Video Overview
Changamo is from Thuenpay village. The song recounts the composer's desire to walk on the left side of the river bank, while his/her lover is walking on the right side. He/she does not want to part from the lover, no matter what other responsibilities may beckon, and wants his/her lover to do the same. The lyrics say he/she will hoist a prayer flag on the pass so that his/her lover will come and accompany his. The song emphasizes true love and being together.
༉ ཁྱོད་ར་རྣམ་གསུམ་ལ་མོའི་གཡས་ལས་བྱོན་ཟེར་མི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་མཐུན་པས་ལས་ བཅོ་ལྔ་མོ་གིས་འཐེནམ་ཨིན་པས། གླུ་གཞས་ཀྱི་ཚིག་དང་འཁྲིལ་བ་ཅིན་ དགའཝ་མཐུནམ་གི་བར་ན་འཐེན་ནི་གི་གླུ་གཞས་ཅིག་ཨིནམ་ད་ ཁྱོད་ར་རྣམས་སུ་ལ་མོའི་གཡས་ལས་བྱོན། །ང་རང་རྣམས་སུ་ལ་མོའི་གཡོན་ལས་བྱོན། །ལ་ལུ་ལབ་རྩ་འཕྱར་ན་མཉམ་དུ་འཕྱར། །ལ་ལུ་ལྷ་བངས་བཏང་ན་མཉམ་དུ་བཏང་ཟེར་ ཆུ་མོ་འཐོན་ས་མ་གཅིག་སོ་སོ་ཨིན་རུང་རང་། །ཆུ་མོ་འབབ་ས་འཁྱིལ་ས་རྒྱ་མཚོའི་གཏིང་ལུ་མས། །ཟེར་དོ་བཟུམ་སྦེ་ འོང་ས་སོ་སོ་ལས་འབད་རུང་ ཟ་ས་འཐུང་ས་གཅིག་ཁར་ཟ་གེ་འཐུང་གེ་ཟེར་ དགའ་མཐུན་གྱི་བར་ནའི་ཧིང་གཏམ་བཤད་པའི་ཚིག་ཅིག་ཨིན་མས།
- Kurtoe
- བལྕོ་ལྔ་མོ་ Changa Moཨོཾ་ལས་(རི་)སངས་རི་ལ། ཁྱོད་རང་རྣམ་གསུམ་ལ་མོའི་གཡས་ལས་བྱོན། །ང་རང་རྣམ་གསུམ་ལ་མོའི་གཡོན་ལས་འགྲོ། །Hey, you all can come from right of the hill, We will go from left of the hill.
- བལྕོ་ལྔ་མོ་ Changa Moཨོཾ་ལས་(རི་)སངས་རི་ལ། ལ་ལ་ལབ་རྩ་འཕྱར་ན་མཉམ་དུ་འཕྱར། །ལ་ལ་ལྷབ་བསང་བཏང་ན་མཉམ་དུ་བཏང་། །Hey, let’s hoist flag together on the hill, Let’s do smoke offering together.
- བལྕོ་ལྔ་མོ་ Changa Moཨོཾ་ལས་(རི་)སངས་རི་ལ། ཁྱོད་རང་རྣམ་གསུམ་ཆུ་མོའི་གཡས་ལས་བྱོན། །ང་རང་རྣམ་གསུམ་ཆུ་མོའི་གཡོན་ལས་བྱོན། །Hey, you all can come from right of the river, We will go from left of the river.
- བལྕོ་ལྔ་མོ་ Changa Moཨོཾ་ལས་(རི་)སངས་རི་ལ། ཆུ་ལ་ཆུ་དར་འཕྱར་ན་མཉམ་དུ་འཕྱར། །ཆུ་ལ་ལྷ་བསང་བཏང་ན་མཉམ་དུ་འཕྱར(བཏང་)། །Hey, lets hoist the water flag together, Lets do smoke offering together.
- བལྕོ་ལྔ་མོ་ Changa Moཨོཾ་ལས་(རི་)སངས་རི་ལ། ཁྱོད་རང་རྣམ་གསུམ་སྤང་སྟོད་གཡས་ལས་བྱོན། །ང་རང་རྣམ་གསུམ་སྤང་སྟོད་གཡོན་ལས་འགྲོ། །Hey, you all can come from right of the meadow, We will go from left of the meadow.
- བལྕོ་ལྔ་མོ་ Changa Moཨོཾ་ལས་(རི་)སངས་རི་ལ། སྤང་ལ་མེ་ཏོག་འཕྱར་ན་མཉམ་དུ་འཕྱར། །སྤང་ལ་ལྷ་བསང་བཏང་ན་མཉམ་དུ་བཏང་། །Hey, lets hoist flower together, Lets do smoke offering together.
- བལྕོ་ལྔ་མོ་ Changa Moལགས་སོ་ལགས།། །།Thank you,