Video Overview
Yeshé from Gartsé village in Repgong tells the story of a poor man who tried to help his skinny yak gain weight.
ཁྱིམ་ཚང་ཞིག་གི་མཛོ་མོ་ལ་ཤ་ཤེད་རྒྱས་རྒྱུ་མེད་པས་རེ་ཞིག་ཁྱིམ་བདག་གིས་མཛོ་མོའི་རྒྱབ་ལ་ལ་ཆ་སྦྱར་ནས་འགྲོ་རུ་བཅུག་པའི་གཏམ་བརྗོད་ཡོད།
བརྙན་ཐུང་འདིར་སྔོན་དབུལ་བོ་མ་བུ་གཉིས་ལ་མཛོ་གཅིག་ཡོད་པ་དང་། མཛོ་དེ་ཇི་ལྟར་གསོས་ཀྱང་ཤ་ཤེད་མི་རྒྱས་པས་རེ་ཞིག་དེའི་རྒྱབ་ལ་ལ་ཆ་སྦྱར་ནས་འགྲོ་རུ་བཅུག ཉིན་གུང་དུས་ལ་བུ་དེ་སོང་ནས་བལྟས་པ་ན་མཛོ་ཡི་རྒྱབ་ན་རི་བོང་གཅིག་དང་སྟག་གཅིག སྤྱང་ཀི་གཅིག་བཅས་འབྱར་འདུག བུ་དེས་ཁོ་ཚོ་གསོད་རྩིས་བྱས་པ་ན་དེ་ཚོའི་ཞུ་བ་བྱས་ནས་སྟག་གིས་ཁོ་ལ་ཟླ་བ་གཅིག་གི་ཟ་མ་ཁས་ལངས་ནས་ཕྱིའི་ཉིན་ཟོག་རོ་ཞིག་ཁྱེར་ཡོང་ནས་བྱིན་པ་དང་། སྤྱང་ཀིས་ཉིན་གཅིག་གི་ཟ་མ་ཁས་ལངས་ནས་ལུག་རོ་ཞིག་ཁྱེར་ཡོང་། རི་བོང་གིས་ཁོ་ལ་ཚེ་གཅིག་གི་ཟ་མ་ཁས་ལངས་ཀྱང་ཁྱེར་ཡོང་རྒྱུ་མ་བྱུང་། དེ་ནས་ཉིན་འགའ་འགོར་རྗེས་རི་བོང་གིས་ཐབས་བརྒྱ་ཇུས་སྟོང་གིས་ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་ཁོ་རང་གི་མནའ་མར་བསླངས་པ་དང་། ཡང་ཕྱུག་པོ་ཚང་ན་འདྲེ་མོ་ཞིག་ཡོད་པ་དེ་བསད་ནས་དེ་ཚང་གི་རྒྱུ་ནོར་ཡོད་ཚད་བུ་དེར་བྱིན་པའི་གཏམ་རྒྱུད་བརྗོད་ཡོད།
这段视频讲述了一户穷人家牦牛一直是瘦弱的状态。有一天在牦牛背上涂上一层脂胶,之后再去看的时候牦牛背上粘着一只兔子和狼,还有一只老虎的故事。
故事讲述了从前有两个母子,贫穷得只剩下了一头牦牛。但是那头怎么养都不会肥壮,有一次男孩在牛的背上涂了一层脂胶,等中午再去看的时候牛背粘着一只兔子和狼,还有一只老虎。当他吓唬要宰掉它们的时候开始求情,老虎答应给他带上一个月的食物,狼答应给他带一天的时候。它们都如期带给了他,但是答应给他一辈子食物的兔子却迟迟不给。等过了几天后兔子用千方百计把国王的女儿嫁给了他,而且有一户富贵人家的妖女也送死后把所有的财产都给了他。
