནོར་ལ་སོགས་པ་དེ་འདྲས་ཕྱུག་པོ་ཡོད་པ་ཁོང་ཚོའི་ཨ་ནི་་་་ད་ང་ཤི་ད་ཤི་དགོས་རེད་དའི་ཤི་ནའི་ཤི་ད་དེ་ནས་ཅིག་གི་ང་རང་ཤི་དུས་མཉམ་པོ་ཨ་ནི་་་་གོས་ལོག་༿གྱོན་གོས་༾དང་། ཁ་ལག་དང་དེ་འདྲས་མང་ཐག་ཆོད་ཅིག་འཁྱེར་ནས་འགྲོ་གི་༿ཡི་༾ཡིན། ཨ་ནི་་་་རྗེས་མ་དཀའ་ལས་ཡོང་གི་མ་རེད་ཟེར་ན།
- རྒན་མཁས་བཙུནདེ་འདྲས་འཁྱེར་ས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། འོ་ཡག ཡང་འོ་ན་་་་ང་ཤི་དུས་གང་འདྲས་ཟེར་འགྲོ་དགོས་རེད་ཟེར་ན།
- རྒན་མཁས་བཙུནམར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་འགྲོ་དགོས་རེད་བྱས་པ་རེད། མར་གྱི་དཀྱིལ་ནས་སྤུ་བཏོན་པ་ཟེར་ན་ང་རང་ཚོའི་བོད་པའི་མར་ཡོའོ་༿ཡོད་༾རེད་པ། མར་ཁོ་གཙང་མ་ཡོད་ཙང་ཁོའི་ནང་ལ་བཙོག་པ་སྤུ་འདྲ་པོ་དེ་འདྲས་ཡོད་ན། ང་རང་ཚོས་ལམ་སང་མཐོང་གི་འདུག་ག
- རྒན་མཁས་བཙུནཁོ་འདུག་བཟོ་བཏོན་སོང་ན་ཁོའི་སྒང་ལ་མར་གཅིག་ཡའི་༿ཀྱང་༾ཡོའོ་༿ཡོད་༾མ་རེད། སྤུའི་སྒང་ལ་མར་བསྡད་ཀྱི་མ་རེད་པ། ཨོའོ་་་་དེ་ནང་བཞིན་ཁྱེད་རང་གཅིག་པུ་ཤི་དགོས་ཀྱི་རེད་ཟེར།
- རྒན་མཁས་བཙུནཁྱེད་རང་མཉམ་པོ་སུ་དགུ་༿གང་༾ཅིག་གི་ཡོང་གི་མ་རེད་ཟེར། ཁྱེད་རང་གིས་དཀའ་ལས་ཞེ་པོ་བརྒྱབ་ནས་བསགས་བཞག་པའི་ནོར་ལོངས་སྤྱོད། དངུལ་ལ་སོགས་པ་ཤོག་ཤོག་མང་པོ་ཡོད་ན་ཡང་། དེ་ནས་རྡོག་པོ་ཅིག་མར་ཁྱེད་རང་མཉམ་པོ་ཡོང་གི་མ་རེད།
- རྒན་མཁས་བཙུནསྤུན་ཀྱག་༿སྤུན་མཆེད་༾དང་གྲོགས་པོ་དང་རོགས་པ་དང་མང་པོ་ག་ཚོད་ཡོད་ན་ཡང་དེའི་ནང་ལོགས་ནས་མི་རྐང་གཅིག་ཡོང་གི་མ་རེད།
- རྒན་མཁས་བཙུནཁྱེད་རང་གཅིག་པུ་འགྲོ་རྒྱུ་རེད། ཨོའོ་་་་དེ་འདྲས་རེད་ཟེར། ཨོའོ་་་་ད་བྱས་ཙང་ཁོས་ཤི་ཡས་ཀྱི་བསམ་བློ་སྔོན་ལ་བཏང་ནས་ཨ་ནི་་་་ཤི་དུས་ཙ་ནས་ཕན་ཐོགས་མཁན་གྱི་ཨ་ནི་་་་ད་ང་ག་རེ་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནཨོའོ་་་་དམ་པའི་ཆོས་ཟེར་ཡས་དེ་སྦྱངས་དགོས་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད།ཞེས་གསུངས་པ་བཞིན་དུ་འཆི་བའི་དུས་ལ་བབས་པའི་ཚེ།
- རྒན་མཁས་བཙུནཨ་ནི་་་་ང་རང་ཚོ་མི་ཟེར་ཡས་དེ་ཤི་ཡས་ཀྱི་དུས་ཚོད་ལ་སླེབས་དུས་ཙ་ནས། སྟོབས་དང་མངའ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཙམ་ཞིག་ཡོད་ཀྱང་། རང་ལ་ཕན་པ་རྡུལ་ཙམ་ཡང་མེད། ཟེར།
- རྒན་མཁས་བཙུནཨ་ནི་་་་ཁྱེད་རང་ལ་མངའ་ཐང་འདྲ་པོ་ག་ཚོད་ཡོད་ན་ཡང་ཕན་ཐོགས་རྡུལ་ཙམ་ཡང་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནནོར་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་འབྱོར་པ་ལྟ་བུ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་འཁྱེར་དབང་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནད་ང་རང་ཚོའི་རྣམ་ཐོས་ཀྱི་སྲས་ཟེར་ཡས་དེ་ནང་པ་སངས་རྒྱས་པའི་དེ་བྱས་ན་ནོར་གྱི་བདག་པོ་ནོར་བདག་ཡིན་ཟེར་ར་རེད་པ། ནོར་ལྷ་ཡིན་ཟེར་ར་རེད་པ།
- རྒན་མཁས་བཙུནད་ཁོ་ཕྱུག་ཤོས་དེ་ཡིན་ཟེར་ར་རེད་པ། ང་རང་ཚོའི་འགྲོ་བ་སེམས་ཅན་ཟེར་ནའང་འདྲ། འཇིག་རྟེན་འདིའི་སྒང་ལ་ཕྱུག་ཤོས་དེ་ཁོང་ཡིན་ས་རེད།
- རྒན་མཁས་བཙུནད་རྣམ་ཐོས་ཀྱི་སྲས་ལྟ་བུ་ཕྱུག་པོ་ཞེ་པོ་ཅིག་ཡོད་ན་ཡང་ཤི་འགྲོ་དུས་ཙ་ནས་དེའི་ནང་ལོགས་ནས་ང་ཕྱུག་པོ་ཡིན་ཟེར་བྱས་ནས་རྡོག་པོ་གཅིག་ཡས་འཁྱེར་ཡས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནསོ་སོས་ཅ་ལག་ཡིན་ཟེར་བྱས་ནས་འཁྱེར་ཡས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནཕ་མ་གཉེན་བཤེས་གྲོགས་མཆེད་མང་པོས་མཐའ་བསྐོར་ཡང་། དེ་རིང་ཨ་ནི་་་་ཁྱེད་རང་ལ་གྲོགས་པོ་མང་ང་༿མང་བ་༾ཅིག་ཡོའོ་༿ཡོད་༾རེད། སྤུན་མཆེད་མང་ང་༿མང་བ་༾ཅིག་ཡོའོ་༿ཡོད་༾རེད། ཕུན་སུམ་ཚོགས་པོ་འདྲ་པོ་ཞེ་པོ་ཅིག་ཡོད་ན་ཡང་། ཤི་འགྲོ་དུས་ཙ་ནས་ཁྱེད་རང་གཅིག་པུ་འགྲོ་རྒྱུ་རེད་བྱས་པ་རེད།
- རྒན་མཁས་བཙུནཕན་གཅིག་ཡའི་༿ཀྱང་༾གཞན་དག་གིས་ཐོགས་ཀྱི་མ་རེད་བྱས་པ་རེད། འདུག་བཟོ་བྱས་ནས་འགྲོ་ས་ཁོ་ཡའི་༿ཡང་༾ག་པར་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་ཤི་ཟེར་ཡས་ཀྱི་ལུང་པ་དེ་རེད་པ། སྐྱེ་བ་ཕྱི་མ་ཟེར་ཡས་དེ་རེད་པ། སྐྱེ་བ་ཕྱི་མ་ཟེར་ཡས་དེ་ལ་ཁྱེད་རང་སྔོན་མ་འགྲོ་མྱོང་ཡོའོ་༿ཡོད་༾རེད་པས་ཟེར་ན།
- རྒན་མཁས་བཙུནའགྲོ་མྱོང་ཡོའོ་༿ཡོད་༾མ་རེད་པ། བྱས་ཙང་རྒྱུས་མེད་པའི་སྔོན་མ་འགྲོ་མྱོང་མེད་པའི་ལུང་པ་བར་དོའི་འཕྲང་ལ་ཟེར་ཡས་དེ་ལ་འགྲོ་དགོས་རེད་བྱས་པ་རེད།
- རྒན་མཁས་བཙུནབར་དོའི་འཕྲང་ཟེར་གྱི་འདུག་ག་དེར། བར་དོའི་འཕྲང་ཟེར་ན་བར་དོ་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནབར་དོ་ཡིན་ན་སྐྱེ་བ་སྔ་མ་དེ་ཤི་ཨ་ནི་་་་སྐྱེ་བ་ཕྱི་མ་དེ་དངོས་སུ་མ་འཐོབ་པའི་ཨ་ནི་་་་བར་རུ་དེ་རུ་སྐྱེ་བ་ལེན་གྱི་ཡོའོ་༿ཡོད་༾རེད་པ། དེ་ལ་ཡ་བར་དོའི་སྐྱེ་བ་ཟེར་ར་༿ཟེར་བ་༾རེད། ཨོའོ་་་་དེ་བར་དོའི་འཕྲང་དེ་འདྲེན་དགོས་རེད་ཟེར།
- རྒན་མཁས་བཙུནད་དེ་འདྲེན་དུས་ཙམ་ནས་དངངས་སྐྲག་དང་བཞེད་སྣང་ཞེ་པོ་ཡོའོ་༿ཡོད་༾རེད་ངོ་ཤེས་པ་གཅིག་ཡའི་༿ཀྱང་༾ཐུགས་ཀྱི་མ་རེད། དེ་དུས་ཁྱེད་རང་ལ་ཕན་ཐོགས་མཁན་ཡོའོ་༿ཡོད་༾མ་རེད་བྱས་པ་རེད་ད།
- རྒན་མཁས་བཙུནད་དེ་དུས་ཕན་ཐོགས་མཁན་དེ་སུ་ཡོའོ་༿ཡོད་༾རེད་ཟེར་ན། ཨ་ནི་་་་མ་ཤི་གོང་ལ་ཁྱེད་རང་གི་ཆོས་བྱས་ཡོད་ན།
- རྒན་མཁས་བཙུནཨོའོ་་་་ད་དེས་ཕན་ཐོགས་ཀྱི་ཡོའོ་༿ཡོད་༾རེད་བྱས་པ་རེད། སྐྱབས་མེད་མགོན་དུ་རང་ཉིད་གཅིག་པུར་འགྲོ་དགོས་པའི་དུས་ཤིག་ངེས་པར་འབྱུང་ལ་ཟེར།
- རྒན་མཁས་བཙུནད་དེ་དུས་སྐྱབས་དང་མགོན་དང་སྤུན་གཉེན་ལ་སོགས་པའི་ག་གའི་༿གང་ཡང་༾མེད་པར་སོ་སོ་གཅིག་པུ་རོགས་པ་བྱེད་མཁན་གཅིག་ཡའི་༿ཀྱང་༾མེད་པར་སོ་སོ་གཅིག་གུ་༿པུ་༾འགྲོ་དགོས་བྱེད་ཀྱི་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ད་དེ་འགྲོ་བའི་སྐབས་སུ་ཨ་ནི་་་་བར་དོའི་སྣང་བ་དེ་ཨ་ནི་་་་ཁྱེད་རང་གཅིག་གུ་༿པུ་༾འགྲོ་དུས་ཙ་ནས་ཨོའོ་་་་བར་དོའི་སྣང་བ་ལ་ཡ་སྣང་བ་ཟེར་ནའི་ཁོང་རང་གི་ད་ཅིག་གི་སེམས་ཁམས་འདྲ་པོ་ཁོ་ལ་ག་རེ་ཤར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་བཞེད་སྣང་དང་དངས་སྐྲགས་དང་དེ་འདྲས་མང་པོ་སྐྱེ་གི་༿ཡི་༾ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནབརྗོད་ཀྱི་མི་ལངས་བ་མྱོང་བར་འགྱུར་ལ་ཟེར། ཨེ་་་་དེའི་དུས་སུ་ཡང་ཕན་པ་དམ་པའི་ཆོས་དང་འདྲེན་མཁན་བླ་མ་དཀོན་མཆོག་མ་གཏོགས་ཚེ་འདིའི་རྒྱུ་ནོམ་པ་གཉེན་མཛའ་བཤེས་གང་གིས་ཀྱང་ཕན་པ་མེད་ལ་ཟེར་།
- རྒན་མཁས་བཙུནད་སྐབས་དེ་དུས་ཕན་ཐོགས་མཁན་ཡོད་པ་ཁོ་ག་གི་རེད་ཟེར་ན།
- རྒན་མཁས་བཙུནཁྱེད་རང་གིས་བྱས་བཞག་པའི་དམ་པའི་ཆོས་ཁོ་དང་ཨ་ནི་་་་དཀོན་མཆོག་གསུམ་གྱི་ཕན་ཐོགས་ཀྱི་རེད་མ་གཏོགས་ཅིག་གི་ད་གཞན་དག་ཅིག་གིས་ཕན་ཐོགས་ཀྱི་མ་རེད་བྱས་པ་རེད།
- རྒན་མཁས་བཙུནའོང་་་་སུ་ཅིག་གིས་ཕན་ཐོགས་ཀྱི་མ་རེད་ཟེར། དེ་ཙམ་དུ་མ་ཟད་ལས་དང་ཉོན་རྨོངས་དབང་གིས་སླར་ཡང་ཁམས་གསུམ་འཁོར་བའི་གནས་འདིར་འཁོར་ཕྱིན་ཆད་སྡུག་བསྔལ་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད་དེ།ཟེར།
- རྒན་མཁས་བཙུནད་གང་ལྟར་ཁྱེད་རང་བར་དོའི་འཕྲང་ལ་ཕྱིན་བྱས་དཀའ་ལས་ཞེ་དྲག་བརྒྱབ་ཡོའོ་༿ཡོད་༾རེད་པ། དཀའ་ལས་ག་ཚོད་བརྒྱབ་ན་ཡང་ཨ་ནི་་་་ཁྱེད་རང་ལ་ཕན་ཐོགས་པ་ཟེར་ཡས་དེ་གཅིག་ཡའི་༿ཀྱང་༾བྱུང་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནཕན་ཐོགས་གཅིག་ཡའི་༿ཀྱང་༾མ་བྱུང་པའི་སྒང་ལ་སྡུག་བསྔལ་འཐོལ་པ་སྡུག་བསྔལ་བསྣོན་པ་བཟོ་འདྲ་ཅིག་གྲུབ་པ་རེད་མ་གཏོགས་ཅིག་གི་གཞན་དག་བྱུང་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནབྱས་ཙང་ད་ང་རང་ཚོ་འགང་ག་༿ཚང་མ་༾ལོགས་ཀྱིས་ཤི་བ་ལ་བཞེད་ཚར་ར་ད་ག་ཨ་ནི་་་་མ་ཤི་གོང་ལ་ཡིན་གཅིག་མིན་གཅིག་གིས་ཕྱི་མ་ཕན་ཐོགས་མཁན་གྱི་དམ་པའི་ཆོས་བསྒྲུབ་ཡས་ཀྱི་ཆེད་དུ་སྙིང་སྟོབས་སྐྱེས་དགོས་རེད་ད།
- རྒན་མཁས་བཙུནདམ་པའི་ཆོས་གྲུབ་ཐུབ་པ་ཡིན་གཅིག་མིན་གཅིག་གིས་བྱེད་དགོས་རེད་ད། ཨོའོ་་་་དེ་བསླབ་བྱ་དེ་རྒྱག་གི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་ཡག དེ་རེད་འདུག་ག ཨ་་་་ད་དེ་ཡང་དམྱལ་བར་སྐྱེས་ན་ཟེར།
