Skip to main content Skip to search
05 Sep 2018
3 min 32 sec
Video Overview
Creators: 
Dawa Tshering, Tseten Tshering

Dorji Bidha from Bongo Gewog (county) in Chukha district, sings an old Zhungdra (Bhutanese classical) song called "Jana Yul Gi Phajab" (On the Other Side of China). This song is comprised by slow and long tunes and is always performed in a straight line with a leader in the middle. He/she is the one who will lead the dance steps and the rest of the performers will synchronize their moves according to his/her lead. The song tells of a queen called Dramzay Gyem who gave birth to three sons and each son was believed to be the body, mind and speech incarnations of Buddha. As the song is a religious song, it is performed in any kind of auspicious celebration, gathering and ceremony.

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་རྡོ་རྗེ་བུ་དར་གྱིས་ གཞུང་སྒྲའི་གླུ་གཞས་ གཡུས་རྒྱ་ནག་གཡུས་ཀྱི་ཕ་རོལ་དུ་ ཟེར་མི་གཞུང་སྒྲའི་གླུ་གཞས་ཅིག་འཐེན་ནི་འདུག གླུ་གཞས་འདི་ གདངས་དབྱངས་རིངམོ་སྦེ་འཐེན་ནི་ཡོདཔ་ད་ གླུ་གཞས་འདི་ གཡུས་རྒྱ་ནག་གཡུས་ཀྱི་ཕ་རོལ་དུ། །གཡུས་བལ་པོ་གཡུས་ཀྱི་མཚམས་ལ། །ཡུམ་དེ་བྲམ་ཟེ་རྒྱལམོ་གིས་ སྲས་གསུམ་འཁྲུངས་མི་དེ་ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཨིན་པའི་སྐོར་ལས་སྟོནམ་ཨིན་པས། གླུ་གཞས་འདི་ ཆོས་དང་འབྲེལ་བའི་གླུ་གཞས་ཅིག་འབདཝ་ལས་ རྩ་ཆེ་བའི་དུས་སྟོན་དང་དགའ་སྟོན་ག་བཟུམ་ཅིག་ནང་ཡང་འཐེན་བཏུབ་པའི་གླུ་གཞས་ཅིག་ཨིན་རུང་ ཡོངས་གྲགས་གནམ་མེད་ས་མེད་ཅིག་མེད་ནི་དེ་གིས་ ས་གནས་གཞན་ཁ་ལུ་འཐེན་སྲོལ་མེདཔ་ཨིན་པས།

Transcript search
No results found for this search
0 of 0
  • རྡོ་རྗེ་བུདྡྷ་ Dorji Bidha
    གཡུས་རྒྱ་ནག་གཡུ་གི་ཕ་རི་འདུག །གཡུས་བལ་པོ་གཡུས་ཀྱི་ལ་མཚམས་ལ། །
  • རྡོ་རྗེ་བུདྡྷ་ Dorji Bidha
    ཡུམ་འདི་བྲམ་ཟེ་རྒྱལ་མོ་སྲས་གསུམ་འཁྲུངས། །སྲས་ལ་ཆེ་བའི་ཞལ་ལ་[གསུངས་གཡོ་མེད། །?]
  • རྡོ་རྗེ་བུདྡྷ་ Dorji Bidha
    སྲས་ལ་ཆེ་བའི་ཞལ་ལ་སྤྲུལ་སྐུ་ཟེར། །སྲས་ལ་བར་པའི་ཞལ་ལ་ཆོས་སྐུ་ཟེར། །
  • རྡོ་རྗེ་བུདྡྷ་ Dorji Bidha
    སྲས་ལ་ཆུང་བའི་ཞལ་ལ་ལོངས་སྐུ་ཟེར། །ང་བཅས་སྤྲུལ་སྐུ་ཆོས་སྐུ་ལོངས་སྐུ་གསུམ། །
  • རྡོ་རྗེ་བུདྡྷ་ Dorji Bidha
    ཡར་གྱི་དགུང་སྔོན་མཐོན་མོ་མཐོ་རྒྱུ་མེད། །དེ་བ་ང་རའི་བླ་མའི་གཟིམ་ཅུང་མཐོ། །
  • རྡོ་རྗེ་བུདྡྷ་ Dorji Bidha
    བཀའ་དྲིན་ཆེ་ལགས།། །།