Video Overview
Jikko from Meshül village in Tsekhok tells a story about the origin of a Tibetan proverb.
འདིར་སྡུག་མི་ཉན་ཀོའུ་སྡེའི་དཔོན་པོ་རེད། ཐུག་མི་ཉན་མཁར་སྒང་ཨ་ཡེ་རེད། ཟེར་བའི་གཏམ་དཔེའི་འདིའི་འབྱུང་ཁུངས་བཤད་ཡོད།
འདིར་ས་གནས་ཤིག་གི་གཏམ་དཔེའི་བྱུང་ཚུལ་བཤད་ཡོད་དེ། སྔོན་ཀོའུ་སྡེའུ་དཔོན་པོ་མཆུ་ནག་ཟེར་བའི་དཔོན་པོ་བཙན་པོ་ཞིག་ཡོད་པ་དང་། གལ་ཏེ་ཁོས་བློ་ལ་བབས་པའི་དངོས་པོ་ཞིག་དང་སོག་ལུག་ཅིག་ཡིན་ཚེ་ངེས་པར་དུ་ཁོ་ལ་སྤྲོད་དགོས་པ་རེད། རེད་ཀྱང་རེ་ཞིག་རེབ་གོང་མཁར་སྒང་གི་སྐྱེས་མ་ཞིག་ལ་མཛོ་ཞིག་ཡོད་པ་དེ་ཡང་གོའུ་སྡེའུ་དཔོན་པོས་བློ་ལ་བབས། འོན་ཀྱང་སྐྱེས་མ་དེས་མ་བྱིན་པར་ཁོ་ལ་་སྡུག་མི་ཉན་ཀོའུ་སྡེའི་དཔོན་པོ་རེད། ཐུག་མི་ཉན་མཁར་སྒང་ཨ་ཡེ་རེད་ཅེས་བཤད། དེས་རྗེས་ནས་དཔོན་པོས་བཙན་གྱིས་མོའི་ལག་གི་མཛོ་དེ་བླངས་པ་རེད། འདི་ནི་གཏམ་དཔེ་དེའི་འབྱུང་ཁུངས་ཡིན་ནོ། སྐབས་དེའི་སྤྱི་ཚོགས་ལ་མཚོན་ན་ཉམ་ཆུང་ལ་བརྙས་བཅོས་དང་བླ་མ་དཔོན་པོ་ལ་གུས་གུས་ཞུམ་ཞུམ་བྱེད་པ་ནི་དཔེ་རུ་གྱུར་ཡོད་པའི་མིན་ནག་གི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡང་མཐོང་ཐུབ།
这段视频讲述了一段故事,说明一则地方寓言的起源。
这段视频讲述了一则地方寓言的起源。古德官员一向自私严厉,只要是他喜欢的东西人们都必须送给他。有一次他看上了一位妇女的牦牛,但是妇女没给他还送了一句话,那句话之后成了民间流传的寓言。当时就是有势有财当主,欺负弱小群体的社会。
- Repgong
- ཀོའུ་སྡེའུ་དཔོན་པོ་མཆུ་ནག་ཟེར་བའི་དཔོན་པོ་བཙན་པོ།
- དཔོན་པོ་ངར་བ་ཞིག་ཡིན།
- ཁོས་མི་རྣམས་ཀྱི་མཛོ་ཡག་པོ་ཞིག་དང་རྟ་སོགས་མཆོག་ཏུ་གྱུར་བ་ཞིག་ཡོད་ན།
- བློ་ལ་བབས་པ་ཞིག་ཡིན་ཚེ་ཡིན་གཅིག་མིན་གཅིག་ལག་གི་ལེན་པ་ཡིན།
- ཁག་འཇོག་ས་ཞིག་བཙལ་ནས།
- རེབ་གོང་གི་སྨད་ཕྱོགས་ན་མཁར་སྒང་ཚོ་ཟེར་བ་ཞིག་ཡོད་པ་དང་།
- མཁར་སྒང་ཚོ་ཟེར་དེ་ལ་སོང་བ་ན།
- ཨ་ཡེ་ཞིག་གིས་འགྲམ་ན་མཛོ་མོ་ཞིག་བཏགས་ཡོད་པ་རིག་ནས།
- ཨ་ཡེ། མཛོ་ཚོང་དང་ཞེས་བཤད་པ་ན།
- ཨ་ཁུ་དཔོན་པོ་མཛོ་ལེ་བཙོང་མོད།
- ཁྱོད་སྡུག་མི་ཉན་ཀོའུ་སྡེའི་དཔོན་པོ་རེད།
- ཁྱོད་ལ་མཛོ་བཙོང་དགོས་ཀྱང་།
- ང་ཐུག་མི་ཉན་མཁར་སྒང་ཨ་ཡེ་ཡིན་ནི་རེད་ཅེས་བཤད།
- ཨ་ཡེ་ཡིས་མཛོ་མ་བྱིན།
- སྤྱིར་ཡིན་ན་སྟེར་དགོས་པ་ནི་ཚོང་ཟེར་བ་དེ་རེད།
- རྗེས་ནས་རེ་ཞིག་ལ་ཨ་ཡེའི་ཁྱིམ་ལ་གློ་བུར་དུ་ཡོང་ནས།
- ཨ་ཡའི་མཐའ་སྐོར་ནས།
- ཨ་ཡེ་ཚབ་པས། ཁ་ཕྱིར་འཁོར་ནས་བཙོག་པས།
- མཛོ་དེ་མ་བྱིན་ན་ཡར་མ་ལངས་པ་རེད།
- དེ་ནས་མཛོ་དེ་བྱིན་པ་རེད།
- སྡུག་མི་ཉན་ཀོའུ་སྡེའི་དཔོན་པོ།
- ཐུག་མི་ཉན་མཁར་སྒང་ཨ་ཡེ་ཟེར་བ་ནི།
- རེབ་གོང་མཁར་སྒང་ཟེར་བའི་ཨ་ཡེ་དེའི་གཏམ་དཔེ་དེ་ཡིན།
- དཔེར་བཞག་ན་གཏམ་དཔེ་ཚང་མར་དེའི་ཁུངས་རེ་ཡོད་པ་ཡིན།