- རྒན་མཁས་བཙུནད་གང་ལྟར་གལ་ཏེ་ངས་མ་ཤི་གོང་ལ་ཡ་ཅིག་གི་དཔའ་སྐྱེས་བྱས་ཚར་ར་ད་ག་རེད་པ།ད་དེ་ཞག་གི་ཁ་སྐད། སྐད་ཆ་ཕལ་པ་བཤད་བ་དཔའ་སྐྱེས་ཟེར་ར་རེད། འོང་་་་ད་ཅིག་གི་སྐད་ཆ་ཏིག་ཙི་གཞུང་དང་མཐུན་པ་འདྲ་ཅིག་བཤད་པ་ཡིན་ན། ཨ་ནི་་་་སོ་སོས་སོ་སོ་ལ་བདག་པོ་མ་བརྒྱབ་པ་བྱས།
- རྒན་མཁས་བཙུནཨ་ནི་་་་རྦད་དེ་ཁྲེལ་མེད་ལུགས་མེད་ཀྱི་ཅིག་གི་བྱ་བ་གང་བྱུང་མ་བྱུང་། བྱ་བ་ངན་པ་སྡིག་པའི་བྱ་བ་ལ་བཞུགས་པ་ཡིན་ན། ཨོའོ་་་་ཤི་དགོས་མེད་སྙམ་དུ་བསམས་བྱས་ཤི་བ་ལ་མ་བཞེད་པ་བྱས་ཚར་ར་༿ཚར་བ་༾ད་ག་༿དེ་གར་༾སྤྱོད་པ་ངན་པ་སྡིག་པའི་བྱ་བ་ལ་བཞུགས་སོང་ན། ཨ་ནི་་་་རྗེས་མ་འགྲོ་ས་ཁོ་འགྲོ་ས་དེ་ག་པར་རེད་ཟེར་ན།
- རྒན་མཁས་བཙུནདམྱལ་བ། དུད་འགྲོ། ཡི་དགས་ངན་སོང་གསུམ་གྱི་གནས་ལ་རེད་ཟེར།
- རྒན་མཁས་བཙུནངན་སོང་གསུམ་གྱི་གནས་ལ་མ་གཏོགས་གཞན་དག་ལ་འགྲོ་ས་ཁོ་ར་གོ་སྐབས་ཁོ་ར་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནད་མེད་དུས་ཙམ་ནས་ངན་སོང་གསུམ་ལ་ཕྱིན་ན་ག་རེ་བྱེད་ཀྱི་རེད་ཟེར་ན། ངན་སོང་གསུམ་ལ་ཕྱིན་ན་ཨ་ནི་་་་སྡུག་བསྔ་ལ་ཞེ་དྲག་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནསྡུག་བསྔལ་གང་འདྲས་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནདམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་བཟོད་དཀའ་བ་ཡོའོ་༿ཡོད་༾རེད་བྱས་པ་རེད། ག་རེ་རེད་ཟེར་ན།
- རྒན་མཁས་བཙུནདམྱལ་བ་ལ་ཚ་བའི་དམྱལ་བ་དང་གྲང་བའི་དམྱལ་བ་ཟེར་ཡས་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནཚ་བའི་དམྱལ་བར་ལ་སྐྱེས་སོང་ན་ལུས་འཚིག་ནས་མེ་ཡིས་འཚིག་ནས་དེ་འདྲས་ཀྱི་སྡུག་བསྔལ་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནགྲང་བའི་དམྱལ་བར་ལ་སྐྱེས་ན་ལུས་འཁྱག་པ་དང་ཨོའོ་་་་དེ་འདྲས་ཀྱི་ནང་ལོགས་ལ་ཚུད་ཚར་ར་༿ཚར་བ་༾ད་ག་སྡུག་བསྔལ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་ཟེར་གྱི་ཡོའོ་༿ཡོད་༾རེད། ཡི་དྭགས་ཀྱི་གནས་ལ་སྐྱེས་ན་སྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནབཀྲེས་སྐོམ་གྱི་སྡུག་བསྔལ་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནའོ་ཡག བཀྲེས་སྐོམ་གྱི་སྡུག་བསྔལ་ཟེར་ན། ཨ་ནི་་་་གྲོད་ཁོག་ལྟོག་པ་དང་ཁ་སྐོམ་པའི་སྡུག་བསྔལ་དེ་འདྲས་མང་པོ་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཡི་དྭགས་ཟེར་ཡས་དེ་ལ་གཙོ་བོ་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནདུད་འགྲོ་ཟེར་ཡས་དེ་ལ་གཙོ་བོ་སྡུག་བསྔལ་ག་རེ། དེ་ཚོ་གཙོ་བོ་སྡུག་བསྔལ་རེད་པ། འོང་་་་ཁོང་ཚོ་ལ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་མ་གཞི་སྡུག་བསྔལ་གཞན་དག་མེད་པ་མ་རེད་པ། ཡི་དྭགས་ལྟ་བུ་ལ་ཡིན་ན།ཨོའོ་་་།
- རྒན་མཁས་བཙུནདཔེར་ན་དམྱལ་བ་ལྟ་བུ་ལ་ཡིན་ན་ཚ་བ་དང་གྲང་བའི་སྡུག་བསྔལ་གཅིག་པུ་མ་གཏོགས་སྡུག་བསྔལ་གཞན་དག་མེད་པ་མ་རེད་པ། ཡིན་ན་ཡང་སྡུག་བསྔལ་དེ་ལ་གཙོ་ཆེ་ཆུང་དབྱེ་ཚར་ར་༿ཚར་བ་༾ད་ག ད་སྡུག་བསྔལ་གཙོ་ཆེ་དབང་དུ་བྱས་ན།
- རྒན་མཁས་བཙུནཨོའོ་་་་ད་ཟེར་གྱི་ཡོའོ་༿ཡོད་༾རེད་ད། ད་དུད་འགྲོ་ལ་ཡིན་ན་སྡུག་བསྔལ་གཙོ་ཆེ་དབང་དུ་བྱས་ན་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨོའོ་་་་དུད་འགྲོའི་གནས་སུ་སྐྱེས་ན་གསོད་ཟ་ཨ་ནི་་་་གསོད། ཟ། བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་ཡི་མུག་བྱས་པ་རེད།
- རྒན་མཁས་བཙུནདེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། དུད་འགྲོ་རྣམས་ལ་གསོད་ཟ་ཟེར་གྱི་འདུག་ག
- རྒན་མཁས་བཙུནདུད་འགྲོ་དེ་ཚོ་ང་རང་ཚོས་ད་ནི་ཅིག་གི་མི་དང་ལ་སོགས་པ་དེ་ཚོས་དུད་འགྲོ་བསད་ནས་ང་རང་ཚོས་ཤ་ཟ་གི་༿ཡི་༾ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནཨོའོ་་་་དེ་ནང་བཞིན་དུད་འགྲོ་ཁོ་རང་ཚོ་ནང་ཚོགས་ལ་ཡང་ཟ་གི་༿ཡི་༾ཡོའོ་༿ཡོད་༾རེད་པ། འོང་་་་ཅིག་གི་སེམས་ཅན་དེ་ཚོ་དཔེར་ན་ང་རང་ཚོའི་རྒྱ་མཚོའི་ནང་ལོགས་ལ་བསྡད་མཁན་གྱི་ཉ་ཆེ་བས་ཆུང་བ་ཟས་ཆེ་བས་ཆུང་བ་འདུག་བཟོ་ཕར་ཚུར་བཟའ་རེས་རེད་པ།
- རྒན་མཁས་བཙུནཨོའོ། གླིང་སྐམ་སའི་ཁ་ལ་བསྡད་མཁན་དེ་ཚོ་ནི་དཔེར་ན་སྟག་དང་སེང་གེ་དང་ཅིག་གི་ཝ་མོ་དང་གཅན་གཟན་དེ་ཚོས་ཡིན་ན། ཨ་ནི་་་་རི་དྭགས་གཞན་དག་དེ་ཚོ་ཟས་ཨ་ནི་་་་ཁོང་རང་ཚོ་ཕར་ཚུར་ཟ་རེས་རེད་འདུག་ག
- རྒན་མཁས་བཙུནནམ་མཁར་འཕུར་འགྲོ་མཁན་གྱི་དཔེར་ན་བྱ་དང་ཨོའོ་་་་དེ་ཚོས་ཡིན་ན་འདབས་ཆགས་དེ་ཚོས་ཡིན་ན་ཨ་ནི་་་་ཡང་ཅིག་གི་ཅིག་གི་གཞན་དག་དེ་ཚོ་ཅིག་གི་མང་པོ་ཕར་ཚུར་ཟ་རེས་བྱེད་ཀྱི་འདུག་ག
- རྒན་མཁས་བཙུནདེ་ཚོ་ཟ་བའི་སྡུག་བསྔལ་ཡོའོ་༿ཡོད་༾རེད་ཟེར། ཨེ་་་་དེ་ནས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནབཀོལ་སྤྱོད་དེ་འདྲས་ཀྱི་སྡུག་བསྔལ་ཡོའོ་༿ཡོད་༾རེད་ཟེར། བཀོལ་སྤྱོད་ཟེར་ན་ཨ་ནི་་་་བེད་སྤྱོད་བཏང་ཚར་ར་༿ཚེར་བ་༾ད་ག་ལས་ཀ་བསྐུལ་ནས་དེ་ང་རང་ཚོས་དུད་འགྲོ་ལ་ལས་ཀ་ཞེ་དྲག་བསྐུལ་གྱི་ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་རེད། ད་དེང་སང་ང་རང་ཚོའི་དེང་རབས་ཅན་གྱི་འཕྲུལ་ཆས་བེད་སྤྱོད་བཏང་དུས་དུད་འགྲོ་ལ་ལས་ཀ་བསྐུལ་ཡས་ཉུང་རུ་ཕྱིན་པ་རེད་མ་གཏོགས་སྔོན་མ་ཡིན་ན་དུད་འགྲོ་ལ་ལས་ཀ་ཞེ་དྲག་བསྐུལ་གྱི་ཡོའོ་༿ཡོད་༾རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་ཡག དེ་འདྲས་ཀྱི་སྡུག་བསྔལ་མང་པོ་མྱོང་དགོས་ཀྱི་ཡོའོ་༿ཡོད་༾རེད། དེ་ཙམ་དུ་མ་ཟད་དུད་འགྲོ་ཟེར་ཡས་དེ་ལ་ད་དུང་སྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནགླེན་རྨོངས་ཀྱི་སྡུག་བསྔལ་ཡོའོ་༿ཡོད་༾རེད་བྱས་པ་རེད། ཁོ་སེམས་ཀྱི་ནང་ལོགས་ལ་ཡ་ཁོ་ག་རེ་བསམས་ཀྱི་ཡོད་ནམ། ཁ་ནས་བཤད་མ་ཐུབ་པ་བྱས་ཚར་ར་༿ཚར་བ་༾ད་ག་ཨོའོ་་་་དེ་འདྲས་ཀྱི་སྡུག་བསྔལ་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནབྱས་ཙང་། ཨ་ནི་་་་ང་རང་ཚོ་མིས་བསམས་གཞིགས་བྱེད་དགོས་ཡས་གལ་ཆེན་པོ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནདུད་འགྲོ་དང་སེམས་ཅན་སྐྱོ་པོ་དེ་ཚོ་ལ་ཕར་བསམས་གཞིགས་བྱས་ཚར་ར་༿ཚར་བ་༾ད་ག་ཨ་ཙི་་་་ཁོ་སྙིང་རྗེ་ཁོ་ག་རེ་བསམས་ཀྱི་ཡོད་ནམ། ཁོ་རང་ལ་ཡང་སྡུག་བསྔལ་ཡོའོ་༿ཡོད་༾རེད་པ། ཨོའོ་་་་བསམ་བྱས་དེ་འདྲས་བསམ་ཤེས་བྱས་ཚར་ར་༿ཚར་བ་༾ད་ག་ཁོ་ལ་ཕན་ཐོགས་པ་བྱེད་དགོས་རེད་མ་གཏོགས་ཅིག་གི་ཁོ་ཁྱི་རེད།
- རྒན་མཁས་བཙུནཁོ་བོང་བུ་རེད། ཨོའོ་་་་དེ་འདྲས་ཀྱིས་མཐོང་ཆུང་བཤད་ནས་དེ་འདྲས་འགྲིག་གི་མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད་ད།
- རྒན་མཁས་བཙུནད་གང་ལྟར་དེ་ཚོ་གང་ག་སེམས་ཅན་ཁོང་ཚོའི་སྡུག་བསྔལ་རེད་པ། དུད་འགྲོ་དེ་ཚོའི་སྡུག་བསྔལ་རེད་པ། སྡུག་བསྔལ་དེ་ཚོ་འདུག་བཟོ་བསམ་བློ་བཏང་དུས་ཙམ་ནས་ཡིད་མུག་ཡས་འདྲ་ཅིག་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནཨ་ནི་་་་ང་ཚོ་མི་སྐྱེས་ན་ཨོའོ་ཙི་མེད་འགྲོ་མི་ཟེར་ཡས་དེ་ཡག་པོ་འདྲ་ཅིག་མ་རེད་པས་ཟེར་ན།
- རྒན་མཁས་བཙུནམི་ལ་སྐྱེས་ན་ཡང་སྡུག་བསྔལ་འདུག་ག་བྱས་པ་རེད།སྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནསྐྱེ་རྒ་ན་འཆིའི་སྡུག་བསྔལ་ངུ་བྲོ་བྱས་པ་རེད། ང་རང་ཚོ་མི་རྣམས་ལ་ཡ་དང་པོ་སྐྱེས་པའི་སྡུག་བསྔལ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨ་ནི་་་་དེ་ནས་བར་རུ་༿བར་དུ་༾ལ་ཡར་ཅིག་གི་ན་བའི་སྡུག་བསྔལ་ཡོའོ་༿ཡོད་༾རེད། ཨ་ནི་་་་དེ་ནས་རྒས་པའི་སྡུག་བསྔལ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནདེ་ནས་མཐར་ཐུག་ཡིན་ན་འཆི་བའི་སྡུག་བསྔལ་ཡོའོ་༿ཡོད་༾རེད། ད་དེ་འདྲས་ཀྱི་སྐྱེས་རྒ་ན་འཆིའི་སྡུག་བསྔལ་དེ་ལ་སུ་ཅིག་ཐར་ས་ཡོའོ་༿ཡོད་༾མ་རེད་པ།
- རྒན་མཁས་བཙུནདབང་ཆེ་བ་ཐར་གྱི་མ་རེད། རྒྱུ་མང་ངས་༿བས་༾བླུ་ས་ཡོའོ་༿ཡོད་༾མ་རེད་ཨོའོ་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་སྡུག་བསྔལ་དེ་ལ་འདུག་བཟོ་བསམ་བློ་བཏང་དུས་ཙ་ནས་དངོས་གནས་ད་ངུ་བྲོ་ཡས་འདྲ་ཅིག་འདུག་ཟེར་ད། ངུ་ཉིད་བྲོ་གི་༼ཡི་༽འདུག་བྱས་པ་ད།
