Video Overview
This song called "Langkor" revolves around taming oxen and is sung by Bhutanese farmers. As plowing with bulls is declining fast and being replaced by tractors and power tillers, it has become rare to find a farmer singing the song. In the past, the soothing poetic tunes of the Langkor would be heard while farmers tilled their land with oxen. Bhutanese traditionally tilled their land using a pair of bulls, the type of which often varied according to the location of the fields. Today, although mechanical tractors and power tillers have relieved the farmer and oxen of the pain of hard work, plowing no longer has the natural charm of connecting to the land and the animals.
གླང་སྐོར་འདི་ ང་བཅས་ར་འབྲུག་མི་ས་ནམ་པ་ཚུ་ ཞིང་ནང་གླང་རྨོ་བའི་སྐབས་ སྐད་ཀྱི་གདངས་ཀྱི་ཐོག་ལས་ གླང་གཉིས་ལུ་ཁ་བཀོད་རྐྱབ་སྟེ་ ལཱ་ལེགས་ཤོམ་འབད་བཅུག་ནིའི་དོན་ལུ་ཨིན་རུང་ དུས་ཀྱི་འགྱུར་བ་དང་ རྒྱལ་ཁབ་གོང་འཕེལ་གྱི་ གོམ་པ་མདུན་དུ་སྤོ་བའི་དུས་ཚོད་ལས་བརྟེན་ ས་ནམ་ཞིང་ལཱ་གི་དོན་ལུ་ ཧེ་མ་བཟུམ་སྦེ་གླང་མེན་པར་ འཕྲུལ་གླང་པཱའུ་ཀྲེ་ལར་འདི་ར་ ལག་ལེན་འཐབ་མི་ལུ་བརྟེན་ ཧེ་མ་བཟུམ་སྦེ་གླང་རྨོ་བའི་སྐབས་ གླང་སྐོར་འཐེན་ནི་འདི་ཡང་ཉམས་ཏེ་འདུག། ཏེ་ཧེ་མ་འབད་བ་ཅིན་ ཞིང་རྨོ་བའི་སྐབས་ ཞིང་ནང་གླང་དོས་སྦེ་བཙུགས་ཏེ་ སྐད་འཐེན་ཞིནམ་ལས་ ལཱ་འབད་བའི་སྐབས་ ཉམས་དགའ་ཏོག་ཏོ་སྦེ་འབདཝ་རུང་ ད་རེས་ནངས་པ་ ཞིང་རྨོ་ནི་འདི་འཕྲུལ་གླང་གིས་འབདཝ་ཨིནམ་ལས་ གླང་སྐོར་འདི་ཡང་འཐེན་སྲོལ་མིན་འདུག།
- Wangduephodrang
- Phangyul
- འཕྲིན་ལས Thinleyའོ་་་ཤོག་ས་ག་རི་(??)གཉིས་ཀ་སྨོ། དབའི་པད་སྐོར་བསྒྱིར་བ་ཞེནཔ་མ་ལོག གླང་རྒས་གཉིས་ཀ །
- འཕྲིན་ལས Thinleyཕྱི་འཇམ་འཇམ་དཔེ་འདི་མེད་རུང། ནང་ངར་རུས་ལྕགས་ལས་འགེངས་ད་སྨོ།
- འཕྲིན་ལས Thinleyའོ་་་གླང་རྒས་གཉིས་ཀ །དབའི་་་ནམ་ད་ས་ཟ་བའི། ནཱ་དྲོ་མཛར་འདི།
- འཕྲིན་ལས Thinleyསྭོ་་་ཉི་མའི་ཕྱོགས་ལུ་ཤོག་རྒྱུ་ས་ཡིན། དབའི་ཉི་ཟླ་གཉིས་ཀ ཞིང་གཤོང་ཞིང་དབང་མི། (??)
- འཕྲིན་ལས Thinleyནཱ་་་བོད་ཁར་ལུ། དབའི་་་ང་བཅས་ལྟོ་ཚང་གསུམ་གྱི་སྨོ། འགྲོས་ཆ་ལུ་གནས་ཀྱིས་མི་བཏུབ་པས། ཁོ་རེས་གཉིས་ཀ །(??)
- འཕྲིན་ལས Thinleyདགུང་ཁྲི་གདུགས་ལ་དང་ཆགས་རན་དོ། དབའི་ལྟོ་ཚང་གཉིས་ཀ་ཨ་ལོ། ཡུམ་་་ཡུམ་ཆེན་ཨ་མའི། ཤོག་སྒོ་ཁར་ལུ།(??)
- འཕྲིན་ལས Thinleyཟས་ཁམ་རྩྭ་ཟ་བར་འགྱོ་རན་དོ་གཉིས་ཀ་སྨོ་་་ཡ་ཡ། འ་ནེམ་ཅིག་སྦེ་བཞག་དགོ་པས།