- ཕྱུག་པོ་ཚང་ཞིག་ཡོད་པ་རེད།
- ཕྱུག་པོ་ཚང་གི་གཡག་དང་མཛོ་རྣམས་ལ་ཤེད་ཧ་ཅང་འབུད།
- ཅི་ལྟར་བཀོལ་སྤྱོད་བྱས་ཀྱང་ཤེད་འབུད་པ་ཡིན།
- རྒན་མོ་མེད་པོ་ཁེར་འདུག་ཅིག་ཡོད་པ་དང་།
- དེ་ལ་བུ་གཅིག་དང་མཛོ་རྒན་གཅིག་མ་གཏོགས་མེད།
- གཅིག་པོ་དེ་ཇི་ལྟར་སྐྱིད་ཀྱང་ཤ་ཤེད་རྒྱས་རྒྱུ་མེད།
- ཉིན་ཞིག་ལ།
- འུ་ཚང་གི་མཛོ་རྒན་འདི་ཅི་འདྲ་སྐྱིད་ཀྱང་ཤ་ཤེད་རྒྱས་རྒྱུ་མེད་གི
- ཕྱུག་པོ་ཚང་གི་དེ་དག་བཀོལ་སྤྱོད་བྱས་ཀྱང་ཤ་ཤེད་རྒྱས་པ་འདི་ཅི་ཞིག་ཡིན་ནམ།
- དེ་རིང་ངས་མཛོ་རྒན་འདིའི་རྒྱབ་ལ་ལ་ཆ་སྤྱར་ནས་འགྲོ་རུ་འཇུག་རྒྱུ་ཞེས་ནས།
- དེ་བྱས་ཟེར་ནས་ལ་ཆ་སྤྱར་ཏེ་འགྲོ་རུ་བཅུག་པ་ཡིན།
- དེ་ལྟར་ཉིན་གུང་སོང་ནས་བལྟས་པ་ན།
- མཛོ་རྒན་གྱི་རྒྱབ་ན་སྟག་ཅིག་དང་། སྤྱང་ཀི རི་བོང་བཅས་ཞོན་འདུག
- དེ་ནས་ཁོ་རང་རྒྱུགས་ཏེ་སོང་བ་ན།
- ཁོ་ཚོས་ཤེས་པ་ན་འབབ་བསམས་མོད་འབྱར་སོང་བས་འབབ་མ་ཐུབ་པ་རེད།
- སྐབས་དེར་སྟག་བཟུང་ནས་ངས་ཁྱོད་གསོད་རྒྱུ་ཟེར།
- ཁྱོད་ཀྱིས་ང་མ་གསོད་དང་ངས་ཁྱོད་ལ་ཟླ་བ་གཅིག་གི་ཟ་མ་སྟེར་ཟེར།
- དེ་ཡིན་ན་བཟང་གི་ཞེས་ཐང་ལ་བླངས།
- དེའི་རྗེས་ན་སྤྱང་ཀི་ཡོད་པ་དང་སྤྱང་ཀི་ལ་ངས་ཁྱོད་གསོད་རྒྱུ་ཟེར།
- ཁྱོད་ཀྱིས་ང་མ་གསོད་དང་ངས་ཁྱོད་ལ་ཉིན་གཅིག་གི་ཟ་མ་འཁྱེར་ཡོང་ཟེར།
- དེ་ཡིན་ན་བཟང་གི་ཞེས་ཐང་ལ་བླངས།
- རི་བོང་ལ་ངས་ཁྱོད་གསོད་རྒྱུ་ཟེར།
- ཁྱོད་ཀྱིས་ང་མ་གསོད་དང་ངས་ཁྱོད་ལ་ཚེ་གཅིག་གི་ཟ་མ་འཁྱེར་ཡོང་ཟེར།
- དེ་ཡིན་ན་བཟང་གི་ཞེས་འཕངས་པ་རེད།
- དེའི་ཕྱིར་ཉིན་སྟག་གིས་ཟོག་རོ་ཞིག་དྲུད་ཡོང་ནས་བྱིན་པ་ཡིན།
- ཁྱོད་ལ་ཟླ་གཅིག་གི་ཟ་མ་ཁྱེར་ཡོང་ཡོད།
- ད་བཟང་གི་ཞེས་བཤད།
- སྤྱང་ཀིས་ལུག་རོ་ཞིག་དྲུད་ནས་ཡོང་།