- རྒན་མཁས་བཙུནང་རང་ཚོས་བསམ་བློ་མ་བཏང་ན་ངུ་བྲོ་གི་༿ཡི་༾མ་རེད་པ།ཟེར། བསམ་བློ་བཏང་ན་ངུ་བྲོ་ཡས་ཡིད་ཐང་ཆད་ཡས་འདྲ་ཅིག་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནད་ལྷ་མ་ཡིན་ཟེར་ཡས་འགྲོ་བ་ཅིག་ཡོའོ་༿ཡོད་༾རེད་བྱས་པ་རེད། ཁོའི་ནང་ལ་སྐྱེས་ན་ཨོའོ་ཙི་མིན་འགྲོ་ཟེར་ན།
- རྒན་མཁས་བཙུནཁོའི་ནང་ལ་སྐྱེས་ན་ཡང་སྐྱིད་པོ་གའི་ཡོའོ་༼ཡོད་༽མ་རེད་བྱས་པ་རེད། ག་རེ་རེད་ཟེར་ན།
- རྒན་མཁས་བཙུནའཐོབ་རྩོད་ཀྱི་སྡུག་བསྔལ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར་ཁོ་ལ་ཡང་ཕར་ཚུར་འཐོབ་རྩོད་བྱས་ཚར་ར་༿ཚར་བ་༾ད་ག་ཨ་ནི་་་་འཐོབ་རྩོད་བྱས་འཐོབ་རྩོད་ཟེར་དུས་ཙམ་པ། ང་རང་ཚོ་ད་ག་ཟེར་ཁ་ནས་ཁ་རྩོད་བརྒྱབ་པའི་བཟོ་འདྲ་ཅིག་མ་རེད་པ།
- རྒན་མཁས་བཙུནའོ་ན་་་་ག་རེ་རེད་ཟེར་ན། དམག་བརྒྱབ་དམག་འཁྲུག་བརྒྱབ་པའི་སྐད་ཆ་ཡོའོ་༿ཡོད་༾རེད། འོང་་་་དམག་འཁྲུག་བརྒྱབ་ཟེར་དུས་ཙ་ནས་ཨ་ནི་་་་ཕན་ཚུན་ལུས་ལ་ཡ་བཏུབ་པ་དང་ཚོན་གྱིས་ཕོག་ནས་ཨ་ནི་་་་ན་ཚ་ཞེ་དྲག་བཟོ་གི་༿ཡི་༾ཡོའོ་༿ཡོད་༾རེད་དེ་འདྲས་ཀྱི་སྡུག་བསྔལ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཨ་ནི་་་་ལྷ་ལ་སྐྱེས་ན་ཨོའོ་ཙི་མེད་འགྲོ་ཟེར་ན། ལྷ་ཟེར་ཡས་དེ་ཡང་ཡག་ག་༿ཡག་པ་༾ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནཨོའོ་་་་ལྷ་ལ་སྐྱེས་ནའི་སྐྱིད་པོ་མ་རེད་ཟེར། ག་རེ་རེད་ཟེར་ན།
- རྒན་མཁས་བཙུནལྷ་ཟེར་ཡས་དེ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར། འོང་་་་ཤི་དུས་ཙ་ནས་ལྷ་ཤི་དགོས་རེད་ཟེར་བྱས་པ་རེད་ད་།
- རྒན་མཁས་བཙུནལྷ་ཤི་ཡས་ཀྱི་སྐབས་ལ་སླེབས་དུས་ཙམ་ནས་ཨ་ནི་་་་ལྷ་ལ་ཡ་སྡུག་བསྔལ་ཞེ་དྲག་ཡོང་གི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ད་ནང་པ་སངས་རྒྱས་པས་ཨོའོ་་་་ཁོང་རང་གིས་ད་ཟེར་དུས་ཙ་ནས་འགྲོ་བ་རིགས་དྲུག་པོ་དེ་གང་དུ་སྐྱེས་ན་ཡང་བདེ་བ་ཟེར་ཡས་དེ་ཡོའོ་༿ཡོད་༾མ་རེད། གང་ག་ལོགས་སྡུག་བསྔལ་གྱི་རང་བཞིན་རེད།
- རྒན་མཁས་བཙུནབྱས་ཙང་ད་དེ་ཚོ་ལས་ཐར་ཡས་ཀྱི་ཐབས་ཤེས་དེ་ག་རེ་བྱེད་རྒྱུ་རེད་ཟེར་ན་ཨ་ནི་་་་ཐར་ཐབས་ཨ་ནི་་་་དམ་པའི་ཆོས་ལ་སློབ་ཚར་ར་༿ཚར་བ་༾ད་ག་འོ་འོ་་་་རིག་པའི་གཞུང་ལུགས་ལ་བརྟེན་ཚར་ར་༿ཚར་བ་༾ད་ག་ཨ་ནི་་་་སོ་སོས་རིག་པ་སྐྱེས། ཤེས་རབ་སྐྱེས།ཤེས་རབ་ལ་བརྟེན་བྱས་ཨ་ནི་་་་རྨོངས་པ་མ་རིག་པ་དེ་ཕར་བཀག བསད་ཨོའོ་་་་རྨོངས་པ་མ་རིག་པ་ད་ལྟ་འཁོར་བ་ལ་འཁོར་རུ་༿དུ་༾བཅུག་མཁན་གྱི་རྨོངས་པ་མ་རིག་ཁོས་ཨ་ནི་་་་ང་རང་ཚོ་ལས་བསགས་རུ་བཅུག་གི་ཡའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནའཁོར་བར་འཁོར་རུ་བཅུག་གི་ཡོའོ་༿ཡོད་༾རེད་ཟེར། འཁོར་བ་ལ་འཁོར་རུ་བཅུག་མཁན་གྱི་རྨོངས་པ་མ་རིག་པ་ཟེར་ཡས་ཁོ་དང་ཁོས་དབང་གིས་བསགས་པའི་ལས་དེ་ཚོ་ཕར་སྲུབ་ནས་ཕར་མེད་པར་བཟོས་ནས་བཀག་ནས་ཨ་ནི་་་་ག་རེ་བྱེད་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་ཅིག་གི་འཁོར་བའི་གནས་སུ་སྐྱེས་མ་དགོས་པ་ཅིག་བཟོ་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར་གྱི་ཡོའོ་༿ཡོད་༾རེད་ད།
- རྒན་མཁས་བཙུནཨོའོ་་་་ད་སྡུག་བསྔལ་ལ་སོགས་པ་ཆོག་དོ་༿མང་པོ༾ཡོའོ་༿ཡོད་༾རེད་ཟེར།ད་གང་ལྟར་འཁོར་བའི་གནས་སུ་སྐྱེས་ན་སྡུག་བསྔལ་ཞེ་དྲག་ཡོའོ་༿ཡོད་༾རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའཁོར་བའི་གནས་སུ་སྐྱེས་ན་སྡུག་བསྔལ་ཞེ་དྲག་ཡོད་པ་དེ་གང་འདྲས་ཟེར་ཧ་གོ་བྱུང་ཟེར་ན།
- རྒན་མཁས་བཙུནདེ་སངས་རྒྱས་ཀྱིས་གསུངས་བཞག་ཟེར། སངས་རྒྱས་ཀྱིས་ག་པར་གསུངས་འདུག་ཟེར་ན།
- རྒན་མཁས་བཙུནསངས་རྒྱས་ཀྱིས་མདོ་དྲན་པ་ཉེར་བཞག་ཟེར་ཡས་དེའི་ནང་གསུངས་བཞག་བྱས་པ་རེད།
- རྒན་མཁས་བཙུནམདོ་དྲན་པ་ཉེར་བཞག་ནང་ག་རེ་གསུངས་འདུག་ཟེར་ན།
- རྒན་མཁས་བཙུནསེམས་ཅན་དམྱལ་བ་དམྱལ་མེས་ཉམས། དུད་འགྲོ་གཅིག་ལ་གཅིག་ཟོས་ཉམས།
- རྒན་མཁས་བཙུནཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། མི་རྣམས་འཚོ་བ་ཐུང་བས་ཉམས། ལྷ་མིན་འཐབ་ཅིང་རྩོད་པས་ཉམས། ལྷ་དག་བག་མེད་པ་ཡིས་ཉམས། འཁོར་བ་ཁབ་ཀྱི་རྩེ་མོ་ན། བདེ་བ་ནམ་ཡང་ཡོད་མ་ཡིན་ཟེར་བྱས་ནས་གསུངས་བཞག་བྱས་པ་རེད།
- རྒན་མཁས་བཙུནའདི་དྲན་པ་ཉེར་བཞག་གི་ཚིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་འགྱུར་རེད་པ། དྲན་པ་ཉེར་བཞག་ཟེར་ཡས་ཀྱི་མདོ་དེའི་ནང་ལོགས་ནས་དེ་འདྲས་གསུངས་འདུག་ག
- རྒན་མཁས་བཙུནདེ་གོ་བདེ་པོ་ཞེ་དྲག་འདུག་ག ད་བཤད་མི་དགོས་པ་བྱས། རྡོག་རྡོག་བྱས་ན་ཉམས་ཟེར་དུས་ཙམ་ནས་གང་ག་ལོགས་ལ་སྡུག་བསྔལ་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནསྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། དམྱལ་བ་ཚོ་སྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནདམྱལ་མེད་ཉམས་བྱས་པ་རེད་པ། དམྱལ་བ་ལ་མེ་ལྕེས་འཚིག་ནས་ཉམས་ཀྱི་ཡོའོ་༿ཡོད་༾རེད་ཟེར་གྱི་ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནདུད་འགྲོ་ལ་སྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། གཅིག་ལ་གཅིག་གིས་ཟ་བྱས་པ་རེད།
- རྒན་མཁས་བཙུནཁོང་རང་ཚོ་ཕར་ཚུར་གཅིག་ལ་གཅིག་གིས་ཟ་གྱི་༿ཡི་༾ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནཡི་དྭགས་ལ་སྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། སྡུག་བསྔལ་ག་རེ་བྱས་བྱས་དཀའ་ལས་ཁག་པོ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནབཀྲེས་ཤིང་སྐོམ་པའི་སྒོ་ནས་ཁོང་ཚོ་དཀའ་ལས་ཁག་པོ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནང་ཚོ་མི་ལ་སྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནའཚོ་བ་ཐུང་བྱས་པ་རེད། འཚོ་བ་ཐུང་ཟེར་དུས་ཙ་ནས་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཚེ་ཐུང་ཐུང་རེད་ཚེ་རིང་པོ་མ་རེད་ཟེར་གྱི་ཡོའོ་༿ཡོད་༾རེད། ཨོའོ་་་་བྱས་ཙང་ཁོས་ཨ་ནི་་་་དེ་གིས་ཚེ་ཐུང་དྲག་ནས་རེད་པ། སྐྱིད་པོ་འདྲ་ཅིག་བྱས་བསམ་པའི་གང་ལ་ཨ་ལས་སྐྱིད་པོ་ཁོ་མ་མ་རག་པ་དཀའ་ལས་ཞེ་པོ་རྒྱག་གི་བསྡད་དེའི་རིང་གང་མི་ཚེ་ཁོ་ཕྱིན་ཚར་སྐྱིད་པོ་བྱེད་ལོང་མ་བྱུང་པ་རེད་བྱས་པ་རེད།
- རྒན་མཁས་བཙུནདེ་འདྲས་ཟེར་ཡལ་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར། འོང་་་་ལྷ་མིན་ཟེར་ཡས་དེ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནའཐབ་རྩོད་ཞེ་པོ་བྱེད་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར། ལྷ་ཟེར་ཡས་དེ་ལ་དཀའ་ལས་ག་རེ་སྡུག་བསྔལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཁོ་བག་མེད་དབང་དུ་ཕྱིན་ཨ་ནི་་་་ཉིན་མ་ཅིག་ཤི་དུས་ཨོའོ་ཨ་ནི་་་་ཁོ་ལ་ཡ་སྡུག་བསྔལ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་ད་མདོར་བསྡུས་ན་འཁོར་བ་ཡིན་ཕྱིན་ཆད་དེ་ལ་འཁོར་བའི་ནང་ལོགས་ལ་གནས་མཁན་གྱི་སེམས་ཅན་ལྷ་ཡོའོ་༿ཡོད་༾རེད། མི་ཡོའོ་༿ཡོད་༾རེད། དུད་འགྲོ་ཡོའོ་༿ཡོད་༾རེད། ཡི་དྭགས་ཡོའོ་༿ཡོད་༾རེད། དམྱལ་བ་པ་ཡོའོ་༿ཡོད་༾རེད་ད་ཁྱེད་རང་ལྷ་ཡིན་ནའང་འདྲ། ཁྱེད་རང་དུད་འགྲོ་བ་ཅིག་ཡིནའང་འདྲ།
- རྒན་མཁས་བཙུནགནས་སྐབས་ཀྱི་སྐྱེ་བ་ཁོ་མི་འདྲ་བ་ཙ་ཅིག་རེད་མ་གཏོགས་ཅིག་གི་ངོ་བོ་འདྲ་པོ་དེ་འཁོར་བར་འཁོར་པ་གཅིག་པ་གཅིག་རྐྱང་རེད་ཟེར།
- རྒན་མཁས་བཙུནའཁོར་བ་པ་ཅིག་ཡིན་དུས་ཙ་ནས་ལས་དང་ཉོན་མོངས་པའི་དབང་ལ་བརྟེན་ནས་སྐྱེས་པ་ཅིག་རེད། དེ་ཡིན་དུས་ཙ་ནས་ད་ཁྱེད་རང་ལ་འདོད་པ་ལྟར་གྱི་བདེ་བ་དེ་འཐོབ་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནའཁོར་བ་ལ་གནས་དུས་ཁྱེད་རང་གི་སེམས་ཀྱི་ནང་ལོགས་ནས་བདེ་བ་ལ་རེ་བ་ག་ཚོད་བྱས་ན་ཡང་སེམས་ཀྱི་ནང་ལོགས་ནས་རེ་བ་བརྒྱབ་པ་ནང་བཞིན་ཅིག་འཐོབ་ཡས་ཡོའོ་༿ཡོད་༾མ་རེད་ཟེར་གྱི་ཡོའོ་༿ཡོད་༾རེད། འོ་ཡག
- རྒན་མཁས་བཙུནསེམས་ཀྱི་ནང་ལོགས་ནས་རེ་བ་བརྒྱབ་པ་ནང་བཞིན་ཅིག་གྲུབ་ཐུབ་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནའོ་ཡག རྒྱུ་མཚན་ག་རེ་རེད་ཟེར་ན། འཁོར་བ་དེ་ཁབ་ཀྱི་རྩེ་མོ་ལ་བསྡད་པ་དང་གཅིག་པ་རེད་ཟེར།
- རྒན་མཁས་བཙུནཁབ་ཀྱི་རྩེ་མོ་ལ་ང་རང་སུས་བསྡད་པ་ཡིན་ན་ཡང་དེའི་སྒང་ལ་བསྡད་པ་ཡིན་ན་བདེ་བ་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནག་རེ་རེད་ཟེར་ན། ཁབ་ཀྱི་རྩེ་མོ་དེ་ཟུག་གི་ཡོའོ་༿ཡོད་༾རེད་པ། ཨོའོ་་་་དེ་དང་གཅིག་པ་རེད།
