Skip to main content Skip to search
01 Sep 2018
51 min 54 sec
Video Overview
Creators: 
Penchela

༉  ཁུ་ཀུ་རི་འདི་ ལྷོ་མཚམས་པའི་ཕོ་རྒྱ་ཚུ་ལུ་མཁོ་ཆེ་བའི་ཅ་ཆས་ཅིག་ཨིན་རུང་ ད་རེས་ནངས་པར་ ང་བཅས་ར་འབྲུག་ལུགས་ཀྱི་དཔའ་རྟགས་གཞན་ཚུ་གིས་དབང་སྟེ་ ཁུ་ཀུ་རི་འདི་གནམ་མེད་ས་མེད་ཅིག་ལག་ལེན་འཐབ་སྲོལ་མིན་འདུག ཁུ་ཀུ་རི་འདི་ མཚོན་ཆ་གཞན་དང་མ་འདྲཝ་ཅིག་ཡོདཔ་ད་ དེ་ཡང་ ཧིན་དྷུ་གི་ལྷ་མོ་དྷུར་ག་གི་ཕྱག་མཚན་ཨིནམ་སྦེ་བཤདཔ་ཨིན་མས། ཧེ་མ་འབད་བ་ཅིན་ཕམ་ཚུ་གིས་ ནུབ་མོ་ཉལ་བའི་སྐབས་ གཉིད་ལམ་ལེགས་ཤོམ་མཐོང་ནི་དང་ འདྲེ་གདོན་ཚུ་གི་ཁ་གནོན་བཟུམ་ཅིག་སྦེ་ ཁུ་ཀུ་རི་དང་དཔའ་རྟགས་ཚུ་ཧང་གི་འོག་ལུ་བཙུགས་ཏེ་ཉལཝ་ཨིན་མས། ཁུ་ཀུ་རི་གི་བཟོ་རྣམ་འདི་མ་འདྲཝ་ཅིག་ཡོད་པའི་གུ་ལུ་ ད་རེས་ནངས་པ་འདི་ བཟོ་ལེགས་ཤོམ་མཐོང་ནི་དང་གོང་ཚད་ལེགས་ཤོམ་འཐོབ་ནི་གི་དོན་ལས་བསྒྱུར་བཅོས་འབད་དེ་ ཁུ་ཀུ་རི་གི་མགུ་ཏོ་ཁར་ ཨོཾ་རྟགས་བཟོ་དོ་ཡོདཔ་མས།

The Kho Karee knife is an important traditional tool for the southern Bhutanese people. It is a semi-curved metal knife that is regarded as the symbol of the Hindu Goddess Durga. In the past, parent used to keep a Kho Karee knife under their pillow while sleeping, to bring good dreams and make sure no one felt scared in the dark. Today the Kho Karee knife is modified for good looks and to fetch higher prices.

Transcript search
No results found for this search
0 of 0
  • དཔོན་ཆེ་ལ་
    Penchela: ཧེ་མ་འདི་ ག་དེ་སྦེ་རྡརཝ་སྨོ་ཨ་ནཱི? How you sharpen in past?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ཧེ་མ་འདི་ རྡོ་ཁར་སྦེ་རྡར་དགོ་ གསེག་རྡར་འདི་ ཁྲོམ་ཁར་ལུ་ཡང་ དེ་སྦེ་མི་ཐོབ་ང་བཅས་ར་གིས་ བཟོ་དགོ་ ད་འཕྲུལ་ཆས་ཡོད་ནི་དེ་གིས་འཇམ་མས། In the past we have to sharpen on stone. The file are also not avaible in market, we have to make it on our own. Its easy now a days with mechine.
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: འ་ནཱི་ཁུ་ཀུ་རི་འདི་ ང་བཅས་ཀྱི་ ཧེ་མ་གི་སྲོལ་ཨིན། This KHO KAREE are our old tradition.
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ཧེ་མ་འདི་ ཁུ་ཀུ་རི་རང་བཟོ་དགོ་ ད་འགོར་ལས་སྦེ་ དཔའ་རྟགས་འདི་ དར་ཁྱབ་འགྱོ་དོ་ ཁུ་ཀུ་རི་འདི་ རང་སོའི་ཁྱིམ་ནང་རེ་རེ་བཞག་དགོ། In the past we make only KHO KAREE, but slowly knife domanited it.. One must keep a Kho KAREE at home.