- ཉིན་གཅིག་གི་ཟ་རྒྱུར་འདང་བ་ཡིན་ཟེར།
- རི་བོང་ཡོང་རྒྱུ་མ་བྱུང་བ་རེད།
- རི་བོང་བཙལ་དུ་སོང་བ་ན་རི་བོང་གཉིད་ནས་བསྡད་ཡོད།
- རི་བོང་། སྟག་དང་སྤྱང་ཀི་གཉིས་ཀྱིས་ཟླ་གཅིག་དང་ཉིན་གཅིག་གི་ཟ་མ་ཁྱེར་ཡོང་ཡོད།
- ཁྱོད་ཀྱིས་ང་ལ་ད་རུང་འཁྱེར་ཡོང་རྒྱུ་མེད་པར།
- འདི་ལྟར་གཉིད་ནས་བསྡད་ཡོད།
- ངས་ཁྱོད་གསོད་རྒྱུ་ཟེར།
- ཁྱོད་ཀྱིས་ང་མ་གསོད་དང་ངའི་ལག་ལ་ཡོང་ལ་ཉེ།
- ད་རུང་ཡོང་མེད་མོད་ཡོང་ལ་ཉེ་ཟེར།
- ཡ་ད་ཁྱོད་ཀྱིས་ནམ་ཞིག་ལ་འཁྱེར་ཡོང་ཐུབ་བམ་ཞེས་པ་ན།
- ཉི་མ་བཤད་ནས་དེའི་ནང་དུ་འཁྱེར་ཡོང་ཐུབ་ཟེར།
- ཡ་ཞེས་ནས་བུད་སོང་བ་རེད།
- ཉི་མ་དེ་ཐོན་ཡང་ཁྱེར་ཡོང་རྒྱུ་མ་བྱུང་།
- ཡང་བཙལ་དུ་སོང་བ་ན་གཉིད་ནས་བསྡད་ཡོད།
- དེ་རིང་ངས་ཁྱོད་གསོད་རྒྱུ་ཡིན།
- འུ་གཉིས་ཀྱིས་བཤད་ཟིན་པའི་ཉི་མ་དེང་ཐོན་འདུག
- ཁྱོད་ཀྱིས་མ་གསོད་དང་ངའི་ལག་ལ་ཡོང་ལ་ཉེ།
- ད་རུང་ཅུང་ཙམ་ལ་སྒུག་དགོས།
- ཉི་མ་འདི་འདྲ་ཞིག་གི་ནང་དུ་ཁྱེར་ཡོང་།
- ཉི་མའི་གྲངས་ཀ་ངས་བརྗེད་སོང་།
- སྐབས་དེར་ད་རུང་མེད་ན་ངས་ཁྱོད་གསོད་རྒྱུ་ཡིན་ཟེར།
- སྐབས་དེར་མེད་ན་ཁྱོས་ང་བསད་ཆོག་ཟེར།
- ཡ་ཞེས་ནས་ཉིན་དེར་བཙལ་མི་དགོས་པར་ཚུར་ཐོན་ནས།
- ཡིན་ཡང་གཅིག་ཀྱང་ཁྱེར་ཡོང་མེད།
- ངའི་ཚེ་གཅིག་གི་ཟ་མ་གང་ན་ཡོད་ཟེར་བ་ན།
- ད་དྲག་གི
- ཁྱོད་སོང་ནས་ཕྱུག་པོ་དེ་ཚང་ལ།
- རྐང་བཅུ་གཅིག་ལ་འདང་པའི་གོས་གཉིས་བསླངས་ནས་འཁྱེར་ཤོག་ཟེར།
- ཅི་ཞིག་བྱེད་དམ་ཞེས་དྲིས་པ་ན་ཁྱོད་ཀྱིས་ཁྱེར་ཤོག་དང་དྲག་གི་ཟེར།
- ཡ་ཞེས་བཤད་ནས་གོས་དུམ་བུ་དེ་འདྲ་གཉིས་ཁྱེར་ཡོང་།
- འདིའི་ཅི་བྱེད་དམ་ཞེས་དྲིས་པ་ན།
- གཅིག་རུམ་ལ་བསྡུས་དང་།