- རྒན་མཁས་བཙུནའཁོར་བའི་གནས་ལ་གནས་པ་ཡིན་ན་བདེ་བ་གང་ཡང་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནཡིན་ན་ཡང་ཨ་ནི་་་་རྦད་དེ་ཅིག་གི་ང་རང་ཚོ་ཡང་མི་ལུས་འདྲ་པོ་ཅིག་གི་འཐོབ་ཡས་ཀྱི་བརྩོན་ལེན་བྱེད་དགོས་རེད་པ།དེ་བྱེད་དགོས་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནམི་ལུས་དེ་འཐོབ་སོང་ན་དེའི་སྟེང་ནས་དམ་པའི་ཆོས་བསྒྲུབ་ཡས་ཀྱི་དེ་ཡོའོ་༿ཡོད་༾རེད་ཟེར།འོང་་་་ཁེ་ཕན་ཅིག་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཨོའོ་་་་དེ་བསྒྲུབས་ཡས་ཀྱི་ཆེད་དུ་ཨ་ནི་་་་མི་ལུས་ཐོབ་ཡས་ཀྱི་ཆེད་དུ་དཀའ་ལས་རྒྱག་དགོས་རེད་ཟེར། འོ་་་་དེ་འདྲས་རེད་ད། ཞེས་བྱས།
- རྒན་མཁས་བཙུནབདེ་བ་ནམ་ཡང་ཡོད་མ་ཡིན། ཞེས་བྱས་མདོ་དྲན་ཉེར་བཞག་གི་མདོ་དེ་བྱས།
- རྒན་མཁས་བཙུནད་དེ་ནས་སློབ་དཔོན་ཆེན་པོས། ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ག་རེ་གསུངས་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནཐར་མེད་ལས་ཀྱི་གྲོང་འཁྱེར་དྲུག་པོ་དེར། གཅིག་ནས་གཅིག་ཏུ་ཟོ་ཆུན་ཁྱུད་མོ་བཞིན། མཐའ་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ་། ཞེས་དང་ཟེར།
- རྒན་མཁས་བཙུནཨོའོ་་་་དེ་ག་རེ་གསུངས་པ་རེད་ཟེར་ན།སློབ་དཔོན་པདྨ་འབྱུང་གནས་ཀྱིས།
- རྒན་མཁས་བཙུནང་རང་ཚོ་མཐའ་མེད་ལས་ཀྱི་གྲོང་འཁྱེར་དྲུག་པོ་དེར་ཟེར། ཨ་ནི་་་་ང་རང་ཚོའི་དེ་རེད་པ། འགྲོ་བ་རིགས་དྲུག་ཅིག་ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནའགྲོ་བ་རིགས་དྲུག་པོ་དེ་གྲོང་འཁྱེར་དྲུག་གི་གཟུགས་སུ་བཀོད་པ་རེད་ད་གྲོང་འཁྱེར་གཟུགས། གྲོང་འཁྱེར་གྱི་དཔེ་ལ་བཀོད་པ་རེད་ད།
- རྒན་མཁས་བཙུནགྲོང་འཁྱེར་ཆེན་པོ་ཅིག་དྲུག་ཡོད་པ་དང་གཅིག་པ་རེད་ཟེར་འགྲོ་བ་རིགས་དྲུག་པོ་སོ་སོ་འགྲོ་བ་དྲུག་པོ་དེ་གྲོང་འཁྱེར་ཅིག་དང་འདྲ་བ་རེད་ཟེར།
- རྒན་མཁས་བཙུནག་རེ་རེད་ཟེར་ན། ཨོའོ་་་་གྲོང་འཁྱེར་དེའི་ནང་ལོགས་ལ་སྡུག་བསྔལ་སྣ་མིན་སྣ་ཚོགས་མྱོང་དགོས་ཀྱི་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནརང་རང་སོ་སོའི་གྲོང་འཁྱེར་མི་འདྲ་བ་དྲུག་ཡོའོ་༿ཡོད་༾རེད་པ། ཨོའོ་་་་གྲོང་འཁྱེར་དྲུག་པོ་དེའི་ནང་ལོགས་ལ་སྡུག་བསྔལ་ཞེ་པོ་མྱོང་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཨ་ནི་་་་ང་རང་ཚོ་ལུས་མ་བླངས་པ་ནི་མ་རེད་ལུས་ཆོག་དོ་༿མང་པོ་༾བླངས་ཡོའོ་༿ཡོད་༾རེད་ཟེར་སྐྱེ་བ་ཆོག་དོ་༿མང་པོ་༾བླངས་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནསྐྱེ་བ་དེ་ཚོ་གང་ག་ལོགས་གཅིག་ནས་གཅིག་ཏུ་རྦད་དེ་ཆུད་ཟོད་དང་འཕྲོ་བརླག་ལ་རྐྱང་རྐྱང་བཏང་བཞག་པ་མ་གཏོགས་སྐྱེ་བ་གཅིག་གི་རིང་གང་ལ་དམ་པའི་ཆོས་གྲུབ་ནས་དོན་དང་ལྡན་པའི་སྐྱེ་བ་གཅིག་ཡའི་༿ཀྱང་༾བྱུང་མྱོང་མི་འདུག་ཟེར་སྔོན་མ་ནས།
- རྒན་མཁས་བཙུནཨོའོ་་་་ད་རྗེས་མ་ནས་དེ་འདྲས་བྱས་པ་ཡིན་ན་འགྲིག་གི་མ་རེད་ཟེར། ཨོའོ་་་་ད་དུང་ནས་མུ་མཐུད་སྐྱེ་བ་དེ་ཆོ་མེད་པའི་སྐྱེ་བ་གཅིག་བླངས་བསྡད་
- རྒན་མཁས་བཙུནཨ་ནི་་་་སྐྱེ་བ་དེ་དོན་མེད་པའི་སྐྱེ་བ་གཅིག་ལ་བཏང་བཞག་སོང་ན། ག་རེ་བྱེད་ཀྱི་རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་མཐའ་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། ཨ་ནི་་་་འཁོར་བ་དེར་ད་དུང་ཡའི་༿ཡང་༾མུ་མཐུད་ནས་གནས་དགོས་ཀྱི་རེད།
- རྒན་མཁས་བཙུནམཐའ་མ་ཁྱོན་ནས་མེད་པ་ཅིག་ཆགས་ཀྱི་རེད། བྱས་ཙང་དེ་ནི་དེ་འདྲས་ཀྱི་གནས་སྐབས་ལ་གནས་དགོས་སོང་ན།
- རྒན་མཁས་བཙུནམྱ་ང་བ་དང་ཐབས་སྐྱོ་པོ་ཞེ་དྲག་རེད་ཟེར། ཨ་ནི་་་་སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་ཁོང་རྣམས་ཚོ་ཐུགས་སྐྱོ་པ་རེད་བྱས་པ་རེད།
- རྒན་མཁས་བཙུནཨོའོ་་་་ད་ཁོང་ཚོ་དམ་པ་དེ་ཚོ་ཐུགས་སྐྱོ་དུས་ཙ་ནས་སྐྱོ་སའི་གནས་དེ་ཡག་ག་༿ཡག་པ་༾ཅིག་མིན་པའི་རྟགས་རེད་པ།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་ཁོས་ད་ཡག་ག་༿ཡག་པ་༾མིན་པ་ཅིག་དང་ཐབས་སྐྱོ་པོ་དེ་ང་རང་ཚོས་བྱས་ན་འགྲིག་གི་མ་རེད་ཟེར་བྱས་ནས་ཨོའོ་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་དེ་སློབ་དཔོན་པདྨའི་གསུངས་བྱས།
- རྒན་མཁས་བཙུནལྷོ་བྲག་མར་པས། ཡང་དེ་རྗེ་བཙུན་ལྷོ་བྲག་མར་པའི་ཨ་ནི་་་་ཡང་དགོངས་པ་ཅིག་ལུང་དྲངས་པ་རེད།
- རྒན་མཁས་བཙུནཞབས་དཀར་བས་སྐབས་དེ་དུས་ཁོང་ཚོ་ཆོས་གསུངས་ས་ཁོང་ཚོ་ལ་ཨོའོ་་་་ཁོང་རང་གིས་གསུངས་པའི་ཆོས་དེ་ཨ་ནི་་་་རྦད་དེ་ཅིག་གི་སྐྱེས་བུ་དམ་པ་རྣམས་ཀྱིས་དགོངས་པ་ཡིན་པ།
- རྒན་མཁས་བཙུནཨོའོ་་་་སངས་རྒྱས་དང་དགོངས་པ་གཅིག་ཡིན་པ། ཨོའོ་་་་དེ་ར་སྤྲོད་བཏང་ཡས་ཀྱི་ཆེད་དུ་ལུང་དེ་ཚོ་མར་དྲངས་པ་རེད་པ།
- རྒན་མཁས་བཙུནཨོའོ་་་་ལུང་དེ་ཚོ་དྲངས་དུས་ཙམ་ནས་ཁོང་རང་གིས་གསུངས་པའི་ཆོས་དེ་ཡང་སངས་རྒྱས་རང་གིས་ཨ་ནི་་་་གསུངས་པའི་ཆོས་དང་འགལ་བ་མེད།
- རྒན་མཁས་བཙུནཨོའོ་་་་ནང་དོན་གཅིག་པ་ཡིན་ཨོའོ་་་་དེ་གསུངས་ཡས་ཀྱི་ཆེད་དུ་ཨ་ནི་་་་ལུང་མང་པོ་སྐྱེས་བུ་དམ་པ་རྣམས་ཀྱི་ལུང་མང་པ་དྲངས་པ་རེད།
- རྒན་མཁས་བཙུནད་ལྷོ་བྲག་མར་པའི་ལུང་གཅིག་ཡང་དྲངས་འདུག་ག
- རྒན་མཁས་བཙུནཨོང་་་་བུ་ཡིས་ཟེར། དེ་ལྷོ་བྲག་མར་པས་གསུངས་པ་རེད་ད།
- རྒན་མཁས་བཙུནབུ་ཡིས་འཁོར་བའི་སྡུག་བསྔལ་སོམས། འཁོར་བའི་རང་བཞིན་འདི་འདྲ་ཞེས། བདག་གིས་ལས་བརྒྱར་རབ་སྤྲུལ་ནས། བསྐལ་བ་བྱེ་བ་བསམ་ཡས་སུ། བཤད་ཀྱང་བརྗོད་ཀྱི་མི་ལང་བས། ངས་བཤད་དམ་ཆོས་ཆུད་མ་ཟོན།ཞེས་གསུངས་ཟེར།
- རྒན་མཁས་བཙུནད་ལྷོ་བྲག་མར་པས་ག་རེ་གསུངས་པ་རེད་ཟེར་ན།
- རྒན་མཁས་བཙུནབུ་ཁྱེད་རང་གིས་ཟེར་ད་དེ་གདམས་ངག་དེ་རྗེ་བཙུན་མི་ལ་གསུངས་ཡོད་འགྲོ་ཅིག་གི་གང་ལྟར་ལྷོ་བྲག་མར་པ་ལ་སློབ་མ་ཡོའོ་༿ཡོད་༾རེད་སློབ་མ་མང་པོ་ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནད་སློབ་མ་ཅིག་ལ་གསུངས་འདུག་ག བུ་ཁྱེད་རང་གིས་ག་རེ་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནའཁོར་བའི་སྡུག་བསྔལ་ལ་བསམ་བློ་མང་པོ་བཏང་ཤོག་ཨ་ཟེར། འཁོར་བའི་སྡུག་བསྔལ་ལ་བསམ་བློ་མང་པོ་མ་བཏང་ན།
- རྒན་མཁས་བཙུནཁྱེད་རང་གི་སེམས་ཀྱི་ནང་ལོགས་ལ་ཆོས་བྱེད་ཡས་ཀྱི་འདོད་པ་ཆེན་པོ་ཞེ་དྲག་སྐྱེས་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནའཁོར་བའི་སྡུག་བསྔལ་ལ་བསམ་བློ་མང་པོ་བཏང་སོང་ན་ཨ་ནི་་་་ཆོས་ལ་ཡ་བྱེད་འདོད་ཞེ་དྲག་སྐྱེས་ཀྱི་རེད་ཟེར།
- རྒན་མཁས་བཙུནཆོས་བྱེད་འདོད་སྐྱེས་སོང་ན་ཨ་ནི་་་་ཆོས་དངོས་སུ་བྱེད་ཀྱི་རེད་པ། ཆོས་དངོས་སུ་བྱས་སོང་ན་ཨ་ནི་ཆོས་ཀྱི་ནང་ལོགས་ནས་བཤད་པའི་ཡོན་ཏན་དང་འབྲས་བུ་དེ་ཚོ་ཁྱེད་རང་ལ་ཐོབ་ཀྱི་རེད་པ།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་ཀྱི་ཕན་ཡོན་ཡོའོ་༿ཡོད་༾རེད་བྱས་ཙང་སྔོན་ལ་ཡ་ཆོས་བྱེད་ཡས་ཀྱི་ཆ་རྐྱེན་ལ། ཆོས་ད་ལྟ་བྱེད་རུ་མ་བཅུག་མཁན་དེ་སུ་རེད་ཟེར་ན། ང་ད་ལྟ་འཁོར་བ་ལ་དགའ་དྲག།འཁོར་བའི་སྡུག་བསྔལ་ལ་བསམ་བློ་མ་བཏང་ཙང་།
- རྒན་མཁས་བཙུནའཁོར་བ་ལ་དགའ་བའི་བསམ་པ་ཁོས་འཁོར་ལ་འཁྲིད་ནས་ཆོས་བྱེད་ཀྱི་ཡོའོ་༿ཡོད་༾རེད། ད་བྱས་ཙང་འཁོར་བ་དེ་སྡུག་བསྔལ་གྱི་རང་བཞིན་ཡིན་པར་བསམ་བློ་བཏང་ཚར་ར་༿ཚར་བ་༾ད་ག་འཁོར་བའི་སྡུག་བསྔལ་དེ་ཚོ་མང་པོ་བསམས་སོང་ན།
- རྒན་མཁས་བཙུནཨ་ནི་་་་ཆོས་བྱེད་འདོད་ལངས་ཀྱི་རེད། ཆོས་བྱེད་འདོད་སྐྱེས་ཀྱི་རེད།ཨོའོ་་་་དེ་སྐྱེས་སོང་ན་ཆོས་བྱེད་ཀྱི་རེད་པ།
- རྒན་མཁས་བཙུནཕན་ཐོགས་ཀྱི་རེད་པ། ཨོའོ་་་་བྱས་ཙང་ཁོས་འཁོར་བའི་སྡུག་བསྔལ་བསམ་བློ་མང་པོ་བཏང་ཤོག་ཨ་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོང་་་་འཁོར་བའི། བསམ་བློ་གང་འདྲས་ཟེར་བཏང་དགོས་རེད་ཟེར་ན།
- རྒན་མཁས་བཙུནའཁོར་བ་ལ་སྡུག་བསྔལ་སྣ་མིན་སྣ་ཚོགས་མང་པོ་ཞེ་དྲག་ཡོའོ་༿ཡོད་༾རེད་བསམ་བློ་ག་ནས་བཏང་བཏང་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད་ད།
- རྒན་མཁས་བཙུནཨོའོ་ཨ་ནི་་་་འཁོར་བའི་སྡུག་བསྔལ་སྡུག་བསྔལ་གང་ག་ལོགས་ངས་འཁོར་བའི་རང་བཞིན་འདི་འདྲ་ཞེས་འདི་འདྲས་རེད་ཟེར་བྱས་བྱས།
