Video Overview
The Dung is a long telescopic trumpet made of copper or brass, measuring three to four meters in length when extended. The instrument is collapsible to make it easier to carry around. These trumpets are always played in pairs, and can be played both seated and standing. Monks play dung indoors during temple rituals, and also outdoors on the ceremonial ground during tshechus (festivals) as well as during formal processions.
༉ དུང་ལུ་ སྤྱིར་བཏང་གི་དུང་དང་དུང་ཆེན་ཟེར་ ལྷམ་པ་གཉིས་སྦེ་ཡོདཔ་ད་ ནང་པའི་ཆོས་ལུགས་འཛིན་མི་ཚུ་གི་དོན་ལས་མེད་ཐབས་མེདཔ་ཅིག་ཨིན། དུང་གི་རིང་ཐུང་འབད་བ་ཅིན་ མི་ཊར་ ༣ དང་ ༤ དེ་ཅིག་ཡོདཔ་ཨིནམ་ད་ དུང་ཆེན་འབད་བ་ཅིན་ དེ་བ་སྦོམ་སུ་ཅིག་དང་རིངམོ་སྦེ་ཡོད། ནང་པའི་ལུགས་ལས་ཆོ་ག་ག་ཏེ་བཏང་སར་འཕུ་ནི་ཡོད་པའི་ཆོས་པའི་ལག་ཆས་ དེ་ཡང་ གནས་སྟངས་དང་བསྟུན་ཏེ་ ཁྱིམ་གྱི་ཕྱི་ཁར་དང་ནང་ན་ག་ཏེ་ཡང་འཕུ་བཏུབ་པའི་མཆོད་ཆས་ཅིག་ཨིན།
- དཔོན་ཆེ་ལ་ Penchelaའདི་ག་ཅི་འབད་ནི་སྨོ?Whats is this for?
- ཚེ་དབང་རྣམ་རྒྱལ་ Tshewang Namgayའདི་ལུ་ཁ་ཆུར་ཟེར་སླབ་འོང་ འ་ནེ་སྦེ་འོང་།Its call Kha Churu, will make like this.
- ཚེ་དབང་རྣམ་རྒྱལ་ Tshewang Namgayསྐུ་གཟུགས་བཟང་པོ་་་ ལོག་འོང་ཡི? ཧེ་ཧེ་་་།Good morning..........Have you come back?
- དཔོན་ཆེ་ལ་ Penchelaའདི་ག་ཅི་སྨོ?What is this?
- ཚེ་དབང་རྣམ་རྒྱལ་ Tshewang Namgayཨ་ནཱི་མཇུག་སྒྲོ་བཀལཝ་ད་ལུ་དགོ་ ལྕགས་སྐུད་བསྡམ་པ་ཅིན་མི་བདེ་བས།Its for making tail, if we tie with iron wire is not good.
- ཨོ་རྒྱན་ Ugyenདུང་བཟོཝ་ད་དུས་ཡུན་ལེ་ཤ་འགོར་འོང་ག?Does it take long to make trumpet?
- ཚེ་དབང་རྣམ་རྒྱལ་ Tshewang Namgayབཟོ་རང་བཟོ་དགོ་པས།Yes it should be made.
- ཚེ་དབང་རྣམ་རྒྱལ་ Tshewang Namgayའགོར་མས་ འགོར་མས་ལཱ་འབདཝ་ད་འདི།Yes, when we work its definate to take time.
- ཚེ་དབང་རྣམ་རྒྱལ་ Tshewang Namgayཁ་ཅུང་ཟེར་སླབ་ཨིན་འནི་འདི་ཕུག་ནི་དོན་ལུ་ཨིན།Its call Kha Chure, made for blowing.
- དཔོན་ཆེ་ལ་ Penchelaཚོ་(མཐུད་མཚམས་)བཟོ་ནི་གི་ཨིན་ན?Is it for making TSHO or holder put on joins.
- ཚེ་དབང་རྣམ་རྒྱལ་ Tshewang Namgayཚོ་ཨིན་ལགས།Yes its Tsho.