- གཅིག་གིས་ཁྱོད་ཀྱི་རྐང་མ་ལྕིབས་སྤྱད་བྱས་དང་།
- དེ་ལྟར་བྱོས་དང་འུ་གཉིས་ཀྱིས་ཁྱོད་ལ་ཆུང་མ་ཞིག་བསླང་ཟེར།
- ཨ་ཁུ་རྒྱལ་བོ་ཚང་གི་སྲས་མོ་བསླང་དུ་འགྲོ་ཟེར།
- ང་སྤྲང་བོ་ཞིག་ལ་སྲས་མོ་ཞིག་སྟེར་རམ།
- མ་བྱིན་ཡང་ཁྱོད་ཀྱིས་སྔོན་ལ་ལྕིབས་ནས་ཤོག་དང་ཟེར།
- ཡ་ཞེས་ནས་རྐང་མགོར་ལྕིབས་ནས།
- དེའི་ཕྲོར་ཨ་ཁུ་རྒྱལ་བོ་ཚང་ལ་མནའ་མ་བསླངས་ནས་མི་སྟེར་ན།
- ངས་ཁྱོད་ལ་ལྷམ་རྩ་རྗེས་དང་ཡུལ་ལ་འགྲོ་ཟེར།
- རེམ་པར་ལྷམ་ཕུད་ནས་སྔོན་ལ་ལྕིབས་ཡོད་པ་དེ་མར་འཕངས་ནས།
- རུམ་གྱི་གོས་དེ་བླངས་ནས་རྐང་བ་ལྕིབས་དགོས་ཟེར།
- ཡ་ཞེས་བཤད་ནས།
- ཨ་ཁུ་རྒྱལ་བོ།
- ཁྱོད་ཀྱི་སྲས་མོ་ང་ལ་མནའ་མ་དགོས་ཟེར།
- ངས་ཕྱུག་པོ་གང་ཡོད་དག་ལ་མ་བྱིན་པར་ཁྱོད་ལ་ཨེ་སྟེར་རམ་ཟེར།
- ཕྱུག་པོ་གང་མང་ཡོད་ཀྱང་།
- ངའང་ཅུང་ཙམ་ཡོད་ནི་ཚང་ཞིག་ཡིན།
- བུ་འདིའང་།
- ཁྱོད་ཚང་ལ་འགྲན་མི་ཕོད་མོད།
- ཁྱོད་ནི་སྤྲང་པོ་ཞིག་རེད་། བུ་འདི་ངས་ཤེས་གི་ཟེར།
- བུ་ཆུང་འདིས་རང་ལ་ཡོད་པ་རྣམས་ཕྱིར་རུ་ཕུད་ཀྱི་མེད།
- བསོད་ནམས་ཡོད་ན་ཁོག་ཏུ་བསྡུས།
- རྐང་ལག་ཟུར་ལ་ཐོགས་ལ་འོག་ཏུ་བསྡུས་ཞེས་པ་ལྟར་ཡིན།
- མི་སྟེར། མི་སྟེར་ཟེར།
- མི་སྟེར་ན་མི་སྟེར། བུ་ཆུང་ལྷམ་རྗེས་དང་འགྲོ་ཟེར།
- ཡ་ཞེས་ནས་ཞི་ལུས་ཀྱང་རྐང་མགོར་གྱོན་ཡོད་པ་ཕུད་ནས་རུམ་གྱི་གོས་དེས་ལྕིབས་ནས།
- ཨ་ཙི། ང་རྒྱལ་བོ་རེད་ཀྱང་ངས་གོས་ཀྱིས་རྐང་ལྕིབས་ཤིག་བྱས་མ་མྱོང་།
- ཡ་ད་སྦྱིན་པ་ཡིན་ཟེར།
- དེ་ན་བཟང་གི ངས་སྔོན་ལ་ཁྱོད་བཤད་མྱོང་།
- མེད་ནི་ཞིག་མིན།
- བསོད་ནམས་ཅན་པོ་ཁོག་ལ་བསྡུས་ནས།
- རྐང་ལག་ཟུར་ཏུ་ཐོགས་ལ་འོག་ཏུ་བསྡུས་དགོས་ཞེས་བཤད་ཡོད།
- བདེན་གི ཁྱོད་ཀྱིས་བཤད་པ་ཁོ་ཐག་རེད།