- རྒན་མཁས་བཙུནཆ་ཚང་བཤད་དགོས་བྱུང་ན་ངས་བཤད་ཐུབ་ཀྱི་མ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད་ད།
- རྒན་མཁས་བཙུནའཁོར་བའི་སྡུག་བསྔལ་མང་པོ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར། འོ་་་་བདག་གིས་ལྕེ་བརྒྱར་རབ་སྤྲུལ་ནས།
- རྒན་མཁས་བཙུནངའི་ཁ་དེའི་ནང་ལ་ལྕེ་བརྒྱ་ཐམ་པ་སྤྲུལ་ཨ་ནི་་་་ལྕེ་བརྒྱ་ཐམ་པ་སྤྲུལ་བྱས་འཁོར་བའི་སྡུག་བསྔལ་མང་པོ་བཤད་ན་ཡང་ངས་བཤད་ཐུབ་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནའཁོར་བའི་སྡུག་བསྔལ་མང་པོ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར། འོང་ཨ་ནི་་་་དུས་ཚོད་ཡིན་ན་བསྐལ་བ་མང་པོའི་རིང་གང་ངས་བཤད་ན་ཡང་།
- རྒན་མཁས་བཙུནའོང་་་་འཁོར་བའི་སྡུག་བསྔལ་རྫོགས་ཀྱི་མ་རེད་བྱས་པ་རེད། འཁོར་བའི་སྡུག་བསྔལ་མང་པོ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནའོང་་་་བྱས་ཙང་ད་གང་ལྟར་ཁྱེད་རང་གིས་འཁོར་བའི་སྡུག་བསྔལ་ག་ནས་བཙལ་བཙལ་རེད། འཁོར་བའི་སྡུག་བསྔལ་བསམ་བློ་ག་རེ་བཏང་བཏང་རེད།
- རྒན་མཁས་བཙུནཆོག་དོ་༿མང་པོ་༾ཡོའོ་༿ཡོད་༾རེད་ཟེར་སྡུག་བསྔལ་ཅིག་བསམ་བློ་གཏོང་ཤོག་ཟེར་གྱི་ཡོའོ་༿ཡོད་༾རེད་ད།
- རྒན་མཁས་བཙུནའོང་་་་བཤད་ཀྱང་བརྗོད་ཀྱི་མི་ལང་བས་ངས་བཤད་དམ་ཆོས་ཆུད་མ་ཟོན་ཟེར།
- རྒན་མཁས་བཙུནཨ་ནི་་་་ངས་ཁྱེད་རང་ལ་བཤད་བཞག་པའི་དམ་པའི་ཆོས་ཅིག་ཡོད་པ་འོ་་་་དེ་འཁོར་བའི་སྡུག་བསྔལ་སྤོངས་ཡས་༿བྱེད་༾ཀྱི་ཐབས་ཤེས་རེད།
- རྒན་མཁས་བཙུནའཁོར་བའི་སྡུག་བསྔལ་སྤོངས་ཡས་ཀྱི་ཐབས་ཤེས་སུ་བཤད་པའི་ངས་ཆོས་དེ་དམ་པའི་ཆོས་དེ་ཁྱེད་རང་གིས་ཆུད་ཟོད་མ་བཏང་པ་བྱས།
- རྒན་མཁས་བཙུནའཕྲོ་བརླག་ལ་མ་བཏང་པ་བྱས། ཡག་པོ་བྱས་བྱས་སེམས་ཀྱི་ནང་ལོགས་ལ་ཉར་ནས་ཁོས་ཨ་ནི་་་་རྦད་དེ་འཁོར་བ་སྤངས་ཡས་ཀྱི་ཐབས་ཤེས་གང་ཐུབ་ཐུབ་བྱེད་ཞུ་ཨ་་་་ཟེར་བྱས་ནས་གསུངས་པ་རེད། ལྷོ་བྲག་མར་པས།
- རྒན་མཁས་བཙུནའོང་་་་གསུངས་པ་བཞིན་འཁོར་བའི་སྡུག་བསྔལ་བཤད་ན་བརྗོད་ཀྱི་མི་ལངས་བས་ཨོའོ་་་་ད་འཁོར་བའི་སྡུག་བསྔལ་མང་པོ་བཤད་ཀྱི་བསྡད་ན་ད་བཤད་ཚར་ཡས་མི་འདུག་ཟེར་བྱས་པ་རེད།
- རྒན་མཁས་བཙུནམདོར་ན་ད་བསམ་བློ་གང་འདྲས་ཟེར་བཏང་དགོས་རེད་ཟེར་ན།
- རྒན་མཁས་བཙུནཁམས་གསུམ་འཁོར་བ་འདིའི་ནང་གི་ཨ་ནི་་་་རྦད་དེ་ཅིག་གི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས་རེད་བཞག་ཟེར་བྱས་ནས་བསམ་བློ་བཏང་དགོས་རེད་ཟེར།
- རྒན་མཁས་བཙུནཨེ་་་་ཡང་ང་རང་ཚོ་མི་འགའ་ཤས་ཀྱི་ང་རང་ད་ལྟ་སྤྲང་པོ་ཡིན་དའི་༿ཀྱང་༾ང་རྒྱལ་པོ་ཅིག་བྱེད་རྒྱུ་བྱུང་ན་སྐྱིད་པོ་ཞེ་པོ་ཅིག་ཡོང་པ་བསམ་མདོག་ཁ་པོ་རེད་ཟེར།
- རྒན་མཁས་བཙུནཡང་རྒྱལ་པོ་འགའ་ཤས་དཀའ་ལས་ཞེ་པོ་ཁ་དུས་ཙམ་ནས་ཨ་ནི་་་་ད་ང་མི་ཕལ་པ་ཅིག་བྱེད་རྒྱུ་བྱུང་ན་བསམས་མདོག་ཁ་པོ་རེད་ཟེར།
- རྒན་མཁས་བཙུནགང་ག་ལོགས་ཀྱིས་མཐོ་ས་ནས་བལྟ་དུས་མ་གའི་བདེ་བ་ཡོད་པའི་བཟོ་འདྲ་ཅིག
- རྒན་མཁས་བཙུནདམའ་ས་ཁོང་ཚོ་ནས་བལྟ་དུས་ཡ་གའི་བདེ་བ་ཡོད་པའི་བཟོ་འདྲ་ཅིག་རེད།ཟེར་ད།
- རྒན་མཁས་བཙུནཡིན་ན་ཡང་ག་པར་བསྡད་ན་ཡང་བདེ་བ་ཡོའོ་༿ཡོད་༾མ་རེད་ཟེར། བྱས་ཙང་འཁོར་བའི་གནས་ཟེར་ཡས་ཁོ་དེ་འདྲས་འདྲ་ཅིག་རེད།
- རྒན་མཁས་བཙུནཁོ་ལ་བདེ་བ་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། འོང་། འོང་་་་ད་བདེ་བ་ཡོའོ་༿ཡོད་༾མ་རེད་བསམས་པའི་བསམ་བློ་གཏོང་དགོས་རེད་ཟེར།
- རྒན་མཁས་བཙུནསུ་དང་འགྲོགས་ཀྱང་སྡུག་བསྔལ་ཀྱི་གྲོགས་རེད་ཟེར། ད་ངས་གྲོགས་པོ་འདྲ་ཅིག་འཚལ་ག་༿བར་༾ཕྱིན་ནས་ཁོས་ཨ་ནི་་་་ང་ལ་རོགས་པ་བྱེད་ཀྱི་རེད།
- རྒན་མཁས་བཙུནཁོས་ཨ་ནི་་་་ང་ལ་ཕན་ཐོགས་ཀྱི་རེད་ཨོའོ་་་་ཤི་དུས་སྒང་ལ་ཁོས་ཕན་ཐོགས་ཀྱི་རེད་བསམ་བསམས་བྱས་པ་ཡིན་ན་ཤི་དུས་ཁོས་ཕན་ཐོགས་ཀྱི་མ་རེད་བྱས་པ་རེད།
- རྒན་མཁས་བཙུནཤི་དུས་གྲོགས་པོས་ཕན་ཐོགས་ཀྱི་མ་རེད་ཟེར། ཤི་དུས་སྤུན་ཀྱག་༿སྤུན་མཆེད་༾གིས་༿གྱིས་༾ཕན་ཐོགས་ཀྱི་མ་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ཤི་དུས་ཨ་ནི་་་་རྦད་དེ་ཅིག་གི་སུ་གཅིག་གིས་ཕན་ཐོགས་ཀྱི་མ་རེད་ཟེར། འོང་ཡག ཨོའོ་བྱས།
- རྒན་མཁས་བཙུནཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་ཀྱི་ལོངས་སྤྱོད་རེད་བཞག་བསམ་བྱས་བསམ་བློ་དེ་འདྲས་གཏོང་དགོས་རེད།ཟེར།
- རྒན་མཁས་བཙུནད་ངས་ད་ལྟ་ཅིག་གི་བདེ་སྤྱོད་གཏོང་ཡས་ཀྱི་ཅིག་གི་ང་རང་གི་ཆེད་དུ་ཨ་ནི་་་་ང་རང་ལ་ཡ་ཅིག་གི་ག་རེ་ཟེར་དགོས་རེད།
- རྒན་མཁས་བཙུནང་ལ་ཁང་པ་དགོས་ཀྱི་འདུག་ཨ་ནི་་་་རྦད་དེ་ང་ལ་ཡ་ཅིག་གི་བསྡད་ས་དང་ཅིག་གི་མང་པོ་དགོས་ཀྱི་འདུག་ཟེར་གྱི་ཡོའོ་རེད་པ།
- རྒན་མཁས་བཙུནལོངས་སྤྱོད་མང་པོ་དགོས་ཀྱི་འདུག་ཟེར་གྱི་ཡོའོ་རེད་པ།དེ་ག་རེ་རེད་ཟེར་ན་ང་བདེ་བ་མྱང་ཡས་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནདེའི་སྒང་ནས་ཁྱེད་རང་ལ་བདེ་བ་འཐོབ་ཀྱི་མ་རེད་བྱས་པ་རེད།
- རྒན་མཁས་བཙུནལོངས་སྤྱོད་མང་རུ་མང་རུ་འགྲོ་དུས་ཙམ་ནས་སེམས་དེའི་ནང་ལ་སེམས་འཁྲལ་ཆེ་རུ་ཆེ་རུ་འགྲོ་བ་རེད་བྱས་པ་རེད།
- རྒན་མཁས་བཙུནའཆར་གཞི་མང་རུ་མང་རུ་ཕྱིན་ལས་ཀ་དཀའ་ལས་ཁག་རུ་ཁག་རུ་འགྲོ་བ་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་། ཁོས་ཨ་ནི་་་་ཆོས་བྱེད་ལོངས་ཡོའོ་༿ཡོད་༾མ་རེད་བྱས་པ་རེད། ཨ་ནི་་་་ངའི་གདན་དེ།
- རྒན་མཁས་བཙུནངའི་ཁང་པ་དེ། ངའི་མོ་ཌ་༼རླངས་འཁོར་༽དེ་ཟེར་གྱིན་བསྡད་ནས་ཨ་ནི་་་་བསམ་བློ་གང་ག་ཕྱི་ལོགས་ལ་ཕྱིན་པ་རེད་བྱས་པ་རེད།
- རྒན་མཁས་བཙུནཨོའོ་ཨ་ནི་་་་ཆོས་ཡོའོ་༿ཡོད་༾མ་རེད་ཟེར་ར་རེད། བྱེད་ལོངས་མི་འདུག་བྱས་པ་རེད།
- རྒན་མཁས་བཙུནའོང་་་་བྱས་ཙང་དེ་འདྲས་འཁོར་བའི་ད་དེ་ཚོ་ལ་ཆགས་ཀྱི་བསྡད་ན་དེ་ནི་ཆོས་ཡོང་ཡས་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནབྱ་བ་ཅི་བྱས་ཀྱང་སྡུག་བསྔལ་བྱ་བ་ཅི་བྱས་ཀྱང་སྡུག་བསྔལ་བསྒྲུབ་པའི་ཐབས་འབའ་ཞིག་ལས་མི་འདུག་པས།ཟེར།
- རྒན་མཁས་བཙུནངས་ད་ལྟའི་ང་རང་ཆོས་བསམ་བློ་མ་འཁོར་བའི་སྐབས་ལ་ངས་བྱེད་ཡས་ཅིག་ཡོའོ་༿ཡོད་༾རེད་པ།བྱ་བ་མ་བྱས་པ་ངས་བསྡད་ཀྱི་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནཉིན་ལྟར་རེ་ཞིག་བྱ་བ་བྱེད་ཀྱི་ཡོའོ་༿ཡོད་༾རེད་དའི་བྱས་པའི་བྱ་བ་དེའི་ཚོའི་ངོ་ལ་འདུག་བཟོ་བརྟག་དཔྱད་ཅིག་བྱེད་དུས་ཙ་ནས་བྱ་བ་དེ་ཚོ་འགང་ག་༿ཚང་མ་༾ངས་མི་དགེ་བ་རྐྱང་རྐྱང་ཅིག་བྱེད་ཀྱི་འདུག་ཟེར།
- རྒན་མཁས་བཙུནཡང་མིན་ན་གཞན་དག་ལ་བསད་ཡས་ཀྱི་གནོད་པ་བསྐྱལ་གྱི་འདུག ཡང་མིན་ན་གཞན་དག་ལ་ཁ་ངན་པ་ཞེ་པོ་བཏང་གི་འདུག
- རྒན་མཁས་བཙུནཡང་མིན་ན་ངས་གཞན་དག་ལ་མགོ་བསྐོར་བཏང་བྱས་ཚིག་རྫུན་ཚིག་སྐྱག་བརྫུན་བཤད་ཀྱི་འདུག
- རྒན་མཁས་བཙུནརེད་པ། ཨོའོ་་་་ད་གང་ལྟར་ངས་སེམས་ཀྱི་ནང་ལོགས་ནས་ཨེ་་་་མང་པོ་ཅིག་བསམ་བློ་བཏང་གི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནལུས་པོ་དེ་གིས་༿ཡིས་༾བྱ་བ་མང་པོ་ཅིག་བྱེད་ཀྱི་ཡོའོ་༼ཡོད་༽རེད། ཡར་རྒྱུགས་མར་རྒྱུགས་ཕར་རྒྱུགས་ཚུར་རྒྱུགས་མང་པོ་ཅིག་བྱེད་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་ཁ་དེ་ནས་སྐད་ཆ་མང་པོ་ཅིག་བཤད་ཀྱི་ཡོའོ་༿ཡོད་༾རེད། བསམ་བློ་འདུག་བཟོ་བཏང་དུས་ཙ་ནས་ཕན་ཐོགས་པ་བྱེད་ཀྱི་མི་འདུག་ཟེར།
- རྒན་མཁས་བཙུནཨ་ནི་་་་སོ་སོས་སོ་སོ་ལ་བརྟག་དཔྱད་བྱེད་དགོས་རེད་ཟེར། འོང་། མི་འདུག་པས་ཟེར།
- རྒན་མཁས་བཙུནད་ནག་ཅན་བཙོན་དོང་ནས་བྲོས་པ་ལྟར་ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འོང་ལས་ཉོན་གྱི་རྦ་ཀློང་ཆེན་པོ་དྲག་ཏུ་འཁྲུག་ཅིང་ཟེར།
- རྒན་མཁས་བཙུནད་ཅིག་གི་གང་འདྲས་འདྲ་པོ་ཅིག་རེད་ཟེར་ན།
- རྒན་མཁས་བཙུནནག་ཅན་བཙོན་དོང་ནས་བྲོས་པ་ལྟར་། ད་སེམས་ཀྱི་ནང་ལོགས་ལ་གང་འདྲས་ཅིག་དགོས་རེད་ཟེར་ན།
- རྒན་མཁས་བཙུནཨོའོ་་་་དཔེར་ན་མི་མི་ཅིག་ཉེས་པོ་འདྲ་པོ་བྱས་པ་ཡིན་ན་ཨ་ནི་་་་བཙོན་ཁང་ལ་བླུགས་ཀྱི་རེད་པ།
- རྒན་མཁས་བཙུནབཙོན་ཁང་ལ་བླུགས་སོང་ན་ད་ཁོ་བཙོན་ཁང་ལ་སྐྱིད་པོ་ཡོའོ་༿ཡོད་༾མ་རེད་པ།
- རྒན་མཁས་བཙུནབཙོན་ཁང་ལ་སྐྱིད་པོ་མེད་དུས་ཙ་ནས་ཁོ་བཙོན་ཁང་གིས་ནང་ལོགས་ནས་ཐར་ན་བསམ་བྱས་ཉིན་མ་མང་པོ་བསམ་བློ་བཏང་། ཉིན་མཚན་མེད་པར་དེ་ནས་ག་དུས་བྲོས་ཐར་ཡོང་བསམ་ནས་བྲོས་ཡས་ཀྱི་བསམ་བློ་ཞེ་པོ་བཏང་གི་རེད་པ།
