02 Nov 2014
5 min 15 sec
Video Overview
Creators:
Tibetan & Himalayan Library
ikko from Meshül village in Tsekhok tells the story of Nya Tupten, his name, and his demise.
འདིར་གཉའ་ཐུབ་བསྟན་ཞེས་པའི་མི་དེ་ཇི་ལྟར་བྱུང་བ་དང་རྗེས་ནས་རྩིས་པ་ཞིག་གིས་ཁོ་ལ་རྩིས་འཁྱོག་བླངས་བས་མཐར་གཞན་གྱིས་བསད་པའི་གཏམ་རྒྱུད་བརྗོད་ཡོད།
འདིར་གཉའ་ཐུབ་བསྟན་ནི་ཨ་ཡེ་ཁེར་འདུག་ཞིག་གི་བུ་ཡིན་པ་དང་། གཉེན་ཐུབ་བསྟན་ཞེས་འབོད་ཚུལ་ཡང་ཡོད་། ས་དེའི་མིང་དུ་གྲགས་པའི་བུ་རྒོད་ཅིག་ཡིན་མོད། རེ་ཞིག་རྩིས་པ་ཞིག་གིས་རྩིས་འཁྱོག་བླངས་བས་ཁོ་རང་བསད་པའི་གཏམ་རྒྱུད་བརྗོད་ཡོད་ལ། འདི་ནི་ས་གནས་ཀྱི་མི་སྣའི་ལོ་རྒྱུས་དངོས་བརྗོད་པའི་གཏམ་རྒྱུད་ཅིག་ཡིན།
这段视频讲述了聂土的人生,是属于当地的历史传说。
这段视频讲述了聂土登是一位独身老人的儿子,当时很有名气男子,但是被一位算命人算卦后指引了错误的道路,结果被人陷害了 。是一段讲述当地名人的传说视频。
- གཉའ་ཐུབ་བསྟན་ནི་དཔེ་མི་སྲིད་པ་ཞིག་སྐྱེས།
- དང་པོ་ཡིན་ན་ཁོ་ནི་ཨ་ཡེ་ཁེར་འདུག་ཞིག་གི་བུ་ཡིན།
- ཚེར་ཤུལ་ཞིག་ནས་རུ་བཞུགས་ལ་བསྡད་ཡོད།
- དགོང་མོ་སྐྱ་མི་ཞིག་ཡོང་ནས་ཞག་གི་བསྡད་ཐལ་ཟེར།
- ཁྱོད་འདྲའི་འགྲུལ་པ་རྩ་ཆེན་ངའི་ཁྱིམ་འདི་ན་འདུག་སྲོལ་མེད་ཅེས་བཤད།
- སྐྱོན་མེད། འདུག་སྲོལ་ཡོད་གི ང་རང་བསྡད་ན་ཆོག་ཟེར།
- དགོང་མོ་ཨ་ཡེ་དེའི་མདུན་ནས་བསྡད་པ་ཡིན།
- བསྡད་རྗེས་ཁྱོད་ལ་བུ་ཞིག་སྐྱེས་པ་དང་དེའི་མིང་ལ་གཉའ་ཐུབ་བསྟན་ཞེས་ཐོགས།
- དེ་བཤད་ཚུལ་གཅིག་ཡིན་པ་དང་ཁ་ཤས་ཤིག་གིས་གཉན་ཐུབ་བསྟན་ཟེར་ནི་རེད་ཟེར།
- ཁ་ཤས་ཤིག་གིས་གཉའ་ཐུབ་བསྟན་གྱི་ཁྱིམ་ཚང་སྟེ་རྐང་ཚ་གཉའ་ཚང་གི་ཡིན།
- གཉའ་ཐུབ་བསྟན་ཞེས་ཟེར།
- ཁྱིམ་ཚང་གི་འབྱུང་ཁུངས་ནི་རྐང་ཚ་གཉའ་ཚང་གི་ཡིན་པས་གཉའ་ཐུབ་བསྟན་ཞེས་ཟེར།
- ཁ་ཤས་ཤིག་གིས་དེ་ཡིན་པ་མ་རེད།
- གཉན་ཐུབ་བསྟན་ཡིན་ནི་རེད་ཟེར།
- སྐྱ་མི་དེས་དེ་ལྟར་བཤད་པ་རེད།
- དེ་ནས་བུ་ཞིག་སྐྱེས་པ་དེ་དཔེ་མི་སྲིད་པ་ཞིག་སྟེ་གཉའ་ཐུབ་བསྟན་ཡིན།
- ཨ་མྱེས་བྲག་རིའི་སྲས་ཡིན་ཟེར།
- རྗེས་ནས་དཔེ་མི་སྲིད་པ་ཞིག་སྐྱེས་པ་རེད།
- དེའི་རྗེས་ནས་ཁོ་ལ་རྩིབས་ལ་ངར་བ་ཞིག་ཡོད་པ་དང་དེ་གཉིས་ཐོ་མ་ཐུག
- རྩིབས་ས་ཡིས་རྩིས་ཁྱོག་བླངས་པ་ཡིན།