- དེ་བདེན་པ་རེད།
- དེས་ན་ཅི་བྱེད་དམ་ཞེས་པ་ན།
- སང་ཉིན་སྟོན་མོ་བྱེད་དགོས་ཟེར།
- སུས་མགོ་ལྟོས་བྱེད་རྒྱུ་ཡིན་ཟེར་བ་ན།
- ངས་མགོ་ལྟོས་བྱེད་ཟེར།
- དེས་ན་ཁྱོད་ཀྱི་མགོ་ལྟོས་ཅི་ཞིག་ཡིན་ཞེས་བཤད།
- ངའི་མགོ་ལྟོས་ནི་བག་མ་འཁྱེར་ཡོང་སྐབས་ཀུ་བཏབ་ནས་བུའུ་བརྒྱབ་ཏེ་ཡོང་དགོས།
- ཡ་ད་དེ་ལ་བཤད་རྒྱུ་མེད་ཟེར།
- དེ་ནས་ཕྱིར་ཡོང་ནས།
- ཨ་ཁུ་རི་བོང་གིས་ད་ཅི་བྱེད་དམ།
- ངེད་ཚང་གི་ཁྱིམ་ལ་ཡོང་ན་ངེད་གཉིས་ལ་ཟ་རྒྱུ་འཐུང་རྒྱུའང་མེད།
- ད་དྲག་ནི་རེད། སྐྱོན་མེད།
- ཁྱོད་ཡུལ་ལ་སོང་།
- ཡང་དེ་ན་ཕྱུག་པོ་ཚང་ཞིག་ཡོད།
- ཕྱུག་པོ་ཚང་གི་རྒད་པོ་མེད་པ་རེད།
- རྒན་མོ་ནི་འདྲེ་མོ་ཞིག་ཡིན།
- ཨ་ཁུ་རི་བོང་གང་ལ་སོང་བ་ཡིན་ཞེས་དྲིས།
- ང་རང་བུ་དེར་མནའ་མ་སློང་དུ་སོང་ནས་བྱིན་པ་རེད།
- མནའ་མ་ང་ལ་བྱིན་ཐལ་ར་ཞེས་བཤད།
- ཨ་ཙི། ཨ་ཁུ་རི་བོང་ར་ཞིག་འདོགས་པ་ཅི།
- དེ་ད་ཅང་མ་རེད་ར་ཟེར།
- ཨ་ཙི། ཁྱོད་ཀྱིས་ར་ཞིག་འདོགས་པ་ཅི།
- ད་ཅི་ཞིག་ཡིན་རྒྱུ།
- ཟས་ཞིམ་པོ་ཡོད་ན་ཟ་ཚོད་རེད།
- གོས་ཡག་པོ་ཡོད་ན་གོན་ཚོད་རེད།
- སང་ཉིན་དམག་བརྒྱུག་རྒྱུ་རེད
- ད་ཅི་བྱེད་དམ།
- ཡིན་ཡང་ཁྱོད་འགྲོ་ས་ཡོད་གི
- ང་འགྲོ་ས་ཞིག་གང་ན་ཡོད་དམ།
- ཁྱོད་འགྲོ་ས་ཡོད་མོད་ང་འགྲོ་ས་མེད་གི་ཟེར།
- ད་ཅི་ཞིག་བྱེད་ཞེས་བཤད།
- གོན་ནས་མི་ཚར་ལ་ཟོས་ནས་ཀྱང་མི་ཚར་ཟེར།
- མི་ཚར་བར་འདང་རྒྱག་མི་དགོས།
- ཁྱོད་ཀྱིས་དོ་དགོང་ནམ་གང་བོར་ཆོས།
- ཟས་མི་ཚར་ན་ཐང་ལ་བསྒྲིག་དང་།
- གོན་པ་གོན་མི་ཚར་ན་གོས་སོགས་སྣ་ཚོགས་སྒོ་ཕྱི་ནང་གཉིས་ཀར་ཐང་ལ་བཏང་སྟེ་ཞོག་དང་།
- ནང་དུ་བསྡུས་ནས་འཇོག་པ་ལས།
- དམག་གིས་རིག་ན་ཁྱོད་ཚང་ཕྱུག་པོ་ཚང་ཞིག་རེད་འདོད་སྲིད།