- རྒན་མཁས་བཙུནདེ་ནས་བྲོས་འགྲོ་ཡས་ཀྱི་བསམ་བློ་བཏང་གི་རེད་པ། ཨོའོ་་་་དེ་ནང་བཞིན་ཨ་ནི་་་་ང་རང་ཚོ་ཡང་འཁོར་བའི་གནས་ཟེར་ཡས་དེ་བཙོན་ཁང་དང་གཅིག་པ་རེད་བཞག
- རྒན་མཁས་བཙུནདེའི་ནང་ལ་བསྡད་ན་དཔེ་བསགས་སོང་ང་དེར་ཡུན་རིང་པོ་བསྡད་རྒྱུ་མེད་འདུག དེ་ནས་བྲོས་ཐར་ཆོག་ན་བསམ་བྱས།
- རྒན་མཁས་བཙུནདེ་ནས་བྲོས་ཡས་ཀྱི་བསམ་བློ་བཏང་དགོས་རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོང་་་་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཨ་ནི་་་་རྦད་དེ་ཉོན་མོངས་པའི་རྦ་རླབས་དེ་ཚོ་འཁྲུག་ནས་ཨ་ནི་་་་ཁྱེད་རང་དཀའ་ལས་ཞེ་པོ་བཟོ་གི་༿ཡི་༾ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནཨོའོ་་་་དེ་འདྲས་ཀྱི་ད་རྦ་རླབས་འཁྲུག་པ་དེའི་ནང་ལོགས་ནས་ཨ་ནི་་་་ཁྱེད་རང་ཐར་ར་དགོས་ཀྱི་ཡོའོ་༿ཡོད་༾རེད། ད་བྲོས་དགོས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནསྡུག་བསྔལ་གསུམ་གྱི་ཆུ་སྲིན་འཇིགས་སུ་རུང་བས་གང་བ་འདི་ལས་ཐར་པ་ཞིག་བྱ་དགོས། དེ་ཡང་རང་ཉིད་གཅིག་པུ་ཐར་བ་ཙམ་གྱིས་མི་ཆོག་པར་སེམས་ཅན་ཐམས་ཅད་ཀྱང་ཚེ་རབས་སྔོན་མའི་དྲིན་ཅན་གྱི་ཕ་མ་ཡིན་པས་འདི་དག་རྣམས་ཀྱང་འཁོར་བ་ལས་སྒྲོལ་དགོས།
- རྒན་མཁས་བཙུནད་དེ་རེད་འདུག་གཱ། ད་འཁོར་བ་དེ་སྡུག་བསྔལ་ནང་བཞིན་རེད་ང་འདི་ནས་ཐར་ར་༿བ་༾ཅིག་བྱས་ན་མ་གཏོགས་འགྲིག་མ་སོང་བསམ་ནས། དེ་བསམ་བློ་དེ་སུའི་ཆེད་དུ་བཏང་གི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནང་གཅིག་ཟེར་གྱི་ཡོའོ་༿ཡོད་༾རེད་པ། ང་རང་ཐར་གྱི་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནང་རང་འདི་བྲོས་ཀྱི་ཡིན་ང་དེ་སྡུག་བསྔལ་མི་དགོས་ང་སྡུག་བསྔལ་འདི་ལས་ཐར་ར་༿བ་༾ཅིག་བྱེད་ཀྱི་ཡིན། སོ་སོ་སྡུག་བསྔལ་ལ་བཞེད་པ་རེད་པ།
- རྒན་མཁས་བཙུནད་སོ་སོ་གཅིག་པུ་བྲོས་ཕྱིན་ན་ཡག་པོ་རེད་པས་མི་དྲིན་ཅན་གྱི་ཕ་མ་དང་ཅིག་གི་དེ་ཚོ་ཡ་མ་པ་བྱས་གཡུགས་བཞག་ནས་སོ་སོ་གཅིག་པུ་ཐར་པ་ལ་ཕྱིན་ན་ཡག་པོ་རེད་པས་ཟེར་ན།
- རྒན་མཁས་བཙུནདེ་མ་རེད་བྱས་པ་རེད། ད་བསམ་བློ་ག་རེ་བཏང་དགོས་རེད་ཟེར་ན། རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཆོག
- རྒན་མཁས་བཙུནབྲོས་པས་ཆོག་གི་མ་རེད་ད། སོ་སོ་གཅིག་པུ་བསམ་བློ་བཏང་ན་ཡག་པོ་མ་རེད། ད་བསམ་བློ་ག་རེ་བཏང་དགོས་རེད་ཟེར་ན།
- རྒན་མཁས་བཙུནའགང་ག་༿ཚང་མ་༾ལོགས་ལ་སྡུག་བསྔལ་གཅིག་པ་རེད་ང་ལ་སྡུག་བསྔལ་ཡོད་པ་ནང་བཞིན་ཁོ་ལ་ཡང་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཁོ་ལ་ཡང་ཡོའོ་༿ཡོད་༾རེད། ཁོ་ལ་ཡང་ཡོའོ་༿ཡོད་༾རེད་བསམ་བྱས་འགང་ག་༿ཚང་མ་༾ལོགས་ལ་སྡུག་བསྔལ་ཡོའོ་༿ཡོད་༾རེད་ད།
- རྒན་མཁས་བཙུནཨོའོ་་་་ད་འགང་ག་༿ཚང་མ་༾ལོགས་ལ་སྡུག་བསྔལ་ཟེར་ཡས་དེ་ནི་ང་ལ་མི་དགོས་པ་ནང་བཞིན་ཁོ་ལ་ཡང་སྡུག་བསྔལ་མི་དགོས་པ་རེད།
- རྒན་མཁས་བཙུནཁོ་ལ་ཡང་མི་དགོས་རེད་མི་དགོས་རེད་།འགང་ག་༿ཚང་མ་༾ལོགས་ལ་སྡུག་བསྔལ་མི་དགོས་རེད།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་ད་ངས་འགང་ག་༿ཚང་མ་༾ལོགས་ཀྱི་སྡུག་བསྔལ་དེ་ཚོ་ཕར་བཀག་ཐུབ་པ་ཅིག་བྱེད་ཀྱི་ཡིན་བསམས་བྱས།ཨ་ནི་་་་ཆོས་ཉན་དགོས་རེད་ཟེར་གྱི་ཡོའོ་༿ཡོད་༾རེད་དཱ།
- རྒན་མཁས་བཙུནའོང་་་་སེམས་ཅན་ཐམས་ཅད་ཚེ་རབས་སྔོན་མའི་ཨ་ནི་་་་རྦད་དེ་དྲིན་ཅན་གྱི་ཕ་མ་ཡིན་པས་ཟེར།
- རྒན་མཁས་བཙུནནང་པ་སངས་རྒྱས་པས་དེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ང་རང་ཚོའི་ཨེ་་་་སེམས་ཅན་འགང་ག་༿ཚང་མ་༾ལོགས་དཔེར་ན་ཅིག་གི་ང་རང་ཚོ་མི་ཕན་ཚུན་ཡིན་ད་ཨ་ནི་་་་ཕར་ཚུར་་འདུ་ཤེས་ཡག་པོ་བྱས་བྱས་་ཕར་ཚུར་རོགས་པ་བྱས། ཕན་ཐོགས་བྱས་བྱེད་དགོས་པ་ཧ་ཅང་བརྗོད་མེད་དེའི་གང་ལ་དཔེར་ན་སེམས་ཅན་སྐྱོ་པོ་ཅིག་གི་ཁྱི་ལྟ་བུ་དང་དཔེར་ན་ང་རང་ཚོའི་སྲོག་ཆགས་ཨ་ནི་་་་ཆུའི་ནང་ལ་གནས་མཁན་གྱི་ཉའི་རིགས།
- རྒན་མཁས་བཙུནའོ་་་་སྐམ་ལ་གནས་བསྡད་མཁན་གྱི་རི་དྭགས་དང་ཅིག་ཅིག་གི་ཆོག་དོ་༿མང་པོ་༾ཡོའོ་༿ཡོད་༾རེད་པཱ། ཐ་ན་ཨ་ནི་་་་ཅིག་གི་རྦད་དེ་ས་ལམ་ལ་བསྡད་བསྡད་མཁན་གྱི་ཁྱི་དང་ཨོའོ་་་་དེ་ཚོ་འགང་ག་༿ཚང་མ་༾ལོགས་ལ་ང་རང་ཚོ་སེམས་ནས་བྱམས་པ་དང་སྙིང་རྗེ་དང་དེ་སྐྱེས་དགོས་རེད་ཟེར།
- རྒན་མཁས་བཙུནཁོང་ཚོ་ལ་རོགས་པ་བྱས། ཕན་ཐོགས་བྱས། གནོད་མ་བསྐྱལ་ཨོའོ་་་་རྒྱུ་མཚན་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནཨཱ་་་་ཁོང་ཚོ་སྔ་མ་སྔ་མ་སྐྱེ་བ་སྔ་མ་སྔ་མའི་སྐབས་ལ་ངའི་ཕ་མ་བྱེད་མྱོང་ཡོད་པ་ཤ་གཅིག་རེད་བྱས་ནས་ནང་པ་སངས་རྒྱས་པས་འདུག་བཟོ་ངོས་འཛིན་བྱེད་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནབྱས་ཙང་ད་སོ་སོའི་ཕ་མ་ལ་སོ་སོས་གནོད་བསྐྱལ་པ་ཟེར་ཡས་དེ་སྡུག་ཅག་ཞེ་དྲག་རེད་པ་ཟེར།
- རྒན་མཁས་བཙུནཨོའོ་་་་གནོད་པ་མ་བསྐྱལ་ཨཱ་ཟེར། འོང་་་་དེ་ཚོ་ཁྱེད་རང་གི་སྔ་མ་ད་རེས་ཁྱེད་རང་གི་ཕ་མ་ཁོང་གཉིས་རེད་དའི་སྔོན་མ་སྔོན་མ་ཅིག་ལ་ཁོས་ཁྱེད་རང་གི་ཕ་མ་བྱས་བྱས་ཁྱེད་རང་ལ་རོགས་པ་ཞེ་པོ་ཕན་ཐོགས་ཞེ་པོ་བྱས་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནབྱས་ཙང་ཁོའི་བཀའ་དྲིན་ལ་བསམ་བྱས་སེམས་ཅན་དེ་ཚོ་ལ་གནོད་པ་ག་པར་བསྐྱལ་ན་འགྲིག་གི་རེད།
- རྒན་མཁས་བཙུནགནོད་པ་མ་བསྐྱལ་ཨཱ་་་། ཕན་ཐོགས་བྱེད་ཨཱ་་་་། རོགས་པ་བྱེད་ཨཱ་་་་ཨོའོ་་་་་དེ་གསུངས་ཀྱི་ཡོའོ་༿ཡོད་༾རེད་བྱས་པ་རེད།
- རྒན་མཁས་བཙུནའོང་་་་དྲིན་ཅན་གྱི་ཕ་མ་ཡིན་པས་ཟེར། དེ་དག་རྣམས་ཀྱང་འཁོར་བ་ལས་སྒྲོལ་དགོས་ཟེར།
- རྒན་མཁས་བཙུནསོ་སོ་གཅིག་པུ་འཁོར་བ་ལས་ཐར་ཡས་ཀྱི་རྩིས་རྒྱག་གི་བསྡད་ན་འགྲིག་གི་མ་རེད།
- རྒན་མཁས་བཙུནསེམས་ཅན་འགང་ག་༿ཚང་མ་༾ལོགས་འཁོར་བ་ལས་ཡར་འདྲེན་ཡས་དང་ཐར་ཡས་ཀྱི་རྩིས་མཉམ་པོ་༿དུ་༾བརྒྱབ་ཚར་ར་༿བ་༾ད་ག་རོགས་པ་བྱེད་དགོས་རེད་ཟེར།
- རྒན་མཁས་བཙུནདེ་ཡང་རང་ཉིད་འཁོར་བ་ལས་ཐར་ནས་སེམས་ཅན་རྣམས་ཀྱང་འཁོར་བ་ལས་སྒྲོལ་བ་ལ།
- རྒན་མཁས་བཙུནའོང་་་་ད་ཅིག་གི་ག་རེ་བྱེད་དགོས་རེད་ཟེར་ན། སེམས་ཅན་འགང་ག་༿ཚང་མ་༾ལོགས་འུབ་ཏེ་ཁ་ལ་འགང་ག་༿ཚང་མ་༾ལོགས་སངས་རྒྱས་ཀྱི་ས་ལ་བགྲོད་ཐུབ་ཀྱི་རེད་པས་ཟེར་ན། འཁོར་བ་ལས་སྒྲོལ་ཐུབ་ཀྱི་རེད་པས་ཟེར་ན།
- རྒན་མཁས་བཙུནདེ་ཐུབ་ཀྱི་མ་རེད། རྒྱུ་མཚན་ག་རེ་རེད་པས་ཟེར་ན།
- རྒན་མཁས་བཙུནགང་ག་ལོགས་ཀྱིས་བསམ་བློ་གཏོང་སྟངས་གཅིག་པ་མ་རེད་ཟེར། འདུ་ཤེས་འཛིན་སྟངས་ཁག་ཁག་རེད་ཟེར་རེད་པ།
- རྒན་མཁས་བཙུནངས་ང་འདུག་བཟོ་བྱེད་ཀྱི་ཡིན་ང་མི་ཚེ་འདུག་བཟོ་བསྐྱལ་གྱི་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཁོས་ང་རའི་མི་ཚེ་ང་རས་བསྐྱལ་གྱི་ཡིན་ང་རང་འདུག་བཟོ་འཚོ་བ་སྐྱལ་གྱི་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཨ་ནི་་་་བྱས་ཙང་མི་སོ་སོའི་བསམ་བློ་བཏང་སྟངས་འདྲ་གི་༿ཡི་༾མ་རེད། ཤེས་རབ་དང་དབང་པོ་དང་དད་པ་དང་དེ་འདྲས་འདྲ་མ་རེད།
- རྒན་མཁས་བཙུནཁོ་མ་འདྲ་སོང་ཙང་ཨ་ནི་་་་གནས་ཚད་འབྲས་བུ་ཐོབ་ཡས་ཁོ་ཡའི་༿ཡང་༾འདྲ་མ་རེད། ཨོའོ་་་་བྱས་ཙང་ཁོས་འགང་ག་༿ཚང་མ་༾ལོགས་ཀྱིས་སྡེབ་གཅིག་ལ་ཐར་པ་ཡོང་ཡས་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནད་འོ་ན་་་་སེམས་ཅན་དེ་ཚོ་ལ་ཕན་ཐོགས་གང་འདྲས་ཟེར་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནཨོའོ་ཨ་ནི་་་་ངས་སྔོན་ལ་ང་རང་སངས་རྒྱས་ཀྱི་གོ་འཕང་ཅིག་གྲུབ་སངས་རྒྱས་ཀྱི་གོ་འཕང་དེ་ངས་ག་རེ་བྱེད་ཡས་ཀྱི་ཆེད་དུ་ངས་སངས་རྒྱས་ཀྱི་གོ་འཕང་གྲུབ་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནསེམས་ཅན་དེ་ཚོ་ལ་ཕན་ཐོགས་ཅིག་བྱེད་ཡས་ཀྱི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཅིག་སྒྲུབ་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནསངས་རྒྱས་ཟེར་ཡས་དེ་སེམས་ཅན་ལ་ཕན་ཐོགས་བྱེད་ཡས་དེ་ཐབས་ཤེས་མང་པོ་རླབས་ཆེན་པོ་ཨོའོ་་་་ཅིག་གི་རྒྱུན་ཆད་ཡས་མེད་པ། ཨ་ནི་་་་རྦད་དེ་དུས་ཚོད་དང་དེ་འདྲས་ཀྱི་དུས་དང་བསྐལ་བ་དང་ཡུལ་དང་དེ་འདྲས་ཀྱི་དབང་གིས་འགྲོ་མི་དགོས་པཱ།