- རྩིས་ཁྱོག་བླངས་པས།
- སོ་ནག་བོན་ཕྲུག་ཁོ་ཚང་ལ་སྐུ་རིམ་བཅའ་རུ་ཡོང་གི་ཡོད།
- དེ་རིང་ཁྱོད་ཉི་མ་ནུབ་ཕྱོགས་སུ་སོང་དང་ཅིག་ཡོང་གི་ཡོད།
- ཨ་ཕ་ཡིན་ནའང་ལོང་དང་ཨ་མ་ཡིན་ནའང་ལོང་དང་།
- དེ་ཁྱོད་ལ་ཕན་པ་མེད།
- དེའི་རྗེས་ན་ཡོད་པ་དེའང་འཆོར་དུ་མ་འཇུག
- ཅེས་རྩིབས་ས་དེ་མ་དྲང་བ་རེད།
- གནད་དོན་གཙོ་བོ།
- སྔོན་ལ་དཔོན་ཡོང་བ་དེ་ལངས་པ་དང་།
- རྗེས་ན་མགོ་གཡག་ཡོད་པ་དེད་ཡོང་ནས་བཤས།
- བཤས་རྗེས་གཡོས་བླུགས་ནས་ཐབ་ལ་འཚོད་སྐབས།
- ཆུང་མས་ཁ་ཕྱིར་འཁོར་ནས་ཅིག་འགྲིག་མེད་པ་འདྲ་ཟེར།
- ནང་གི་གཡོས་ཀྱི་མགོ་རྣམས་སྦྲུལ་དང་འདྲ་བར་འགུལ་བཞིན་ཡོད།
- མིག་འཕྲུལ་བྱུང་པ་རེད།
- དེ་ནས་རེམ་པར་མགོ་བཅད་དེ་ཟས་པ་ན་གཡོས་རེད་ཟེར།
- གཡོས་ཡིན་རྒྱུ་རེད།
- དེ་ནས་སོ་ནག་བོན་པས་མཐུ་བཏང་ཏེ་གཏོར་མ་མང་པོ་འཕངས་ནས།
- དེ་ནས་སོ་ནག་བོན་པས་ཚ་ཟུར་ཕུལ་པ་ན་ན་མགོ་བརྩམས་པ་དང་བཟུང་།
- བཟུང་རྗེས།
- ང་ཅིག་གིས་གསོད་ནའང་ཐང་།
- སྲོལ་ལྟར་ཁོ་རང་ལུང་བ་མགོ་ལུ་ཞིག་གི་ནང་དུ་བཅུག་ནས།
- རྒྱུ་མ་ཚེར་མགོ་འཕངས་ན་ཁྱོའི་གཉེན་ཡིན།
- ང་མར་འགྲིལ་འགྲོ་ནའང་ཐང་།
- ང་མར་ཐུར་ལ་འགྲིལ་ན་སེམས་ཅན་ལྟར་རེད།
- ཡར་འགྲིལ་ན་ང་ཁྱོའི་གཉེན་ཡིན།
- ང་ཆུས་ཁུར་འགྲོ་ནའང་ཐང་།
- ཆུས་ཡར་ལ་ཁུར་སོང་ན་ཁྱོའི་གཉེན་ཡིན།
- ཆུས་ཐུར་ལ་ཁུར་སོང་ན་ཁྱོའི་གཉེན་མིན།
- རྗེས་ནས་དངོས་ནས་མགོ་ལུ་ཞིག་གི་ནང་དུ་བྲག་རིའི་བར་དེ་ན།
- དེ་མིན་བྲག་རི་ལས་གཅིས་བོས་དུས་རྟ་ནི།
- མཐའ་ཡིན་ནའང་། བྲག་ཡིན་ནའང་། རི་ཡིན་རུང་ཐོགས་པ་མེད།
- འཕུར་སོང་བ་འདྲ་འདྲ་ཞིག་ཡིན་པ་རེད་ཟེར།
- དེ་ནས་བཟུང་རྗེས་ཁོ་རང་མི་ཤ་ཡོད་པ་ཞིག་ལ་ཐུག་ནས།
- མི་དེ་ལ་མིང་ཞིག་ཡོད་མོད་ངས་བརྗེད་སོང་བ་རེད།
- ལུང་བ་མགོ་ལུ་ཞིག་གི་ནང་དུ་བཅུག་ནས།
- གཉའ་ཐུབ་བསྟན་གྱིས་ང་ཚོས་གྱོད་བཤད་ཟེར།
- དེ་རིང་ཁྱོད་གཉིས་ཀྱིས་ང་ཐུབ་ཀྱང་ཐུབ་ལ།
- གསོད་ཀྱང་གསོད་ཐུབ།
- ཁྱོད་གཉིས་ཀྱིས་མི་གསོད་པ་ལས་བསད་ན་བཟང་ཞེས།
- ཁོའི་སྤུན་དེ་རྗེས་ནས་ཐོན་ནས་ཁོ་ངེས་པར་དུ་གསོད་དགོས་ཞེས་ནས།
- ཕྱིར་ཉིན་དངོས་ནས་ཁོག་བཤག་ནས་རྒྱུ་མ་ཚེར་མགོ་གཡེང་བར་བྱས་ནས།
- དེ་ལྟར་བསད་ཞེས་པའི་བཤད་ཚུལ་ཡོད།