Video Overview
Chimi Wangmo from Kuengarabten village in Trongsa district sings an archery song. It was performed when the second king was at the village and the women had to dance Logopae for 5 to 6 days. This song is rarely heard nowadays because the archery song has changed. The song is performed by women to cheer on the archers during a match.
༉ ང་བཅས་ར་ སྔོན་དང་ཕུ་ལས་ར་ཡོད་པའི་ལམ་སྲོལ་བཟངམོ་ལེ་ཤ་ཅིག་ཡོད་པའི་གྲལ་ལས་ ཕྱོགས་མདའ་རྐྱབ་པའི་སྐབས་ལུ་མདའ་ཁ་ལོག་ནི་གི་ལུགས་སྲོལ་ཅིག་འདུག དེ་སྦེ་མདའ་ཁ་ལོག་དགོ་པའི་ཁུངས་དེ་ཡང་ རང་ཕྱོགས་དང་གཞན་ཕྱོགས་ཟེར་ ཁག་སོ་སོ་སྦེ་ཕྱེས་ཞིནམ་ལས་ རང་ཕྱོགས་ཀྱི་མདའ་རྐྱབ་པའི་སྐབས་ལུ་ཧན་པའི་ཚིག་གིས་ཞབས་ཁྲ་གདངས་དབྱངས་དང་བཅསཔ་སྦེ་བསྟོདཔ་རྐྱབ་ནི་དང་ གཞན་ཕྱོགས་ཀྱི་མདའ་རྐྱབ་པའི་སྐབས་ལུ་མ་ཧན་པའི་ཚིག་ཚུ་སླབ་སྟེ་ ཕི་ཧོངས་མའི་མདའ་ཁ་དཀྲོགས་ཏེ་ མདའི་རྒྱལ་ཁ་ཐོབ་པའི་ཐབས་ཤེས་ཅིག་ཨིནམ་ད་ ཀྲོང་གསར་ཀུན་དགའ་རབ་བརྟན་ལས་འཆི་མེད་དབང་མོ་གིས་ མདའ་ཁ་ལོགས་པའི་སྐབས་ལུ་ལེའུ་འཁྲབ་ཐངས་ཀྱི་དཔེ་དང་སྦྲགས་ཏེ་སྦེ་སྟོན་ཏེ་འདུག
- འཆི་མེད་དབང་མོ། Chimi Wangmoསྔོན་མ་འབྲུག་རྒྱལ་གཉིས་པ་ནཱ་བཞུགས་པའི་སྐབས་སུ་ལུ་ ཏེ་ སློག་དགོ་པས་རྐྱབ་དགོ་ལགས་ ཨཱ་་ད་ལོ་གསར་སྐབས་ལུ་ ཉིནམ་ལྔ་ལྔ་དྲུག་དྲུག་ འ་ནེ་སྦེ་རྐྱབ་ནི་ཡོད་ལགས།
- འཆི་མེད་དབང་མོ། Chimi Wangmoདེ་འབདཝ་ད་ ཏེ་ ལོགས་གཅིག་ཁར་ འཐག་མ་ཨིན་ལགས། འཐགམ་འདི་ཚུ་ ཏེ་ ལོགས་གཅིག་ཁར་ང་བཅས་མི་གནགཔོ་འདི་ཚུ། འ་ནེ་སྦེ་རྐྱབ་མས་ལགས།
- འཆི་མེད་དབང་མོ། Chimi Wangmoང་བཅས་འདི་ འ་ནེམ་ཆུང་ཀུ་ལ་ཨིན་པས་ལགས་ དེ་བསྒང་འདི། དེ་བསྒང་འདི་ང་བཅས་ ཨ་ནེམ་རེ་ལྷགཔ་མ་འགྱོ་བས།