- རྒན་མཁས་བཙུནག་དུས་དོན་བྱེད་ཡས་ཀྱི་སྐབས་དང་ནུས་པ་ཅིག་གི་ག་རེ་ཟེར་དགོས་རེད། དུས་ལ་སླེབས་ན་ཡང་བྱས་ཆོག་ཆོག་ལྟ་བུ་ཅིག་ཡོའོ་༿ཡོད་༾རེད་པ།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་དེ་འདྲས་ཀྱི་ནུས་པ་དང་ལྡན་པའི་སངས་རྒྱས་ཟེར་ཡས་ཅིག་བསྒྲུབ་ཀྱི་ཡིན་ཟེར་བྱས་ནས་ཨོའོ་་་་དེ་ཟེར་གྱི་ཡོའོ་༿ཡོད་༾རེད་དཱ།
- རྒན་མཁས་བཙུནབསྒྲུབ་དགོས་རེད་ཟེར་བྱས་ནས།
- རྒན་མཁས་བཙུནཐོག་མར་རང་ཉིད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆར་འཐོབ་དགོས་ཟེར།
- རྒན་མཁས་བཙུནསོ་སོ་རང་ཉིད་ལ་དེ་འདྲས་ཅིག་འཐོབ་པ་བྱེད་དགོས་ཀྱི་ཡོའོ་༿ཡོད་༾རེད་ད།
- རྒན་མཁས་བཙུནའོང་་་་དེ་འཐོབ་པའི་ཐབས་སུ་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་མཐའ་ཡས་གསུངས་ཀྱང་།ཟེར།
- རྒན་མཁས་བཙུནཨོའོ་་་་ད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཅིག་གི་སེམས་ཅན་ཕལ་པ་ཅིག་མཐར་ཐུག་སངས་རྒྱས་ཀྱི་ས་ལ་འགྲོ་ཡས་ཀྱི་ཨ་ནི་་་་ཐབས་ཤེས་ལ་མ་ཁ་མང་པོ་ཅིག་གསུངས་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནད་ཆོས་བརྒྱད་ཁྲི་བཞི་སྟོང་ཅིག་དག་གསུངས་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནཆོས་ཀྱི་སྒོ་མོ་མཐའ་ཡས་པ་ཅིག་གསུངས་ཀྱང་ད་ཆོས་ཀྱི་ཕུང་པོ་དེ་གས་དེ་འགང་ག་༿ཚང་མ་༾ལོགས་ཀྱི་སྙིང་པོ་འདྲ་པོ་ཁོ་རྡོག་རྡོག་ཚུར་བསྡུས་སོང་ན།
- རྒན་མཁས་བཙུནཨ་ནི་་་་ཚུར་ག་པར་བསྡུ་གི་༿ཡི་༾རེད་ཟེར་ན།
- རྒན་མཁས་བཙུནསོ་སོར་ཐར་པའི་མདོ་ལས། མདོའི་ནང་ལོགས་ལ་ཡ་འདུག་བཟོ་གསུངས་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནདོན་དག་དེའི་སྒང་ལ་བསྡུ་ཐུབ་ཀྱི་ཡོའོ་༿ཡོད་༾བྱས་པ་རེད།
- རྒན་མཁས་བཙུནག་རེ་གསུངས་ཡོའོ་༿ཡོད་༾རེད་བྱས་ན། རང་གི་ཨ་་་་ག་རེ་ཟེར།
- རྒན་མཁས་བཙུནསྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན་ཟེར་བྱས་ནས་གསུངས་པ་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་དོན་དག་ཁོ་འདི་རེད། སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་མང་པོ་ཞེ་པོ་ཅིག་གསུངས་ཡོའོ་༿ཡོད་༾རེད་དའི།
- རྒན་མཁས་བཙུནཡིན་ན་ཡང་ད་ཁོང་ཚོའི་ནང་དོན་རྡོག་རྡོག་ཁོ་ཚུར་བསྟོན་སོང་ན་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནརང་གི་སེམས་བཏུལ་ཡས་དེ་རེད་ཟེར། རང་གི་སེམས་དེ་ད་ལྟ་མ་འདུལ་བ་རྩུབ་པོ་སྡུག་ཅག་ངན་པ་ཞེ་པོ་ཅིག་ཡོའོ་༿ཡོད་༾རེད་ཟེར་སེམས།
- རྒན་མཁས་བཙུནདེ་འདྲས་ཀྱི་སེམས་དེ་ད་ལྟ་མི་གཞན་དག་ལ་གནོད་ཡས། མི་གཞན་དག་ལ་ཅིག་གི་ག་རེ་ཟེར་དགོས་རེད་པས།
- རྒན་མཁས་བཙུནཨེ་་་་བསད་ཡས་དང་བཏུབ་ཡས་དེ་འདྲས་ཀྱི་སེམས་ངན་འགང་ག་༿ཚང་མ་༾དེའི་ནང་ལོགས་ནས་སྐྱེས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནབྱས་ཙང་ད་དེ་འདྲས་ཀྱི་སེམས་པ་ངན་པ་དེ་ཕར་བཀག་དགོས་ཀྱི་རེད། མེད་པ་བཟོ་དགོས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནདེའི་མིང་ལ་སེམས་བཏུལ་བ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནད་སེམས་དེ་བཏུལ་དགོས་བྱུང་ན་བཏུལ་ཐབས་དེ་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་སངས་རྒྱས་ཀྱི་གསུང་ལ་བརྟེན་ནས་དགེ་བ་ཕུན་སུམ་ཚོགས་པ་སྤྱད་ནས་ཨ་ནི་་་་སེམས་དེ་བཏུལ་དགོས་རེད།
- རྒན་མཁས་བཙུནསྔར་བསགས་པའི་སྡིག་པ་དེ་ཚོ་ཨ་ནི་་་་ག་ལེར་ལ་ག་ལེར་ལ་ཨ་ནི་་་་སྔར་བསགས་དེ་ཚོ་སྦྱངས། ཕྱིན་ཆད་ཡིན་ན་སྡིག་པ་མ་བྱས་པ་བྱས་ཚར་ར་༿ཚར་བ་༾རེད།
- རྒན་མཁས་བཙུནསྡིག་པ་འགང་ག་༿ཚང་མ་༾བཀག་ནས་ཨོའོ་་་་དེ་འདྲས་ཀྱི་ལམ་ཁ་ལ་བཞུགས་ནས་ཨ་ནི་་་་སེམས་དེ་རིམ་པས་རིམ་པས་བཏུལ་སོང་ན་ཨོའོ་་་་དེ་ནི་གཞི་ནས་དེ་ལ་ཡ་སངས་རྒྱས་གྲུབ་པའི་ལམ་ཡང་ཟེར་གྱི་རེད།
- རྒན་མཁས་བཙུནཨོའོ་་་་འདི་སེམས་བཏུལ་ཡས་ཀྱི་ཐབས་ཤེས་ཡང་ཟེར་གྱི་རེད།
- རྒན་མཁས་བཙུནཨོའོ་་་་ཡག སེམས་ཅན་གཞན་དག་ལ་ཕན་ཐོགས་བྱེད་ཡས་ཀྱི་ཐབས་ཤེས་ཡང་ཟེར་གྱི་རེད།ཟེར།
- རྒན་མཁས་བཙུནཨོའོ་་་་འདི་རེད་བྱས་པ་རེད། ཨོའོ་་་་ད་རྡོག་རྡོག་ཁོ་སངས་རྒྱས་ཀྱི་བསྟན་པ་ཟེར་ཡས་དེ་ཅིག་གི་སངས་རྒྱས་ཀྱི་བསྟན་པ་གནས་པ་དང་མ་གནས་ཟེར་ཡས་ད་གའི་སངས་རྒྱས་ཀྱི་གསུངས་པ་ནང་བཞིན་དེ་ན་སེམས་བཏུལ་མཁན་འདུག་མི་འདུག
- རྒན་མཁས་བཙུནསེམས་ཀྱི་བསམ་བློ་ངན་པ་ཁོ་ལ་དེ་ལ་འཐོབ་རྩོད་བྱེད་ཐུབ་ཀྱི་འདུག་མི་འདུག
- རྒན་མཁས་བཙུནཨོའོ་་་་དེ་ལ་བལྟ་དགོས་རེད་ཟེར། དེ་འཐོབ་རྩོད་བྱེད་མཁན་ཡོད་པ་དང་བྱེད་ཐུབ་པའི་སྐྱེས་བུ་དེ་འདྲས་ཡོད་སོང་ན།
- རྒན་མཁས་བཙུནསངས་རྒྱས་ཀྱི་བསྟན་པ་གནས་ཡོད་པའི་རྟགས་རེད། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་སྐྱེས་བུ་ཡོད་པའི་རྟགས་རེད།
- རྒན་མཁས་བཙུནད་སེམས་ཁོ་ཉོན་མོངས་པ་ཁོང་ཚོའི་དབང་དུ་བཏང་ནས་ཨ་ནི་་་་ཆོས་བཤད་མང་པོ་བྱས་ན་ཡང་སངས་རྒྱས་ཀྱི་བསྟན་པ་གཙང་མ་རང་ཟེར་གྱི་ཟེར་མ་རེད་པ་ཟེར།
- རྒན་མཁས་བཙུནཨོའོ་་་་་དེ་དེ་འདྲས་གསུངས་ཀྱི་ཡོའོ་༿ཡོད་༾རེད་ད་དེ་ཞབས་དཀར་པས་དེ་འདྲས་ཟེར་ངོས་འཛིན་གནང་པ་རེད་ཁོང་ཚོ་ལ་ཆོས་གསུངས་དུས་ཙ་ནས་རེ་བ་དེ་འདྲས་ཟེར་སྟོན་གནང་པ་རེད་དཱ།
- རྒན་མཁས་བཙུནཞེས་གསུངས་པ་བཞིན་སྡིག་པ་སྤངས་ནས་དགེ་བ་བསྒྲུབ་དགོས། དེ་ཡང་མི་དགེ་བ་ནི་ཟེར།
- རྒན་མཁས་བཙུནམི་དགེ་བ་ཟེར་ཡས་ཁོ་གང་འདྲས་ཅིག་ལ་ཟེར་གྱི་རེད་ཟེར་ན།
- རྒན་མཁས་བཙུནད་ཞབས་དཀར་པས་དེ་ནས་མར་ངོས་འཛིན་གནང་གི་འདུག་གཱ
- རྒན་མཁས་བཙུནཨ་ནི་་་་རང་ཕྱོགས་ལ་ཆགས་པའི་འདོད་ཆགས་ཟེར་ཡས་གཅིག་བྱས།
- རྒན་མཁས་བཙུནགཞན་ཕྱོགས་ལ་སྡང་བའི་ཞེ་སྡང་དང་སྡང་བ་མི་ཤེས་པའི་གཏི་མུག་དང་དེ་ཚོ་གསུམ་གཙོ་བོ་རེད་བྱས་རེད།
- རྒན་མཁས་བཙུནཉོན་མོངས་ཀྱི་ནང་ལོགས་ནས་སྡུག་ཤོས་ཁོང་ཚོ་ཨོའོ་་་་དུག་གསུམ་ཟེར་ར་༿ཟེར་བ་༾རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ཁོང་ཚོའི་མིང་ལ་ཡ་ཨོང་་་་ད་དུག་གསུམ་པོ་གང་རང་གི་དབང་གིས་ཨ་ནི་་་་ང་རང་ཚོ་མི་རྣམས་ཀྱི་ག་རེ་བྱེ་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནསེམས་ཅན་གཞན་གྱི་སྲོག་གཅོད་ཀྱི་ཡོའོ་༿ཡོད་༾རེད། ཨེ་་་་མ་བྱིན་པར་ལེན་གྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་མ་བྱིན་པར་ལེན་པ་ཟེར་ན་ནི
- རྒན་མཁས་བཙུནདེ་རེད་པཱ། སེམས་ཅན་གཞན་གྱིས་མ་སྟེར་ན་ཡང་ཁྱེད་རང་གི་༿འཕྲོགས་༾འཕོགས་ཨོའོ་་་་ད་ཡང་མིན་བརྐུས་པ་ཁ་ཁར་ཨོའོ་་་་དེ་འདྲས་ལ་ཟེར་ར་རེད་པཱ།
- རྒན་མཁས་བཙུནཨ་ནི་་་་ཚངས་པར་སྤྱོད་པ། མི་ཚངས་པར་སྤྱོད་པ་ཨཱ་་་་ཟེར་དུས་ཙམ་ནས་ཨེ་་་དེ་རེད་པཱ།
- རྒན་མཁས་བཙུནང་རང་ཚོའི་ལོགས་གཡེམ་དང་དེ་འདྲས་བྱས་པ་དེ་ལ་ཟེར་ར་རེད།
- རྒན་མཁས་བཙུནརྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སྨྲ་བ་འོ་་་་དེ་ཚོ་སྡུག་ཅག་རེད་ཟེར་གྱི་ཡོའོ་༿ཡོད་༾རེད་དཱ།
- རྒན་མཁས་བཙུནརྫུན་གཅིག་བྱས། ཕྲ་མ་གཅིག་བྱས། ཚིག་རྩུབ་གཅིག་བྱས། ངག་འཁྱལ་གཅིག་བྱས།དེ་ཚོ་འགང་ག་༿ཚང་མ་༾ལོགས་ཁ་ནས་བྱ་བ་སྡུག་ཅག་བྱེད་ཡས་རིགས་དེ་གས་དེ་རེད་པཱ།
- རྒན་མཁས་བཙུནཨོང་། འ་་་་དེ་ནས་སེམས་ཀྱི་ནང་ལོགས་ནས་ཡང་སྡུག་ཅག་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་པས་ཟེར་ན།
- རྒན་མཁས་བཙུནབརྣབ་སེམས་གནོད་སེམས་ལོག་ལྟ་ཟེར་བྱས་བྱས་གསུམ་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོ་ཡག དེའི་མིང་ལ་ཡ་དགེ་བཅུ་ཟེར་ར་༿ཟེར་བ་༾རེད་བྱུང་སོང་གཱ
- རྒན་མཁས་བཙུནལུས་ཀྱི་སྒོ་ནས་གསུམ། ངག་གི་སྒོ་ནས་བཞི། ཡིད་ཀྱི་སྒོ་ནས་གསུམ་བྱས་བྱས་མི་དགེ་བའི་ལམ་བཅུ་ཅིག་འདུག་གཱ
- རྒན་མཁས་བཙུནཨོའོ་་་་མི་དགེ་བའི་ལམ་བཅུ་པོ་དེ་ཨ་ནི་་་་འགག་རྩ་འདྲ་པོ་སུས་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- རྒན་མཁས་བཙུནའདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ་པོ་དེ་གིས་རྒྱུ་རྐྱེན་འདྲ་པོ་རྩ་བ་འདྲ་པོ་བྱས།
- རྒན་མཁས་བཙུནཨ་ནི་་་་ཁོང་ཚོ་གསུམ་པོ་དེ་གིས་༿ཡིས་༾བསྐུལ་ནས་ཨ་ནི་་་་ཁོང་ཚོ་གསུམ་པོ་དེ་གིས་༿ཡིས་༾མ་ནས་ཡར་བླངས་ནས། ཨོའོ་ཨ་ནི་་་་ང་རང་ཚོས་མི་དགེ་བ་བཅུ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནམི་དགེ་བཅུ་བྱས་པ་ཡིན་ན་ག་རེ་བྱེད་ཀྱི་རེད་ཟེར་ན།
- རྒན་མཁས་བཙུནགནས་སྐབས་སེམས་ཅན་གཞན་དག་ལ་གནོད་པ་ཞེ་པོ་བྱུང་པ་རེད་པ།