  • དཔོན་ཆེ་ལ་
    Penchela: ཁུ་ཀུ་རི་བཟོཝ་ད་ ཨོཾ་བཟོ་མི་འདི་ ག་ཅི་སྦེ་སྨོ? Why we have to make OM sign on KHO KAREE?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ཨོཾ་ཡོད་ང་བཏན་གེ་ ཨོཾ་མ་བཟོ་བ་ཅིན་ ཁུ་ཀུ་རི་བཟུམ་མི་ཐོང་ ལེགས་ཤོམ་མི་མཐོང་། Yes there is sign of OM. If its not made, it does not look good.
  • དཔོན་ཆེ་ལ་
    Penchela: དོན་དག་ག་ཅི་ཡོད? Does it have meanings why you make OM?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: དོན་དག་ཡོད་ ཨོཾ་འདི་འ་ནཱི་ཨིན་ འདི་ལུ་ང་བཅས་ཀྱིས་ ཀཝ་རི་ཟེར་སླབ་ཨིན། འདི་མེད་པ་ཅིན་མི་འཇའ་ དེ་ལས་ ཧེ་མ་གི་རྒས་ཤོས་ཚུ་གིས་ ཁུ་ཀུ་རི་འདི་ཧང་གི་འོག་ལུ་ བཙུགས་བཞག་སྟེ་ཉལཝ་ཨིན་ལོ། འདི་མ་བཟོ་བ་ཅིན་ ཁུ་ཀུ་རི་གི་ཕན་མི་ཐོགས་ལོ། འདི་ཡོད་པ་ཅིན་ གཉིད་ལམ་ཡང་ལེགས་ཤོམ་མཐོང་ལོ། ཕྱི་རུ་ཉལཝ་ད་ཤུབས་ནང་ལས་ ཕྱི་ཁར་ཨ་ཙི་ཅིག་བཏོན་ཏེ་ཉལ་བ་ཅིན་ གཉིད་ལམ་ཡང་ལེགས་ཤོམ་མཐོང་ལོ་ འདི་ཁོང་ར་གི་དད་པ་ཅིག་འོང་ ང་བཅས་ཀྱིས་ རྟགས་འདི་ལུ་ ཀཝ་རི་ཟེར་སླབ་ཨིན། Yes it do have meaning. Its call KAU REE, it does not look good with out it. Our parents use to keep it in our pillow, if it not made it have no use of keeping it in pillow. So if we just take it out little and sleep, it brings good dream. The sign like OM is call KAU REE.
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ཀཝ་རི་བཟུམ་སྦེ་ མ་འདྲཝ་ཁག་གསུམ་མཟོ་ནི་ཡོད། འདི་ལྕགས་བཏོག་མི་གིས་སྦེ་བཟོཝ་ཨིན་ འདི་ཟུར་གཉིས་ཆ་ར་ན་འོང་ ད་རེས་ནངས་པ་ མི་ཚུ་གིས་ དུས་ཚོད་ཐོབ་པ་ཅིན་ ཁྲ་ལེ་ཤ་ཅིག་ར་བཟོ་ནི་འདུག་ དེ་སྦེ་བཟོ་ཚུགས་པ་ཅིན་རིན་གོང་ཡང་ ལེགས་ཤེམ་ཐོབ་པས་ ལཱ་འདི་ཡང་ དཔེ་ཆ་ལྷབ་དོ་བཟུམ་སྦེ་ ལཱ་འབད་ཡི་རང་ཤེས་ཚུགས་པས། Like KAU REE we have to make pattern here, with iron cutter we make three line pattern in both side. Now a days people make pattern here too, it looks good and fatch good price. its just like studying we can learn through working.
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: གྱི་ཅུ་གི་ཤུགས་གཅིག་གི་ན་ལུ་ འ་ནཱི་སྦེ་འོང་བ་ལགས་ ཚར་གཅིག་ལྟ་ཤིག་ ཨ་ནཱི་ཤུབས་སྟུག་པག་པ་བཞག་མི་འདི་ ཧེ་མ་གི་བཟོ་བཀོད་དེ་སྦེ་ཡོད་ འ་ནཱི་འདི་ཁུ་ཀུ་རི་ཨིན་ དེ་ལས་ ཨ་ནཱ་གྱི་ཅུ་གཅིག་འོང་ ཆུང་ཀུ་ག་ཅི་གུ་ཅི་བཏོག་ནི་ དེ་ལས་ གཅིགཔོ་འདི་ཅག་མ་ཟེར་འོང་ འདི་ཧེ་མ་ཚལ་མ་ནང་འགྱོཝ་ད་དང་ཁྱིམ་ནང་ མེ་ཀྲེ་མེད་ལོ་ དེ་བསྒང་ཅག་མ་གི་ལཱ་འདུག་ རྡོ་དཀརཔོ་འདི་དང་ཁ་འཐབ་ད་མེ་འབར་འོང་ ཆརཔ་རྐྱབ་རུང་རྐྱབ་ འདི་གིས་མེ་འབར་བཏུབ་ འདི་ཡང་གཅིག་ཁར་འབགཔ་ཨིན། འདི་ད་ལྟོ་ཡང་ ཕམ་རྒན་ཤོས་ཚུ་གིས་ ལག་ལེན་འཐབ་མས་ དེ་སྦེ་བཟོ་བ་ཅིན་གོང་ཚད་ཡང་ མཐོ་དྲགས་སྦེ་ གཅིག་ལུ་སྟོང་ཕྲག་ ༢༥ དེ་ཅིག་ཡང་ཐོབ་ ཨིན་རུང་གཞན་ཁར་འདི་ ལྟོང་ཕྲག་ ༥ དང་ ༣ གྱི་བར་ན་ཡང་སླབ་མས། In set there will be small knife and a pice of iron. Its call CHAG MA its used foe making fire while going in froset and at home. When this iron pice and white stone are rubed, it produce fire. Its still in use by some old people, If we make in set we can fatch good price at the range of twenty five hundred but in other places it cost five thousand to three thousand.