- འཆི་མེད་དབང་མོ། Chimi Wangmoཏེ་ ལོགས་གཅིག་ཁར་མི་གནགཔོ་ ལོགས་གཅིག་ཁར་འཐགམ་སྦེ་ འ་ནེ་སྦེ་རྐྱབ་མས། ཏེ་ འ་ནེ་སྦེ་རྐྱབ་ད་ ཏེ་ སྔོན་མ་ཞུ་དགོ
- འཆི་མེད་དབང་མོ། Chimi Wangmoམཐོ་སྟེ་གནམ་ལས་ཐལ་མ་བཅུག །དམའ་སྟེ་ས་ཁར་ལུས་མ་བཅུག །མདའ་བར་རླུང་གིས་གཡབ་མ་བཅུག །མདའ་ལྕགས་རྡོ་ལུ་བསྒྲལ་མ་བཅུག ཟེར་སྔོན་མ་ཞུ་དགོ་སྦ།
- འཆི་མེད་དབང་མོ། Chimi Wangmoདེ་ལས་སློག་དགོ་པས། སློག་དགོ་པས་འབདཝ་ད་ དེ་ལས་ ཏེ་ མི་༼གི༽བཟོ་དང་བསྟུན་ཏེ་གིས་ ཚིག་སླབ་དགོ
- འཆི་མེད་དབང་མོ། Chimi Wangmoཏེ་ གནགཔོ་ མི་གནག་ཏང་ཏ་ཨིན་པ་ཅིན་ དགུང་ཞག་ལོ་དགུ་རྐྱབ་རུང་། གཟུགས་ལས་དྲེག་པ་མ་ཡལ་བས། ཟེར་སླབ་དགོ
- འཆི་མེད་དབང་མོ། Chimi Wangmoདེ་ལས་ ད་རུང་ ད་རུང་ཡང་ གནག་ཏང་ཏ་ཡོད་པ་ཅིན་ ད་རུང་ ཁྲི་གདུགས་སྤུན་དགུ་ཤར་རུང་། ཏེ་ མགུ་ཏོ་སྐྱ་དཀརཔོ་འོང་མས་མེན་ན? འ་ནཱི་ ཁྲི་གདུགས་སྤུན་དགུ་ཤར་རུང་། མགུ་ལས་བ་མོ་མ་ཡལ་བས། ཟེར་འ་ནེ་སྦེ་སླབ་དགོ
- སྐད་འཐེན་ཏེ་ སླབ་ད་ཨ་ཞེམོ་དབའི་ སྐད་འཐེན་ཏེ་བཙུགས་ད་ སྐད་འཐེན་ཏེ་ སྐད་འཐེན་ཏེ་དྲག་ནི་མས།
- འཆི་མེད་དབང་མོ། Chimi Wangmoཡ་ཡ།
- སྐད་འཐེན་ད་ སྐད་འཐེན་ཏེ་དྲག་ནི་མས་ སྐད་འཐེན་ད་ཁྱོད་ར།
- འཆི་མེད་དབང་མོ། Chimi Wangmoདགུང་ཁྲི་གདུགས་བལྟ་རུང་འགྱོ་རན་དོ། ཆུ་ཟམ་པ་བལྟ་རུང་ལ་བརྒལ་རན་དོ། །མདའ་བར་རླུང་གིས་གཡབ་མ་བཅུག མདའ་ལྕགས་རྡོ་ལུ་ལ་བསྒྲལ་མ་བཅུག ཟེར་དེ་ལས་ སློག་དགོ་པས་རྐྱབ་དགོ་ལགས།
- འཆི་མེད་དབང་མོ། Chimi Wangmoསློག་དགོ་པས་སློག་དགོ་པས། ཤ་གནག་ཐལ་དཀར་མདའ་མི་ཕོག ཕོག་རུང་འབའ་མའི་ཕྱི་ལས་ཨིན། ཟེར་མདའ་ལྕགས་རྡོ་ལུ་བསྒྲལ་བཅུག་ཅིག མདའ་བར་རླུག་གིས་གཡབ་བཅུག་ཅིག ཟེར་འ་ནེ་སྦེ་སླབ་དགོ་ལགས།
- འཆི་མེད་དབང་མོ། Chimi Wangmoམཐོ་སྟེ་གནམ་ལུ་ཐལ་མ་བཅུག དམའ་སྟེ་ས་ཁར་ལ་ལུས་མ་བཅུག མདའ་བར་རླུང་གིས་གཡབ་མ་བཅུག མདའ་ལྕགས་རྡོ་ལུ་ལ་བསྒྲལ་མ་བཅུག