- རྒན་མཁས་བཙུནམི་དགེ་བཅུ་པོ་དེ་གས་འགང་ག་༿ཚང་མ་༾ལོགས་གཞན་དག་གནོད་པ་བྱེད་ཡས་རྐྱང་རྐྱང་རེད་འདུག་གཱ
- རྒན་མཁས་བཙུནང་རང་ཚོ་ད་སེམས་ཅན་གཞན་དག་ལ་གནོད་པ་བྱེད་ཡས་ད་འགང་ག་༿ཚང་མ་༾ལོགས་ཨ་ནི་་་་མ་གཞི་ཅིག་གིས་གནོད་པ་བྱེད་སྟངས་འདྲ་པོ་དང་རྣམ་པ་འདྲ་པོ་ཁོ་ལ་བལྟས་པ་ཡིན་ན་མང་པོ་ཞེ་པོ་ཅིག་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནསྣ་མིན་སྣ་ཚོགས་ཡོའོ་༿ཡོད་༾རེད་པཱ། ཡིན་ན་ཡང་ད་ངོ་བོ་ཁོ་ལ་འདུག་བཟོ་བརྟག་དཔྱད་བྱེད་དུས་ཙ་ནས་ཨ་ནི་་་་བཅུ་པོ་དེའི་ནང་ལ་གཙོ་ཆེ་བ་ཕལ་ཆེ་བ་བསྡུ་ཐུབ་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནཨོའོ་་་་་བྱས་ཙང་ཁོས་མི་དགེ་བ་ལམ་བཅུ་པོ་དེའི་ནང་བཅུ་ཟེར་བྱས་ནས་འདུ་བཟོ་བཞག་པ་རེད།
- རྒན་མཁས་བཙུནཨོའོ་་་་ད་དེའི་སྒོ་ནས་གནོད་པ་མང་པོ་ཞེ་དྲག་བསྐྱལ་གྱི་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནསེམས་ཅན་ཕར་ན་ངོགས་ཕྱོགས་ལ་ཡ། འོ་ཡག
- རྒན་མཁས་བཙུནགནོད་པ་འདུག་བཟོ་བསྐྱལ་ན་ག་རེ་བྱེད་ཀྱི་རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་ཁྱེད་རང་འཁོར་བ་གནས་དགོས་པ་ཙམ་དུ་མ་ཟད་གཞན་དག་ཁོང་ཚོ་འཁོར་བར་བཞག་བཞག་གི་རེད་པ།གནོད་པ་བྱེད་ཀྱི་ཡོའོ་༿ཡོད་༾རེད་པཱ།
- རྒན་མཁས་བཙུནཨོའོ་་་་ད་དངོས་གནས་བྱས་ན་གཞན་དག་ལ་ཕན་ཐོགས་བྱེད་དགོས་རེད། ག་རེ་རེད་ཟེར་ན།གཞན་དག་འགང་ག་༿ཚང་མ་༾ལོགས་ཁྱེད་རང་གི་དྲིན་ཅན་ཕ་མ་བྱེད་མྱོང་ཡོད་པ་ཤ་ཅིག་རེད་དའི་
- རྒན་མཁས་བཙུནཁྱེད་རང་གིས་ཕན་ཐོགས་མ་བྱས་པ་བྱས། གནོད་པ་བསྐྱལ་ཁོང་ཚོ་ལ་ཡ།ཨོའོ་་་་དེ་འདྲས་བྱེད་ཀྱི་འདུག་གཱ
- རྒན་མཁས་བཙུནད་དེ་མ་རུང་བ་ཞེ་པོ་ཅིག་རེད་འདུག་གཱ་ཟེར་བྱས་བྱས་བསམ་བློ་དེ་འདྲས་ཟེར་བཏང་དགོས་རེད་བྱས་པ་རེད།
- རྒན་མཁས་བཙུནསོ་སོའི་སེམས་བཏུལ་དུས་ཙ་ནས་ཨེ་་་་མི་དགེ་བ་བཅུ་པོ་འདི་རང་གིས་བྱེད་པ་དང་གཞན་ལ་བྱེད་དུ་འཇུག་པ་དང་།
- རྒན་མཁས་བཙུནབྱས་པའི་རྗེས་སུ་ཡིད་རངས་བ་ཙམ་ཡང་མི་བྱེད་པར་དུག་བཞིན་སྤངས་བར་བྱའོ་ཟེར་དཱ།
- རྒན་མཁས་བཙུནདུག་ནང་བཞིན་ད་ང་རང་ཚོས་སྤངས་དགོས་རེད་ཟེར་མི་དགེ་བ་བཅུ་པོ་དེ་ཨོའོ་་་་སོ་སོ་དངོས་སུ་བྱེད་རྒྱུ་ཡོའོ་༿ཡོད་༾མ་རེད་དཱ།
- རྒན་མཁས་བཙུནམི་གཞན་དག་མི་དགེ་བ་བཅུ་པོ་དེ་འདྲས་བྱེད་མཁན་འདུག་ན་ཡང་དེ་ལ་སེམས་ཀྱི་ནང་ལོགས་ཨ་་་་འགྲིག་བཞག་ཁོས་ཡག་པོ་བྱས་སོ་དེ་འདྲས་བྱེད་རྒྱུ་ཡོའོ་༿ཡོད་༾མ་རེད་བྱས་པ་རེད།
- རྒན་མཁས་བཙུནརྗེས་སུ་ཡིད་རངས་སྡུག་ཅག་དེ་འདྲས་བྱེད་རྒྱུ་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནཡང་སོ་སོས་མ་བྱས་པ་བྱས་དངོས་སུ་མི་གཞན་དག་ལ་སྐུལ་ཚར་ར་༿ཚར་བ་༾ད་ག་ཁོ་ཕ་གི་གསོད་ཞུ། ཨོའོ་་་་་འདི་རྐུ་མ་བརྐུས་། འདི་སྐྱག་རྫུན་འདུག་བཟོ་བཤད་འདི་འདྲས་སློབ་རྒྱུ་ཡོའོ་༿ཡོད་༾མ་རེད།
- རྒན་མཁས་བཙུནགཞན་དག་བྱེད་རུ་བཅུག་རྒྱུ་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནགང་ལྟར་རྡོག་རྡོག་བྱས་པ་ཡིན་ན་འདི་ཚོ་འགང་ག་༿ཚང་མ་༾ལོགས་སོ་སོས་དངོས་སུ་བྱས་མེད་པ་ཡིན་ན་ཡང་གང་ལྟར་བརྒྱུད་ནས་བྱས་པ་རེད་པཱ།
- རྒན་མཁས་བཙུནཁོས་དེ་ཡང་སོ་སོ་ལ་ཡང་མཉམ་པོ་སྡིག་པ་ལ་བཞུགས་པ་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད།
- རྒན་མཁས་བཙུནའོང་་་་སྡིག་པ་ཆུང་ངུ་ཡང་མ་སྤངས་ན། ཁོང་དུ་དུག་སོང་བའི་ད་གང་ལྟར་སྡིག་པ་དེ་གས་དེ་འགང་ག་༿ཚང་མ་༾ལོགས་དུག་ནང་བཞིན་སྤངས་དགོས་རེད་ཟེར།
- རྒན་མཁས་བཙུནདུག་ཟེར་ཡས་དེ་ང་རང་ཚོ་འགང་ག་༿ཚང་མ་༾ལོགས་ལ་མི་དགོས་ཡས་ཅིག་རེད་པཱ། སྤངས་ཡས་ཅིག་རེད་པཱ། གཡུགས་ཡས་ཅིག་རེད་པཱ།
- རྒན་མཁས་བཙུནཨོའོ་་་་ད་དུག་ཡིན་དུས་ཙ་ནས་ད་དུག་ཆེན་པོ་ད་སོ་སོས་ག་པར་རང་ཟ་ཀྱི་༿ཡི་༾རས་༿རེད༾ཟ་ནུས་ཀྱི་མ་རེད་པཱ།
- རྒན་མཁས་བཙུནདུག་ཆུང་ཆུང་ཅིག་ཟ་རྒྱུ་ཡོའོ་༿ཡོད་༾མ་རེད་ད་ཟེར། རྒྱུ་མཚན་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནཨོའོ་་་་་དུག་ཆུང་ཆུང་དེ་དེ་ནས་མར་ཕྱིན་བྱས་ཨ་ནི་་་་མ་གའི་ནུས་པ་ག་རེ་ཡོད་མེད་ང་ཧ་གོ་གི་༿ཡི་༾མ་རེད་དཱ།
- རྒན་མཁས་བཙུནཁོས་སྡུག་ཅག་ཞེ་དྲག་བྱེད་གྲབས་ཡོད་འགྲོ། དུག་ཆུང་ཆུང་ཅིག་ཡས་མ་ཟ་ཟེར་གྱི་རེད་པཱ།
- རྒན་མཁས་བཙུནདེ་ནང་བཞིན་སྡིག་པའི་ལས་ཀ་དེ་ཚོ་ཆེན་པོ་ད་ག་ནས་བྱས་ནས་འགྲིག་གི་རེད་འགྲིག་གི་མ་རེད།
- རྒན་མཁས་བཙུནཆུང་ཆུང་ཅིག་ཡིན་ན་ཡང་ཨོའོ་་་་དེ་ཨོའོ་ཙམ་མེད་འགྲོ་བསམ་བྱས་བྱེད་རྒྱུ་ཡོའོ་༿ཡོད་༾མ་རེད་ཟེར།
- རྒན་མཁས་བཙུནསྡིག་པ་ཆུང་ཆུང་ཡིན་ནའི་ལས་འགང་ག་༿ཚང་མ་༾མར་བསད་སྤངས་དགོས་རེད་ཟེར།
- རྒན་མཁས་བཙུནའོང་། སྡིག་པ་ཆུང་ངུ་ཡང་སྤངས་ནས་ཁོངས་དུ་དུག་སོང་བ་བཞིན་དུ་སྡུག་བསྔལ་ཆེན་པོ་བསྐྱེད་དེ་ཟེར།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་སྤངས་དགོས་རེད་གསུངས་ཀྱི་ཡོའོ་༿ཡོད་༾རེད་དཱ།
- རྒན་མཁས་བཙུནཨོའོ་་་་སྡུག་བསྔལ་སྡིག་པ་དེ་ཆུང་ཆུང་རེད་བཞག་སྐྱོན་རང་ཨ་ཡོད་བསམ་བྱས་སྡིག་པ་དེ་བྱས་པ་ཡིན་ན་དེ་ཉེན་ཁ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནརྒྱུ་མཚན་ག་རེ་རེད་ཟེར་ན།
- རྒན་མཁས་བཙུནཚོམས་ལས་ཟེར། སྡིག་པ་ཆུང་ངུ་བྱས་པས་ཀྱང་། འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། ཁོང་བར་སོང་བའི་དུག་བཞིན་ནོ་ཟེར།
- རྒན་མཁས་བཙུནཨོའོ་་་་སྡིག་པ་དེ་ཆུང་ཆུང་རེད་སྐྱོན་མེད་འགྲོ་ཨོའོ་་་་ཙི་ཡིན་འགྲོ་བསམ་བསམས་བྱས་པ་ཡིན་ན་འགྲིག་གི་མ་རེད་
- རྒན་མཁས་བཙུནསྡིག་པ་ཆུང་ཆུང་ཅིག་ཡིན་ན་ཡང་ཁོ་ཉིན་མ་གཅིག་སོང་གཉིས་སོང་ང་རང་ཚོའི་དེ་ཨ་་་་དངུལ་ཕར་མི་ལ་ཕར་དེ་བུ་ལོན་བཏང་བཞག་པའི་བཟོ་འདྲ་ཅིག་རེད།ཟེར།
- རྒན་མཁས་བཙུནཁོ་ལ་ཡ་སྐྱེས་ཀ་ལེན་ཡས་ཡོའོ་༿ཡོད་༾རེད་ཟེར།
- རྒན་མཁས་བཙུནཨོའོ་་་་སྐྱེས་ཀ་སླེབས་ཚར་ར་༿ཚར་བ་༾ད་ག་ཁོས་འབྲས་བུ་ཆེན་པོ་སླེབས་ཀྱི་ཡོའོ་༿ཡོད་༾རེད་སྡིག་པ་དེས།
- རྒན་མཁས་བཙུནའོང་་་་འཇིག་རྟེན་ཕ་རོལ་ལ་ཡ་ཨ་ནི་་་་སྡིག་པ་ཆུང་ངུ་ཅིག་བྱས་པ་ཡིན་ན་ཁྱེད་རང་གིས་ད་ལྟ་དངོས་སུ་སྡིག་པ་ཁོ་བྱེད་དུས་ཙ་ནས་ཆུང་ཆུང་ཅིག་རེད་དའི་ཡིན་ན་ཡང་ཁོ་སེམས་ཁོའི་ནང་ལོགས་ནས་སྡིག་པ་བྱེད་འདོད་ཁོ་སྤངས་ཡོའོ་༿ཡོད་༾མ་རེད་པཱ།
- རྒན་མཁས་བཙུནཨོའོ་་་་བྱས་ཙང་ཁོས་ཨ་ནི་་་་སྡིག་པ་ཁོ་སྟོབས་ཁོ་ཆེ་རུ་ཆེ་རུ་འགྲོ་བ་རེད་བྱས་པ་རེད།
- རྒན་མཁས་བཙུནསྡིག་པ་ཁོའི་སྟོབས་ཁོ་ཆེ་རུ་ཕྱིན་སོང་ན་ཨ་ནི་་་་འཇིག་རྟེན་ཁྱེད་རང་སྐྱེ་བ་རྗེས་མ་ལ་སོགས་པ་རྣམས་སུ་ཨ་ནི་་་་སྡིག་པ་ཁོའི་དབང་གིས་སྡུག་བསྔལ་ཆེན་པོ་གཏེར་གྱི་རེད་དཱ་ཟེར།
- རྒན་མཁས་བཙུནབྱས་ཙང་ཁོང་བར་སོང་བའི་དུག་ནང་བཞིན་རེད་ད་ཁོའི་ནུས་པ་ཁོ་ཆེ་རུ་ཆེ་རུ་ཕྱིན་ནས་ཁྱེད་རང་གི་སྲོག་འཕྲོག་གི་རེད།
- རྒན་མཁས་བཙུནའོ་་་་དཀའ་ལས་དེ་འདྲས་ཡོའོ་༿ཡོད་༾རེད་ད་ཟེར་བྱས་ནས་གསུངས་འདུག་གཱ་ཚོམས་ནས།
- རྒན་མཁས་བཙུནཨོའོ་་་་ད་དེ་ནང་བཞིན་ཨ་ནི་་་་སྡིག་པ་བྱས་པ་ལ་སྔར་བྱས་པ་ལ་འགྱོད་བཤགས་བྱས།
- རྒན་མཁས་བཙུནཕྱིན་ཆད་སྡིག་པ་རྩ་ནས་མི་བྱེད་ཨ་ཟེར་བྱས་བྱས་སྡོམ་སེམས་ལེན་དགོས་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་དེ་བྱེད་ཡས་དེ་གལ་ཆེན་པོ་རེད་ཟེར།
- རྒན་མཁས་བཙུནཨོའོ་་་་ད་དེ་ནས་མར་འདི་གསུངས་འདུག་གཱ
- རྒན་མཁས་བཙུནཨང་་་་ཅིག་གི་སྔར་བྱས་ཀྱི་སྡིག་པ་ལ་ཡ་སྡོམ་སེམས་བསྣམས་རེད་པ།
- རྒན་མཁས་བཙུནཕྱིན་ཆད་ཀྱི་ག་རེ་ཟར་༿ཟེར༾སྔར་བྱས་ཀྱི་སྡིག་པ་ལ་བཤགས་པ་བྱས་ཕྱིན་ཆད་ཀྱི་སྡིག་པ་མི་བྱེད་ཟེར་བྱས་བྱས་སྤངས་དགོས་རེད།སྡིག་པ་སྤངས་དགོས་རེད་བྱས་པ་རེད།
- རྒན་མཁས་བཙུནའོ་ཡག ད་ཨོང་་་་ད་དེ་ནས་མར་ཨ་ནི་་་་དེ་ལྟར་གང་ལྟར་ད་སྡིག་པ་དེ་གས་དེ་སྤངས་ཨ་ནི་་་་སྲུང་དགོས་ཡས་ཀྱི་དགེ་བ་དེ་གས་དེ་བསྒྲུབས་ནས་ཨ་ནི་་་་ག་རེ་ག་བྱེད་དགོས་རེད་ཟེར་ན།
- རྒན་མཁས་བཙུནཨ་ནི་་་་རྦད་ཅིག་གི་བསམ་པ་བཟང་པོའི་སྒོ་ནས་དམ་པའི་ཆོས་ལ་མུ་མཐུད་ནས་སློབ་སྦྱོང་བྱས་ནས་ཨ་ནི་་་་དམ་པའི་ཆོས་ནས་གསུངས་པ་ནང་བཞིན་ཅིག་ངས་ཉམས་ལེན་བྱས་ཨཱ།
- རྒན་མཁས་བཙུནབསམས་པའི་བསམ་པ་བཟང་པོ་ཞེ་པོ་ཅིག་བསྐྱེད་བྱས།
- རྒན་མཁས་བཙུནཨ་ནི་་་་ཆོས་ལ་སྦྱངས་དགོས་རེད་ཟེར་བྱས་ནས་ཨོའོ་་་་ནང་དོན་རྡོག་རྡོག་འདུག་བཟོ་རེད།