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: འ་ནཱི་ལྕགས་དེ་ཁར་ཟུར་གཉིས་ཆ་རའི་ན་ལས་དོང་བཏོན་དགོ་ དེ་ལས་ ཆག་ནི་འབདཝ་ད་ ལྕགས་གཅིག་ཡོད་ འདི་ཁར་བཞག་སྟེ་མཟོ་དགོ་ འཕྲལ་འཕྲལ་འདི་བཟོཝ་ད་ ཆག་འགྱོཝ་མས་ གྱི་བཟོ་མི་ལུ་ཡང་ ལེགས་ཤོམ་མེན་ཟེར་སླབ་སྲོལ་འདུག་ ཅ་ལ་རང་ར་ས་གི་ ལག་ཆ་རང་ར་ས་བཟོ་དགོ་ འདི་མིན་ལཱ་ཐོག་ལུས་འོང་། This pice of iron have to make hole from both side, when its going to get through we have to have to keep on other pice and take it out. Sometime it brake but its said that its not good for maker. Every pice have its own work.
  • ཇིཏ་བ་དུར་བི་ཤུ་བ་ མ་ཤེས་ནམ་འོང་ག།
    Jit Bdr Bishuwa: ནམ་འོང་དོ་ཨ་ཞིམ? When will she come?(sister) I do;t know when she will come.
  • དཔོན་ཆེ་ལ་
    Penchela: ཁུ་ཀུ་རི་ལྷ་མ་པ་ག་དེམ་ཅི་ཡོད་? How many types of KHO KAREE are there?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: འདི་ལུ་༼བུ་དེ་ནི་༽ དེ་ལས་འདི་༼ཤིར་པ་ཏེ༽། འདི་རའི་དང་སུབ་བྷ་གིས་ ལག་ལེན་འཐབ་ཨིན། ལྟག་ཀོ་བཏོག་ནི་ ཧ་ཧ་ཧ་ཧ་་་། འདི་༼ཤིར་པ་ཏེ༽་ཨིན། མི་གིས་སླབ་མས་ ཁྲག་ཡར་ལས་འོངམ་ད་ ལགཔ་ཁར་མ་ཕོག་ནི་གི་དོན་ལུ་ཨིན་ཟེར་སླབ་ནི་འདུག་ དེ་འབདཝ་ད་འདི་མི་བདེན་ ཤིར་པ་ཏེ་འདི་རིངམོ་སྦེ་འོང་ དེ་བསྒང་འབད་བ་ཅིན་མ་ཧེ་བསད་ནི་གི་དོན་ལུ་ལག་ལེན་འཐབ་དོ་མས་ དེ་འབདཝ་ད་ ད་རེས་ནངས་པ་བསད་ནི་མིན་འདུག། This is (Bodu nee) and its (Sher Patay). Its used more by rai and subba. Used for cutting neck hahahaha..(Speaker laughs) People says this cut is to hold blood when it flows down but it not true. Sher patay is long and used for cutting buffalo but now they don't.
  • དཔོན་ཆེ་ལ་
    Penchela: ངར་འདི་རྐྱབ་ད་ཆུ་རྐྱངམ་གཅིག་ར་ཨིན་ན? Is that only water?