- དེ་བདེན་གི་ཞེས་བཤད།
- སང་ཉིན་ང་རང་གང་དུ་འགྲོ་དགོས་སམ་ཞེས་པ་ན།
- ཁྱོད་འགྲོ་ས་ནི་མཚོ་དེའི་ནང་དུ་ཀླུའི་རྒྱལ་བོ་ཚང་གི་འབོད་ཀྱིན་ཡོད།
- ང་འགྲོ་ས་མེད་པ་མ་གཏོགས།
- ཁྱོད་ཀྱིས་སང་ཉིན་ང་མ་སྐྱུར་བར་ཁྱོད་ཀྱི་ཕྱོགས་ཐབས་ལ་ཨེ་ཡོང་གི་ལྟོས་དང་ཟེར།
- དེ་ལོས་བལྟ། ངས་ད་བར་དུ་མ་རིག་པར།
- ཁྱོད་ཀྱིས་སང་ཉིན་ང་མ་སྐྱུར་བར་རྒྱུགས་དང་། ངས་ཁྱོད་ལ་སྟོན།
- ཁྱོད་རང་གཞན་གྱི་འབོད་ཀྱིན་འདུག ང་མེད་གི་ཟེར།
- ཞེས་བཤད་རྗེས་བུད་སོང་བ་རེད།
- བུ་ལ་འདང་རྒྱག་མེད་ཟེར།
- འདྲེ་རྒན་མས་དགོང་མོ་ལོར་ཟ་མ་སྣ་ཚོགས་ཐང་ལ་བསྒྲིགས་པ་དང་།
- གོས་སོགས་ཐང་ལ་བཏང་པ་རེད།
- ནངས་མོར་ཨ་ཁུ་རྒྱལ་བོ་ཚང་གིས་དངོས་ནས་ཀུ་བཏབ་ནས་བུའུ་རྒྱག་ཞོར་དུ་ཡོང་།
- འདྲེ་མོ་བྲོས་པ་རེད།
- ཨ་ཁུ་རི་བོང་གིས་ང་སྒུག་དང་ཞེས་རྒྱུགས་པ་དང་།
- ཡོང་གིན་སྡོད། རེ་མ་ཤོག་དང་། གཞན་ཚང་མ་རྒྱུགས་ཐལ།
- དེ་ནས་སོང་ནས་ཨ་ཁུ་རི་བོང་གིས་མཚོ་ཁ་ནས་ཁྱོད་འབོད་ནི་རེད་ཀྱང་ང་འབོད་ནི་མ་རེད།
- ངས་ལག་གཡུག་ཅིག་བྱེད་དང་།
- ཀུ་ཞིག་བཏབ་ནས་ལག་གཡུག་བྱས་པ་ན།
- ཁོས་ལག་པ་ཐུང་བས་ཆུའི་ནང་དུ་གཟུགས་བརྙན་མི་ཤར་བ་རེད།
- ལྟོས་དང་ང་རང་འབོད་ནི་མེད་གི
- ཁྱོད་ཀྱིས་ཀུ་ཞིག་ཐོབ་དང་ཁྱོད་ལ་འབོད་ནི་རེད་ཟེར།
- མོས་ཀུ་འདེབས་ཞོར་དང་ལག་གཡུག་བྱས་པ་ན།
- མོའི་ལག་པའི་གཟུགས་བརྙན་ཆུའི་ནང་དུ་ཤར་བ་རེད།
- གདོངས་དང་ཁྱོད་རང་འབོད་ཀྱིན་འདུག
- བཟུང་མ་ཐུབ་ཁུལ་བྱས་ནས་འདྲེ་མོ་ཆུའི་ནང་དུ་གདེངས་བ་རེད།
- དེ་ནས་འདྲེ་མོ་ཆུའི་ནང་དུ་འཕངས་བས།
- ཕྱིར་ཡོང་ནས་བག་མ་བསུས་ནས་ཁྱིམ་ལ་བླངས་བ་དང་།
- དེ་ལྟར་བུ་ལ་རྒྱལ་བོའི་སྲས་མོ་ཆུང་མར་བླངས་པ་ཡིན།