Skip to main content Skip to search
15 Dec 2011
1 min 50 sec
Rating
0
No votes yet
Video Overview
Creators: 
Unknown

A young woman named Dadrön goes to the Drama Troupe office for a job interview.

Show More

  • ཨོའོ་ཡར་ཕེབས།
    Yes? Please come in.
  • འོན་རྒན་ལགས་ཁྱེད་རྣམས་ཚོའི་ལས་ཁུངས་ལ་ཡཱ་སློབ་གྲྭ་ཞབས་བྲོ་འཁྲབ་མཁན་ཨི་འདྲ་བསྡུ་གི་ཡོད་རེད་ཟེར་གྱིས་ང་འདིར་ཡིག་ཚད་གཅིག་བཏང་གཱ་༼བར༽ཡོང་པ་ཡིན།་
    Professor, (some people) say that your office is accepting dance students. I've come here to take the test.
  • ཨོན་ཁྱེད་རང་མཚན་ལ་ག་རེ་ཞུ་གི་ཡོད།
    Oh yes, what is your name?
  • ངའི་མིང་ལ་ཟླ་སྒྲོན་ཟེར་གི་ཡོད། 
    My name is Zla sgron.
  • དགོང་ལོ་ག་ཚོད་ཡིན་ནམ་ལགས། 
    How old are you?
  • ཉི་ཤུ་རྩ་གསུམ་། 
    Twenty-three.
  • དེར་བཞུགས་དང།
    Have a seat here.
  • ལགས་སོ།
    Thanks.
  • ཁྱེད་རང་དེ་སྔོན་སློབ་གྲྭ་ག་བར་ཐད་༼འགྲོ༽མྱོང་ཡོད།
    Which schools have you gone to before?
  • ང་སློབ་གྲྭ་ཆེན་པོ་ཐོན་མྱོང་ཡོད། 
    I have graduated from university.
  • སློབ་གྲྭ་ཆེན་པོ་ཡིན་བས།
    From university?
  • འོན།
    Yes
  • སློབ་སྦྱོང་གནང་ཡཱ་གཙོ་བོ་ག་རེ་གནང་བ་རེད། 
    What was your studies major?
  • གཙོ་བོ་གཞས་དང་ཞབས་བྲོ་ཡིན། 
    (My) major was in song and dance.
  • གཞས་དང་ཞབས་བྲོ་རེད་པ་ལགས་འོང་། རིག་རྩལ་སློབ་གྲྭ་རེད་བཱ་ལགས། 
    The school of performing arts, right?
  • རེད།
    Yes.
  • ཨཱ་ལེ་ལགས་སོ།
    I see.
  • ཁྱེད་རང་རྒྱུན་སྲོལ་གྱི་གཞས་ཞབས་བྲོ་གཉེན་པ་ཡོད་ཡང་དེང་སུས་ཀྱི་གཞས་ཞབས་བྲོ་གཉེན་པ་ཡོད།
    Do you like traditional song and dance or modern song and dance?
  • གཉིས་ཅག་ལོ་ལ་དགའ་པོ་ཡོད་ལགས།
    I like both.
  • འོན་བྱས་ན་ཁྱེད་རང་ད་ལྟ་ད་ལྟ་དེ་འདྲ་རིག་རྩལ་གྱི་ཕྱག་ལས་དེ་འདྲ་གནང་མྱོང་ཡོད་བས།
    Then you've had current work experience in performing arts?
  • ང་ད་ལྟ་ནང་མའི་ནང་གཞས་དང་ཞབས་བྲོ་འཁྲབ་གཱ་འགྲོ་གི་ཡོད།
    I currently go to perform songs and dances in a nang-ma.
  • ནང་མའི་ནང་ལ།
    In a nang-ma?
  • འོན་ལགས་སོ།
    Yes.
  • འོང་ལོགས། ཁྱེད་རང་གི་པཱ་ལགས་ཨ་མ་ལགས་ཕྱག་ལས་ག་རེ་གནང་གི་ཡོད་རེད།
    What does your father and mother do for work?
  • ཨ་མ་ལགས་སློབ་གྲྭའི་དགེ་རྒན་ཡིན་པཱ་ལགས་ཨེམ་ཆི་ཡིན།
    (My) mother is a school teacher, and (my) father is a doctor.
  • འོན་འདི་འདྲ་གནང་དང་སང་ཉིན་ཁྱེད་རང་གིས་སོ་སོའི་ལོ་རྒྱུས་མདོར་བསྡུས་གཅིག་བྲིས་གནང།
    Okay, do like this: (for) tomorrow, please write your resume.
  • ལགས་སོ།
    Alright.
  • ཨ་ནི་སྔ་ཐོག་འདིར་ཕེབས་བྱས་ངར་སྤྲོད་གནང་དང། དེ་ནས་ད་དུང་དེ་བྱེད་དགོས་རེད་ལགས། ང་ཚོའི་འདི་ནས་བྱེད་སྒོ་ཚན་ཁག་གི་ཡིག་ཚད་གཅིག་བཏང་གི་རེད་སྣེ་ཁ་བཞི་གཅིག་བཏང་གི་རེད། ཨ་ནི་དེ་ནང་ཁྱེད་རང་ཡིག་ཚད་དེ་ནང་ཞུགས་གནང།
    And come here early and give (it) to me. Then (you) still should do this: We give exams through this performances department... four types of exams, please participate in these.
  • ལགས་སོ།
    Okay.
  • ཨ་ནི་ང་ཚོས་འོ་དུག་སི་བལྟས་བྱས་དེ་བྱེད་ཀྱི་རེད།
    And from this we will have a look.
  • ཨ་ནི་ང་སང་ཉིན་ཆུ་ཚོད་ག་བར་ཡོང་དགོས་རེད།
    So, what time should (I) come tomorrow?
  • ཆུ་ཚོད་ཞོགས་ཀད་དགུ་དང་ཕྱེད་ཀ་གང་ལྟར་སྔ་ཐོག་རིང་ཀ་ང་རྦད་འདིར་བསྡད་ཉེན་ཡིན། ཨ་ནི་ཁྱེད་རང་གང་ལྟར་སྔ་ཐོག་ཕེབས་ཤོག་དང།་
    At 9:30 in the morning... I will be here from early on, regardless. So, anyway, please come early.
  • ལགས་སོ།་
    I will.
  • དེ་འདིར་གནང་དང་འགྲིག་གི་ཡོད་རེད།
    Do that, and that's fine.
  • ལགས་སོ།་
    Okay.
  • འོང་ཨོ།
    Alright then.
  • འོང་ཐུགས་ཆེ
    Thank you.
  • བཞུགས་གོ
    Goodbye.
  • ལགས་སོ་ཨ་ལེར་ཕེབས་ཨོའོ།
    Yes, goodbye.
  • ལགས་སོ།
    Yes.