  • ཇིཏ་བ་དུར་བི་ཤུ་བ་ Jit Bdr Bishuwa
    ངར་འདི་ཆུ་རྐྱངམ་གཅིག་ཨིན་ མེ་ལེགས་ཤོམ་སྦེ་བཏང་དགོ་ མེ་དྲག་རུང་ཆག་འགྱོཝ་མས་ དེ་ལས་ མེ་ཀྲིག་ཀྲི་ཅིག་བཏང་པ་ཅིན་ལེགས་ཤོམ་སྦེ་འགྱོཝ་མས་ ང་གིས་ཡང་འཕྲལ་ཁམས་ཅིག་ཁར་ཤེས་ཅི།
    Its only water, we have to heat well. It have its own heating capacity, if we heat more it brakes but if its in normal it became good. I olny knew recently.
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ག་འདི་བཟོ་ནི་ད? which one to finish?
  • དཔོན་ཆེ་ལ་
    Penchela: གཉིས་ཆ་རང་རྫོགས་དགོ? Have to finish both.
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ངར་བླུག་དགོ་སྨོ་ཤིག? Have to put water rite?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ཧེ་མ་འདི་ དེ་སྦེ་རྡར་དགོཔ་ལས་ ལཱ་ཁག་ཡོད་ ག་ཅི་སྦེ་ཟེར་བ་ཅིན་ གསེག་རྡར་ཡང་ དེ་སྦེ་མས་ རང་གིས་རང་བཟོ་དགོ་པས་ ད་འདི་འཇམ་ཏོང་ཏོ་སྦེ་ ཁྲོམ་ཁར་ལས་ཐོབ་ཚུགས་པས། In the past we have to sharp like this, its so hard and we have to make our own files. But now everything is avaible and easy.
  • དཔོན་ཆེ་ལ་
    Penchela: འ་ནཱི་ཤིང་འདི་ལུ་ག་ཅི་སླབ་སྨོ? What is this wood call?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ང་གིས་ དབང་འདུས་ལས་ལྷབ་ཅི་ རོགས་ཀྱིས་རྡར་ལཱ་གི་ཅ་ཆས་ཟེར་སླབ་མས། I learned it from Wangdue, they call it sharpening holder.
  • དཔོན་ཆེ་ལ་
    Penchela: དཔའ་རྟགས་འདི་བཙོང་ནི་སྨོ་རོགས་ཀྱི་མཁོ་མངག་སྨོ? Do you want to sell or its an order?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: འདི་རོགས་ཀྱིས་མཁོ་མངག་འབད་འབདཝ་ཨིན་བཟོ་ད་ལེགས་ཤོམ་སྦེ་བཟོ་དགོ། Its ordered by other. Have to make it good, not in hurry.
  • དཔོན་ཆེ་ལ་
    Penchela: ལྕགས་བཟོ་རྐྱབ་མི་དང་ ཟངས་ དེ་ལས་ གསེར་བཟོ་རྐྱབ་མི་ལུ་མིང་ཡོད་ག? Iron worker, bronze and gold workers, do they have particular name?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ལགས? pardon.
  • དཔོན་ཆེ་ལ་
    Penchela: ལྕགས་བཟོ་རྐྱབ་མི་དང་ ཟངས་ དེ་ལས་ གསེར་བཟོ་རྐྱབ་མི་ལུ་མིང་ཡོད་ག? Iron worker, bronze and gold workers, do they have particular name?
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ཟངས་ཀྱི་ལཱ་འབད་མི་ལུ་ཏཱ་བེ་དང་ གསེར་ལཱ་འབད་མི་ལུ་སུ་ན་རེ་ དེ་ལས་ ལྕགས་བཟོ་རྐྱབ་མི་ཀ་མི་ ང་བཅས་བཟུམ་ལུ་ ལྕགས་ལཱ་འབད་མི་ཟེར་ཡང་སླབ་ཨིན། ལཱ་འདི་ག་གིས་ཡང་འབད་བཏུབ་ དེ་བཟུམ་སྦེ་ ལཱ་དང་འཁྲིལ་ཏེ་ མིང་བཞག་སྟེ་ མར་ཕབ་རྐྱབ་ནི་འདི་ ཨ་ཙི་ཅིག་མི་རུང་པས་ ང་བཅས་མི་གིས་འཛོལ་བ་ཨིན་མས། Bronzer worker are called TABAY, gold worker are SUNARAY and iron worker are PHALAMAY. The bharman call us KAMY(Blacksmith) because they look us down, but anyone can work on it. But people calling its name by ones work is our people's mistake.
  • དཔོན་ཆེ་ལ་
    Penchela: ད་འདི་འཇམ་མས་སྨོ་ཤིག་འཕྲུལ་ཆས་ལས་བརྟེན? Now became easy with machines rite.
  • ཇིཏ་བ་དུར་བི་ཤུ་བ་
    Jit Bdr Bishuwa: ད་འདི་འཇམ་མས་ལགས། འདི་གི་ཡང་བཟོ་དགོ་ཡ? Yes it is, Have to finish with this too.