Skip to main content Skip to search
02 Jan 2019
6 min 23 sec
Video Overview
Creators: 
Norbu Dradul

This song reflects one's love towards the homeland and the great contributions of Tibetan ancestors. 

གཞས་འདི་ལས་ཕ་ཡུལ་གྱི་དུངས་པ་དང་མེས་པོ་ཚོའི་མཛད་འཕྲིན་སོགས་མངོན་པར་མཚོན་ཡོད།

གཞས་འདི་ལས་ཡུལ་མགོ་ལོག་ས་ཆའི་གནས་འགངས་ཆེན་རྨ་ཆེན་གངས་རི་དང་ཆུ་གྲགས་ཆེནརྨ་ཆུ་སྔོན་མོ།སྐྱེས་ཆེན་དམ་པ་སེང་ཆེན་ནོར་བུ་དགྲ་འདུལ།བླ་ཆེན་དམ་པ་ཆོས་དབྱིངས་རྡོ་རྗེ་སོགས་ཀྱི་བྱུང་བ་ལ་མངོན་པར་བསྟོད་དེ་ཕ་ཡུལ་གྱི་དུངས་པ་དང་མེས་པོ་ཚོའི་མཛད་འཕྲིན་སོགས་མངོན་པར་མཚོན་ཡོད།ཡོད།གཞས་ཚིག་རེ་རེ་ནི།རི་བོ་མ་ཆགས་རི་བོ་ཆགས།།རི་རྒྱལ་ཨ་མྱེས་རྨ་ཆེན་ཆགས།།ཉི་རྩེ་དང་པོ་ཤར་ས་དེ།།ཤར་གྱི་ཨ་མྱེས་རྨ་ཆེན་ཆགས།།ཤར་གྱི་ཨ་མྱེས་རྨ་ཆེན་ཆགས།།ཆུ་བོ་མ་ཆགས་ཆུ་བོ་ཆགས།།ཆུ་བོ་རྨ་ཀླུང་རིང་མོ་ཆགས།།མེ་ཏོག་དང་པོ་འཁྲུངས་ས་དེ།།རྨ་ཀླུང་ཕྱུག་མོའི་འགྲམ་རྒྱུད་ཡིན།།རྒྱལ་པོ་མ་འཁྲུངས་རྒྱལ་པོ་འཁྲུངས།།རྒྱལ་པོ་འཛམ་གླིང་སེང་ཆེན་འཁྲུངས།།གཏམ་རྒྱུད་དང་པོ་བྱུང་ས་དེ།།སེང་ཆེན་ནོར་བུ་དགྲ་འདུལ་ཡིན།།བླ་མ་མ་འཁྲུངས་བླ་མ་འཁྲུངས།།བླ་མ་ཆོས་དབྱིངས་རྡོ་རྗེ་འཁྲུངས།།ཁ་དར་དང་པོ་འབུལ་ས་དེ་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཡིན།།

叙述了对家乡的热爱,以及对祖先丰功伟业的歌颂。

这首歌中对果洛地区的著名神山阿尼玛卿雪山和黄河,历史伟人森钦诺布占堆和曲阳多杰大师进行了赞颂,表达了对家乡的热爱与对先祖们的丰功伟绩的赞美之情。歌词:山之形成,形成了山王阿尼玛卿,第一缕日光照射之处,便是东方的阿尼玛卿;河之形成,形成了万里黄河,第一朵鲜花盛开之处,便是黄河之畔;王之诞生,诞生了森钦之王,第一则故事的产生,便是由森钦诺布占堆开始;大师之诞生,诞生了曲阳多杰大师,第一条哈达所献的,便是曲阳多杰大师。