- འཆི་མེད་དབང་མོ། Chimi Wangmoསློག་དགོ་པས་སློག་དགོ་པས། ང་བཅས་སླབན་ག་སླབ་ཨིན། ང་བཅས་ཟེརན་ག་ཟེར་ཨིན། ཁྱོད་ཀྱིས་ཕར་ལུ་མདའ་མི་ཕོག ཕོག་རུང་འབའ་མའི་ཕྱི་ལས་ཨིན། ཟེར་འ་ནེ་སྦེ་སླབ་དགོ་ལགས།
- འཆི་མེད་དབང་མོ། Chimi Wangmoའ་ནེ་སྦེ་ཨིན་ལགས།
- འཆི་མེད་དབང་མོ། Chimi Wangmoདགའཝ་སེར་ཤོག་སྤང་གི་བོད་ཁ་(སྦུག་ན་??)ལས། སྐྱེས་པའི་མདའ་ཁ་ལ་གཟིགས་པར་བྱོན། དུས་ཨ་རྟག་མི་དགོ་ཞུ་ནི་མེད། ད་རིས་དགོ་པ་ལ་ཁག་ཆེ་བས། །
- འཆི་མེད་དབང་མོ། Chimi Wangmoསློག་དགོ་པས་སློག་དགོ་པས་ ཤར་གྱི་་་ཤར་གྱི་གླང་ཅུང་གོ་ལེགས་འདི། ཤ་ཁུ་་་གླང་ཅུང་གུ་་་་གླང་ཅུང་རྦབ་ཏོ་རིལ་རུང་དབའི། ཤ་ཁུ་སྒལ་པར་མི་རེག་པས། ཁྱོད་ཀྱིས་ཕར་ལུ་མདའ་མི་ཕོག ཟེར་སླབ་དགོ་ལགས།
- འཆི་མེད་དབང་མོ། Chimi Wangmoདབང་ཕྱུག་དཔོན་པོའི་ཕྱག་མདའ་འདི། མཐོ་སྟེ་གནམ་ལས་ལ་ཐལ་མ་བཅུག དམའ་སྟེ་ས་ཁར་ལུས་མ་བཅུག མདའ་བར་རླུང་གིས་ལ་གཡབ་མ་བཅུག
- འཆི་མེད་དབང་མོ། Chimi Wangmoསློག་དགོ་པས་སློག་དགོ་པས། དགུང་ཞག་ཉིནམ་དགུ་རྐྱབ་རུང་དབའི། གཟུགས་ལས་དྲེག་པ་མ་ཡལ་བས། ཁྱོད་ཀྱིས་ཕར་ལུ་མདའ་མི་ཕོག ཕོག་རུང་འབའ་མའི་ཕྱི་ལས་ཨིན། ཟེར་་་འ་ནེ་སྦེ་སླབ་དགོ་ལགས།
- འཆི་མེད་དབང་མོ། Chimi Wangmoཞུཝ་ད་ལུ་འ་ནེ་སྦེ་ ཞུ་ནི་ཨིན་ལགས། འ་ནེ་སྦེ་ འ་ནེ་སྦེ་ཞུ་ནི་ཨིན་ལགས་ཞུཝ་ད་ ཏེ་སློག་དགོ་པས་འབདཝ་ད་ ཏེ་ ཀྲིག་ཀྲི་འ་ནེ་སྦེ་ འབད་དགོ་ལགས་འ་ནེ་སྦེ་ རྐངམ་འདི་འ་ནེ་སྦེ།
- འཆི་མེད་དབང་མོ། Chimi Wangmoའ་ནེ་སྦེ་ འ་ནེ་སྦེ་མ་འབད་བ་ཅིན་ འ་ནེ་སྦེ་འ་ནེ་སྦེ་ འ་ནེ་སྦེ་ ཨུབ་རྒྱབ་ཁར་བཙིར་སྦེ་ འ་ནེ་སྦེ་འགྱོ་དགོ་པས་སྦ། ཏེ་ རྐངམ་འདི་འ་ནེ་སྦེ་རང་འབད་དགོ་ལགས་ འ་ནེ་སྦེ་ འ་ནེ་སྦེ་འབད་དགོ་ལགས་རྐངམ་ བཀབ་ནེ་དང་སྦྲགས་ཏེ་གིས་ འ་ནེ་སྦེ་འབད་དགོ་ལགས་ སློག་དགོ་པས་འབདཝ་ད།
- འཆི་མེད་དབང་མོ། Chimi Wangmoབཏུབ་པས་ཡ་ལགས? ལགས་སོ།